འབྱུང་བ་ཆུ་ལ་སཙྪ་འདེབས་པའི་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-12 23:21:36     རྩོམ་པ་པོ།   དྷརྨ་བཛྲ།    ཀློག་ཐེངས།  

འབྱུང་བ་ཆུ་ལ་སཙྪ་བཏབ་པའི་ཚུལ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུར་གྱུར། ཆུ་ལ། བཛྲ་ཨམྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ཡིག་ཡོངས་སུ་གྱུར་པ་ལས། ཆུ་རླན་ཞིང་གཤེར་བ་དྭངས་ཤིང་བསིལ་བ་

ཡེ་ཤེས་བཞིའི་ངོ་བོ་རིན་པོ་ཆེའི་རང་བཞིན་ཅན་ལས་རྡོ་རྗེའི་རིགས་ཀྱི་མཆོད་རྟེན་དཀར་པོ་དཔག་ཏུ་མེད་པ་འབྱུང་བར་གྱུར། ཨོཾ་ཡེ་དྷརྨ་དང་། ཨོཾ་བྷྲུཾ་སྭཱ་ཧཱ། ཡིག་དྲུག་སོགས་གང་འདོད་བཟླས་བཞིན་དུ་འབབ་ཆུ་ཆུ་མིག་སྣོད་དུ་བསྐྱིལ་བའི་ཆུ་སོགས་ལ་ས་རྐོང་གིས་གང་འགྲུབ་བཏབ། མཇུག་ཏུ། རྡོ་རྗེའི་སཙྪ་བཞེངས་པའི་མཐུས། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། །བདག་ཅག་ཚེ་རིང་ནད་མེད་ཅིང་། །སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཅེས་དགེ་བ་བསྔོ། འདི་ཡང་༧དྷརྨ་བཛྲ་གྱིས་བྲིས།། །།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།