མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་སྒོ་ནས་ཁྲུས་ཆོག་བྱེད་ཚུལ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-02-04 16:36:46     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

    ༄༅། ། དེ་ལ་མ་གཅིག་གྲུབ་པའི་རྒྱལ་མོའི་ལྷ་གཅིག་བུམ་གཅིག་གི་སྒོ་ནས་རང་གཞན་གྱི་དོན་བྱ་བར་འདོད་པས།སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང་ནས། ཨོཾ་ཧྲཱིཿཥྚཱིཿ་ཝི་ཀྲི་ན་ན་ཧཱུཾ་ཕཊ། ཨོཾསྭ་བྷཱ་ཝ་ཤུད་དྷཱཿ་སརྦ་དྷརྨཿ་སྭ་བྷ་ཝ་ཤུད་དྷོ་ཧཾ། སྟོང་བ་ཉིད་དུ་གྱུར།      སྟོང་བའི་ངང་ལས་བཾ་ལས་པངྨ་དང་ཨཱ་ལས་ཟླ་བའི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿ་དམར་པོ་རང་ཆ་ཚག་དྲག་དང་བཅས་པ་ཡོངས་སུ་གྱུར་བ་ལས་རང་ཉིད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་་་་མདོག་དམར་བོ་ཞལ་གཅིག་ཕྱག་གཉིས་པ་མཉམ་བཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ།ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ།  མཚན་དཔེས་སྤྲོས་པའི་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཅན། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ།དེའི་སྤྱི་བོར་ཨོཾ།   མགྲིན་པར་ཨཱ།   ཐུགས་ཀར་ཧཱུཾ།  ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས།ནུབ་ཕྱོགས་བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾཿབཾ་ཧོཿ།   དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར།   སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས།དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས།  ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷིཥེཀ་ཏ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ།ཞེས་དབང་བསྐུར། ལུས་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རང་གི་བླ་མ་དང་དབྱེར་མེད་པའི་སྤྲུལ་སྐུ་ཚེ་དཔག་མེད་པའི་དབུ་བརྒྱན་པར་གྱུར།ཨ་པཱ་རི་མི་ཏ་ཨཱ་ཡུར་ཛྙ྄ན་ས་བ་རི་ཝ་ར་ཨརྒྷཾ། བཱ་དྱཾ།  བུཥྤེ།  དྷིབེ།  ཨཱ་ལོ་ཀེ། ནྡྷེནཻཝིདྱ།ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ།  བཅོམ་ལྡན་མགོན་པོ་ཚེ་དཔག་མེད༎སྡིག་པའི་དྲི་མ་ཕྱིར་བསལ་ནས༎  མཁའ་དང་མཉམ་པའི་སྐུ་མངའ་བ༎མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ༎ ཞེས་པས་བསྟོད་ནས།རིགས་བདག་ཚེ་དཔག་ཏུ་མེད་པའི་ཕྱག་མཚན་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་ནང་དུ་ཧྲཱིའི་མཐར་སྙིང་བོ་དངགཟུངས་རིང་གིས་བསྐོར་བ་ལས་འོད་་་ཟེར་འཕྲོས།   རང་གི་ཚེ་མི་མ་ཡིན་རྣམས་ཀྱིས་འཕྲོག་པ་དང་།བརྐུས་པ་དང་། ཡར་བ་ལ་སོགས་པ་རྣམས་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བསྡུས། སྔགས་ཕྲེང་ལ་ཐིམ། དེ་བཞིན་དུ་འབྱུང་བ་རྣམས་ཀྱི་བཅུད།སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་སྲིད་པ་གསུམ་གྱི་ཕུན་ཚོགས་ཐམས་ཅད་དང་། རྒྱལ་བ་སྲས་བཅས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས།  སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས།བུམ་པ་འཆི་མེད་བདུད་རྩིས་གང་བ་ལས་བདུད་རྩིའི་དཀར་ཆིལ་གྱིས་ལུད་ནས་རང་གི་སྤྱི་བོ་ཚངས་བུག་ནས་ཞུགས།  ལུས་ཐམས་ཅད་གང་།  དྲི་མ་ཐམས་ཅད་དག འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར།ཨོཾ་ཨཱ་མཱ་ར་ཎི་ཛཱི་ཝནྟི་ཡེསྭཧཱ།ཞེས་སྙིང་བོ་དང་གཟུངས་རིང་གི་བསྙན་པར་བྱའོ།དེ་ནས་ཡིག་བརྒྱ་དང་ཨརྒྷཾ་ནས་ཤབྟ་བར་མཆོད། བཅོམ་ལྡན་མགོན་པོ་**ཕྱག་འཚལ་ལོ༎ ཞེས་པས་བསྟོད།   དེ་ནས་བུམ་པ་སྒྲུབ་པ་ནི།ཤིན་ཏུ་བསྡུ་བར་འདོད་ན་གཟུངས་སྟོར་མི་དགོས།   ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྚ་ལེ་ཧ་ན་ཧ་ན་ཧཱུཾ་ཕཊ།  ཨོཾ་སྭ་བྷཱ་ཝ་ཤུད་དྷོཿསརྦ་དྷརྨཿསྭ་བྷ་ཝ་ཤུད་དྷོ་ཧཱཾ།  བུམ་པ་སྟོང་བ་ཉིད་དུ་གྱུར།   སྟོང་བའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་བོ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་་་གྱུར་བའི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས།ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས།  ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ།དེ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་བུམ་པའི་ཆུ་དང་རོ་གཅིག་གྱུར་བར་བསམས་ལ།      ཨཱ་མཱ་ར་ནི་*ཞེས་དང་ཡིག་བརྒྱ་རྣམས་ཅི་འགྲུབ་བཟློས་པའི་མཐར། ཟླ་བ་སྔགས་ཕྲེང་ཧཱུཾ་ཡིག་རྣམས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མི་བྱེད་པར་གྱུར།  དེ་ནས་མནྚལ་འབུལ་དུ་བཅུག ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།  སངས་རྒྱས་ཀྱི་ཞེས་པ་ནས་ཁྱད་པར་དུ་ཡང་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་།   བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས།    སྦྱིན་པའི་བདག་པོ་འདི་རྣམས་ཀྱི་ཚེ་ཡར་བ་དང་།  བླ་འཁྱམས་པ་དང་།  དབང་བོ་ཉམས་པ་ལ་སོགས་པ་ཐམས་ཅད་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འོད་ཟེར་གྱི་ནུས་མཐུས་བཀུགས་ནས་ཁྱེད་རང་རྣམས་ཀྱི་ཕུང་བོ་དང་།  ཁམས་དང་།   སྐྱེ་མཆེད་ངོ་བོ་ཡན་ལག་དབྱེར་མི་བྱེད་པར་གྱུར།    ཛཿཧཱུཾཿབཾ་ཧོཿ།   སྦྱིན་བདག་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་བོ།  མགྲིན་པར་ཨཱ་དམར་བོ།   ཐུགས་ཀར་ཧཱུཾ་སྔོན་པས་མཚན་པར་གྱུར།  ཆུ་བཟང་རིན་པོ་ཆེས་གློ་བུར་དུ་ཁྲུས་ཆོག་གཏོང་ན་བདག་བསྐྱེད་བུམ་སྒྲུབ་འདི་ཙམ་གྱིས་ཆོག་གསུངས་སོ༎༎

ཊཀི་ཧཱུཾ་ཛ། སངས་རྒྱས་ཀྱི་བདེན་པ་དང་།ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་།***བདེན་པ་ཆེན་པོས་བྱིན་གྱིས་རླབས་པ་ལ་བརྟེན་ནས་འདིར་མཆོད་སྦྱིན་ཡོན་གྱི་བདག་པོ་བླ་ཚེ་སྲོག་གསུམ་གཟའ་རྒྱལ་བོ་བཙན་མ་མོ་ཀླུ་ས་བདག་གཤིན་རྗེ་སྡེ་བརྒྱད་གདུག་རྩུབ་ཅན་གྱི་ནང་ནས་བླ་ཚེ་འཕྲོག་པ་རྐུས་པ་གཡར་བ་དོར་བ་འཁྱམས་པ་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐེངས་གཅིག་ཡུད་ཙམ་ལ་འདིར་མཆིས་ཤིང་།  སླར་ཡང་སློབ་མའི་ལུས་ངག་ཡིད་གསུམ་ལ་ཞི་ཞིང་གནས་པར་གྱུར།  ཛཿཧཱུཾཿབཾ་ཧོཿ།  ཨོཾ་བཛྲ་ཡཀྵ་ཧཱུཾ།  རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་*། ཧཱུཾ་ཡེ་ཤེས་བསྐལ་***།  ཧཱུཾཿཆོས་ཉིད་སྟོང་བ་***།  ཧཱུཾ་འཇིགས་པའི་ཧཱུཾ་སྒྲ་***།  ཡཀྵཧཱུཾ།  བགེགས་གྱི་***། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས།    སློབ་མ་ལ་བར་དུ་གཅོད་པར་བྱེད་པའི་ནད་གདོན་བགེགས་ཀྱི་ཚོགས་རྣམས་སྐད་ཅིག་གི་འདིར་བཀུག་པར་གྱུར།   ཨོཾ་སརྦ་བིག་ནཾ***།  ཨོཾ་སིམྦྷནི་***།   དབང་བསྐུར་***།  སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་***།  དགེ་འདུན་གྱི་***།  བདེན་པ་ཆེན་པོས་བྱིན་གྱིས་རླབས་པ་ལ་བརྟེན་ནས་འདིར་མཆོད་སྦྱིན་ཡོན་གྱི་བདག་པོ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐེངས་གཅིག་ཡུད་ཙམ་ལ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་བྱས་ལ་གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤངས་ལ་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་རང་རང་་སོ་སོའི་གནས་སུ་སོང་ཤིག  གལ་ཏེ་མི་འགྲོ་ན་***། ཐབ་བསྐྱེད་།  སློབ་མའི་རྐང་ཐིལ་གཉིས་སུ་***།  བཛྲ་ས་ཏྭ་ས་མ་ཡ་***།  ཁྲུས་གསོལ་། ཆུ་བོ་དྲུག་གིས་***།  འདོད་ཆགས་སྡང་ཞེ་གཏི་མུག་***།   ས་ནི་དུག་གི་***།  ཆོས་ཀྱི་འཁོར་ལོ་***།  འཕགས་པནམ་མཁའི་***། དུས་མིན་འཆི་བའི་མཚན་མ་མཐོང་བ་ན༎ དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ༎  གསལ་བར་མཐོང་ནས་འཆི་བདག་དཔལ་བཅོམ་ཏེ༎འཆི་མེད་རིགས་འཛིན་མྱུར་ཏུ་ཐོབ་པར་ཤོག།  ༎

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།