འཕགས་མ་གཙུག་ཏོར་དཀར་མོའི་བཟློག་བསྒྱུར་མི་མཐུན་གཡུལ་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-28 23:42:02     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 IMG_5296.JPG

༄༅། ། ན་མོ་གུ་རུ་བུད་ངྷ་སིད་ངྷ་ཡ། རྗེ་བཙུན་བླ་མ་འཕགས་མ་གདུགས་དཀར་མོའི། ། ཞབས་ཀྱི་པདྨོར་གུས་བས་ཕྱག་བྱས་ཏེ། ། དེ་ཡི་སྒོ་ནས་ནད་རིམས་གདོན་བགེགས་སོགས། ། མ་ལུས་བཟློག་པའི་རིམ་པ་བྲི་བར་བྱ། ། འདིར་རྗེ་བཙུན་གདུགས་དཀར་གྱི་བཟློག་བསྒྱུར་བྱེད་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ་གཏོར་མ་གཅིག་ལ་གདུགས་དཀར་མོའི་ཙ་ཀ་ལི་གདུགས་དང་བཅས་པ་འཛུགས། དེའི་མཐར་གཏོར་ཆུང་ཉེར་གཅིག་ཅི་མཛེས་སུ་བཤམས། སྒོས་ཀྱི་ཆོས་སྐྱོང་གི་གཏོར་མ་དང་གཞི་བདག་གཏོར་མ་དང་། གཞན་ཡང་སྦྱིན་བདག་ཕོ་མོའི་གླུད་གཟུགས་དུ་མ་དང་མི་ཟ་དགུ་ཟའི་གཏོར་མ་རྣམས་མ་ཚང་བ་མེད་པ་ལེགས་པར་བཤམས་ན་རབ། མ་འབྱོར་ན་ཆ་གསུམ་ཡང་ཆོག། དེའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་བཤམས་པར་བྱས་ལ། དེ་ནས་སྒྲུབ་པ་བོས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། སྭབྷཱ་ཝས་སྟོང་བར་སྦྱངས། སྟོང་བའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་གདོན་ཐམས་ཅད་ཉེ་བར་ཞི་བར་བྱས། སངས་རྒྱས་བྱང་སེམས་ཐམསཅད་ཀྱི་བྱིན་རླབས་རྣམས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་མ་གདུགས་དཀར་མོ་ཅན་སྐུ་མདོག་གངས་རིའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དཀར་ཞིང་ཞལ་གསུམ་གཡས་སྔོ་གཡོན་དམར་བ་ཕྱག་དྲུག་གི་དང་པོ་གཉིས་འཁོར་ལོ་དང་སྡིགས་མཛུབ། བར་བ་གཉིས་མདའ་དང་གཞུ། འོག་མ་གཉིས་ལྕགས་ཀྱུ་དང་རལ་གྲི་འཛིན་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན་ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་པ། ལྷ་རྫས་ཀྱི་རིན་པོ་ཆེ་དང་དར་གྱིས་ན་བཟའ་མཛེས་པར་བྱས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་གཡོན་རྒྱབ་གསུམ་དུ་པད་ཉི་རོའི་གདན་ལ་ཧཱུཾ་ལས་ལེགས་ལྡན་མཆེད་གསུམ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཁར་འཛིན་པའི་མཆན་ཁུང་ན་ཙན་དན་ཀྱི་བེང་ཆེན་བསྣམས་པ། སྐུ་ལ་དར་ནག་གི་འཇོལ་བེར་དང་། ཞབས་ལ་སག་ལྷམ་ནག་ཁྲ་གསོལ་བ། ཁྲོས་ཤིང་གཏུམ་པ་ཐོད་པ་སྐམ་རློན་གྱིས་བརྒྱན་ཅིང་། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གཡས་བསྐུམས་གཡོམ་བརྐྱངས་གི་སྟབས་ཀྱིས་བཞུགས་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་བར་ཨཱ་དམར་པོ། ཐུགས་ཁར་ཧཱུཾ་སྔོན་པོས་མཚན་པར་གྱུར། ༈དེ་བཞིན་གཤེགས་བའི་དམ་བཅའ་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཏྦྷ་ཝ་ཡེ་སྭཱཧཱ། ཞེས་བརྗོད་ཅིང་། ཐུགས་པ། སྨིན་འཚམས། མགྲིན་པ། དཔུང་མགོ་གཉིས་སུ་རེག་ལ་བྱིན་ གྱིས་བརླབས་པའོ། ། དེ་ནས་མཆོད་པ་བྱིན་གྱིས་རླབས་པ་ནི། ཨ་མྲ་ཏས་བསང་། སཱ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷནས་ཤཔྟའི་པར་གྱིས་མཆོད། ༀ་སརྦ་ཏ་ཐཱ་ག་ཏཱ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲི་ཤྲི་མ་ཧཱ་ཀཱ་ལ་སརྦ་ངྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ཨརྒཾ་ྷཔྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། པཱདྱ་ནས་ཤཔྟའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། ། ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། ། གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། ། ཡོངས་སུ་གྲགས་པའི་དེ་ལ་ཕྱགས་འཚལ་ལོ། ། སྲིན་པོ་གཟུགས་ཀྱིས་གདུགས་པ་ཅན། ། ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། ། གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། ། གཏུམ་མོ་རྣམས་ལ་བདག་བསྟོད་དོ། ། ཅེས་པས་བསྟོད། དེ་ནས། བཟླས་པ་ནི། ༀ་སརྦཏ་ཐཱ་ག་ཏཱ་ཨུ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱཧཱ། ལེགས་ལྡན་རྣམས་ལ། ༀ་མ་ཧཱ་ཀཱལ་དུ་ཏྲི་བྷྱོཿཧཱུཾ་ཕཊ། ༀ་མཧཱ་ཀཱ་ལ་ཤྲི་ནི་ཧཱུཾ་ཕཊ། ༀ་མ་ཧཱ་ཀཱ་ལ་དུཥྚཾ་ཧཱུཾ་ཕཊ། ཅེས་དམིགས་པ་དང་བཅས་པས་བཟླས། ཡི་གེ་བརྒྱ་བས༌ལྷག་ཆད་ཁ་བསྐང་། དེ་ནས་མདུན་བསྐྱེད་ནི། ཨམྲ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་བཾ་ལས་པདྨ་དང་ཨཱ་ལས་ཟླ་བའི་སྟེང་དུ་ༀ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་གདོན་ཐམས་ཅད་ཉེ་བར་ཞི་བར་བྱས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་རྣམས་ཚུར་འདུས་ཡོངས་སུ་གྱུར་བ་ལས། འཕགས་མ་གདུགས་དཀར་མོ་ཅན་སྐུ་མདོག་གངས་རིའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དཀར་ཞིང་ཞལ་གསུམ་གཡས་སྔོ་གཡོན་དམར་པ་ཕྱག་དྲུག་གི་དང་པོ་གཉིས་འཁོར་ལོ་དང་སྡིགས་མཛུབ། བར་བ་གཉིས་མདའ་དང་གཞུ། འོག་མ་གཉིས་ལྕགས་ཀྱུ་དང་རལ་གྲི་འཛིན་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན་ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་པ། ལྷ་རྫས་ཀྱི་རིན་པོ་ཆེ་དང་དར་གྱི་ན་བཟའ་མཛེས་བར་བྱས་བ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་གཡོན་རྒྱབ་གསུམ་དུ་པད་ཉི་རིའི་གདན་ལ་ཧཱུཾ་ལས་ལེགས་ལྡན་མཆེད་གསུམ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཁར་འཛིན་པའི་མཆན་ཁུང་ན་ཙན་དན་གྱི་བེང་ཆེན་བསྣམས་བ། སྐུ་ལ་དར་ནག་གི་འཇོལ་བེར་དང་། ཞབས་ལ་སག་ལྷམ་ནག་ཁྲ་གསོལ་བ། ཁྲོས་ཞིང་གཏུམ་པ་ཐོད་པ་སྐམ་རློན་གྱིས་བརྒྱན་ཅིང་། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གཡས་བསྐུམས་གཡོན་བརྐྱང་གི་སྟབས་ཀྱི་བཞུགས་པ། དེའི་ཕྱི་རོལ་དུ་སྲིད་པ་གསུམ་གྱི་འབྱུང་བོའི་ཚོགས་མ་ལུས་བའི་འཁོར་གྱིས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་བོ། མགྲིན་པར་ཨཱཿདམར་བོ། ཐུགས་ཁར་ཧཱུཾ་སྔོན་པོས་མཚན་པར་གྱུར། དེ་བཞིན་གཤེགས་པའི་དམ་བཅས་སྔར་བཞིན་བྱིན་གྱིས་རླབས། ཀ་མ་ལ་ཡེ་སྟཾ། ཞེས་གདན་ཕུལ། དེ་ནས་སྤྱན་འདྲེན་པ་ནི། རོལ་མོ་དབྱངས་དང་བཅས་བས། ༜ཧཱུཾ་བྷྱོཿཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས། ། བཅོམ་ལྡན་ཤཱཀ་ཐུབ་སྐུ་ཡི་སྲས། ། དགྲ་བགེགས་བཟློག་པའི་མཐུ་མོ་ཆེ། ། གདུགས་དཀར་ལྷ་ཚོགས་གཤེགས་སུ་གསོལ། ། དེ་བཞིན་རིགས་ཀྱི་གདུགས་དཀར་མོ། ། ལྷ་གདོན་བཟློག་ཕྱིར་གཤེགས་སུ་གསོལ། ། རྡོ་རྗེའི་རིགས་ཀྱི་གདུགས་དཀར་མོ། ། ཀླུ་གདོན་བཟློག་ཕྱིར་གཤེགས་སུ་གསོལ། ། རིན་ཆེན་རིགས་ཀྱི་གདུགས་དཀར་མོ། དབང་ལྡན་བཟློག་ཕྱིར་གཤེགས་སུ་གསོལ། ། པདྨའི་རིགས་ཀྱི་གདུགས་དཀར་མོ། ། རྒྱལ་གདོན་བཟློག་ཕྱིར་གཤེགས་སུ་གསོལ། ། ལས་ཀྱི་རིགས་ཀྱི་གདུགས་དཀར་མོ། ། རྦོད་གདོང་བཟློག་ཕྱིར་གཤེགས་སུ་གསོལ། ། ༀ་ཨ་ཧྱ་ཧེ། ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཤྲི་མཧཱ་ཀཱ་ལ་སརྦ་ངྷ་རྨཱཔཱ་ལ་ས་པཱ་རི་ཝཱ་ར་མཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཛཿཛཿཞེས་མདུན་བསྐྱེད་དང་དབྱེར་མེད་པར་བསམ། དེ་ནས་མཆོད་པ་བྱིན་གྱིས་བརླབས་ནས༜ཇོ་མོ་གདུགས་དཀར་ལྷ་ཡི་ཚོགས་རྣམས་ལ། ། མེ་ཏོག་དམ་པ་ཡིད་འོང་དམ་པ་དང་། ། བདུག་སྤོས་དམ་པ་ན་བུན་ཤིན་ཏུ་འཐུལ། ། སྣང་གསལ་དམ་པ་འོད་འབར་ལྷབ་སེ་ལྷབ། ། དྲི་ཆབ་དམ་པ་ཡི་རངས་སངས་སེ་སངས། ། ཞལ་ཟས་དམ་པ་རོ་བརྒྱ་ལྡན་པ་དང་། ། རོལ་མོ་སིལ་སྙན་རྒྱུན་དུ་མི་འཆང་པ། ། འགྲོ་བའི་དོན་ཕྱིར་འབུལ་ལོ་བཞེས་སུ་གསོལ། ། ༀ་སརྦ་ཏ་ཐཱ་ག་ཏཱ་ཨཥྞཱི་ཥ་སི་ཏཱ་པ་ཏྲེ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་ངྷ་རྨཱ་པཱ་ལ་ས་བཱ་རི་ཝ་ར་པུ་ཥྤེ་ནས་ཤཔྟ་པཱུ་ཛ་མེ་གྷ་ས་མུད་ཏྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། ༀ་ཨཱཿཧཱུཾ། དེ་ནས་གཏོར་མ་བྱིན་གྱིས་རླབས་པ་ནི། ༀ་ཨ་མྲ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་བའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར་བར་བསམ་ལ། ༀ་ཨཱཿཧཱུཾ། ལམ་གསུམ་བརྗོད། ༈ༀ་སརྦ་ཏ་ཐཱ་ག་ཏཱ་ཨུཥྞཱི་ཥ་སི་ཏཱ་ཏ་བ་ཏྲེ་ཤྲི་མ་ཧཱ་ཀཱ་ལ་སརྦ་ངྷརྨཱ་པཱ་ལ་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། ཨརྒཾ་ྷསོགས་ཀྱིས་མཆོད། རྒྱལ་བ་ཀུན་ཀྱི་དང་། སྲིན་པོ་གཟུགས་ཅན་གཉིས་ཀས་བསྟོད། དེ་ནས། བཅོན་ལྡན་དྲེགས་རྩལ་ཐོགས་པ་མེད། ། བདུད་འདུལ་ལྷ་ཚོགས་ཀུན་གྱི་གཙོ། ། འཇིགས་མཛད་མ་མོ་བཞད་པའི་ཞལ། ། དགྲ་དཔུང་བཟློག་པའི་མཐུ་མོ་ཆེ། ། གཞན་གྱིས་མི་ཐུབ་ལ་སོགས་པའི། ། ལྷ་མོ་ཉེར་གཅིག་གཤེགས་སུ་གསོལ། ། དགྲ་བགེགས་བཟློག་ཕྱིར་གཤེགས་སུ་གསོལ། ། ཇོ་མོ་གདུགས་དཀར་ལྷ་ཚོགས་ལ། ། མཛེས་བའི་བ་ལིང་རྒྱན་གྱིས་བརྒྱན། ། བ་ལིང་མཆོད་པ་འདི་བཞེས་ལ། ། བདག་ཅག་ཡོན་མཆོད་འཁོར་བཅས་ལ། ། བྱིན་གྱིས་རློབས་ལ་བར་ཆད་སོད། ། ཇོ་མོ་གཙུག་ཏོར་གདུགས་དཀར་ཅན། ། མཚན་དང་དཔེ་བྱད་རྒྱན་གྱིས་བརྒྱན། ། སྐུ་མདོག་དཀར་ལ་འོད་ཟེར་འཕྲོས། ། སྐུ་ཆེན་རྫོགས་བས་ས་གསུམ་གནོན། ། ཇོ་མོ་ཁྱེད་ལ་ཕྱག་འཚལ་བསྟོད། ། ཞེས་བསྟོད་གཞི་བདག་གཏོར་མ་བཏང་། དེ་ནས་མི་ཟ་དགུ་ཟའི་གཏོར་མ་ཆབ་ཀྱིས་བྲན་ལ། ཨ་མྲ་ཏས་བསང་། སྭ་བྷ་ཝས་སྟོང་བར་སྦྱངས། སྟོང་བའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་གཏོར་རྣམས་རང་རང་ཇི་ལྟར་འདོད་པའི་འདོད་ད་་གུའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་ཀྱིས་བརླབས་ལ། ༀ་རུ་ཏྲ་ཡེ། ཞེས་པ་ནས། ནཱ་གེ་བྷྱཿདེ་བ་ན་གཞེས་བ་ནས། ཨ་མ་ནུ་ཥ། ཀུང་ཀ་རི། ཞེས་བ་ནས། ས་པཱ་རི་ཝ་ར་ན་མ་སརྦ་ཏ་ཐཱ་ག་ཏཱ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏ་ངྑཾ་ཨུ་ངྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཅིག་ཅར་དུ་བསྔོ། དེ་ནས་འཕགས་མ་གཙོ་འཁོར་ལ་འཕྲིན་ལས་ཞུ་བ་ནི། བྷྱོཿ་གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། ། ལྷ་ཡི་གདོན་ཚོགས་བཟློག་ཏུ་གསོལ། ། གཏུམ་པ་ཆེན་མོ་སྟོབས་ཆེན་མོ། ། ཀླུ་ཡི་གདོན་ཚོགས་བཟློག་ཏུ་གསོལ། ། འབར་བ་ཆེན་མོ་སྟོབས་ཆེན་མོ། ། ལྷ་མིན་གདོན་ཚོགས་བཟློག་ཏུ་གསོལ། ། དཀར་མོ་ཆེན་མོ་སྟོབས་ཆེན་མོ། ། རླུང་ལྷའི་གདོན་ཚོགས྾། ། འབར་བའི་ཕྲེང་བ་གོས་དཀར་མོ། ། མཁའ་ལྡིང་གདོན་ཚོགས྾། ། འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། ། དྲི་ཟའི་གདོན་ཚོགས྾། ། རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། ། མི་འམ་གདོན་ཚོགས྾། ། པདྨའི་མངོན་མཚན་རྡོ་རྗེ་མཚན། ། ལྟོ་འཕྱེའི་གདོན་ཚོགས྾། ། གཞན་གྱིས་མི་ཐུབ་ཕྲེང་བ་ཅན། ། གནོད་སྦྱིན་གདོན་ཚོགས྾། ། རྡོ་རྗེ་མཁར་རྣམས་འཇོམས་པ་མོ། ། སྲིན་པོའི་གདོན་ཚོགས྾། ། ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། ། ཡི་དྭགས་གདོན་ཚོགས྾། ། གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། ། ཤ་ཟའི་གདོན་ཚོགས྾། ། འཕགས་་མ་སྒྲོལ་མ་སྟོབས་ཆེན་མོ། ། འབྱུང་བོའི་གདོན་ཚོགས་བཟློག་ཏུ་གསོལ། ། རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། ། གྲུལ་བུམ་གདོན་ཚོགས྾། ། རྡོ་རྗེ་གཞོན་ནུ་རིག་འཛིན་མ། ། སྲུལ་བོའི་གདོན་ཚོགས྾། ། ལག་ན་རྡོ་རྗེ་རིགས་གསེར་ཕྲེང་། ། ལུས་སྲུལ་གདོན་ཚོགས྾། ལེབ་རྒན་རྩི་དང་རིན་ཆེན་མ། ། སྐེམ་བྱེད་གདོན་ཚོགས྾། ། སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། ། བརྗེད་བྱེད་གདོན་ཚོགས་྾། ། རྣམ་པར་འགྱིངས་མ་རྡོ་རྗེ་དང་། ། སྨྱོ་བྱེད་གདོན་ཚོགས྾། ། གསེར་འོད་ལྟ་བུའི་སྤྱན་མངའ་མ། ། གྲིབ་གནོན་གདོན་ཚོགས྾། ། རྡོ་རྗེ་འགྲོས་དང་དཀར་མོ་དང་། ། གནོན་པོའི་གདོན་ཚོགས྾། ། པདྨའི་སྤྱན་དང་ཟླ་འོད་དང་། ། ནམ་གྲུའི་གདོན་ཚོགས་བཟློགས་ཏུ་གསོལ། ། ཏདྱ་ཐཱ། ༀ་ཨ་ན་ལེ་ཨ་ན་ལེ། བི་ཤུ་ངྷེ་བི་ཤུ་ངྷེ། སཽ་མེ་སཽ་མེ། བཛྲ་ངྷ་ར་ཎི། བན་ངྷ་བན་ངྷ། བཛྲ་པཱ་ནི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་དྲུཾ་བནྡྷ་ཕཊ། མ་མ་རཀྵ་རཀྵ་སྭཱ་ཧཱ། ནད་རིགས་བཞི་བརྒྱ་རྩ་བཞི་བཟློག། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག། ཡེ་འབྲོག་གསུམ་བརྒྱ་དྲུག་ཅུ྾། ། གློ་བུར་བརྒྱད་ཅུ་རྩ་གཅིག྾། ། དགྲ་འདྲེའི་བསམ་སྦྱོར་ངན་པ྾། ། དུས་མིན་འཆི་བ་རྣམ་བརྒྱད྾། ། དཔྲལ་བའི་གཤེད་དུ་གོས་པ྾། ། ཕ་མོས་དུར་སྲི་ལངས་པ྾། ། མི་ལ་ནད་དུ་གཏོང་བ྾། ། ཕྱུགས་ལ་གོད་ཁ་བྱེད་པ྾། ། གནམ་གྱི་དལ་ཁ་ཐེབས་པ྾། ། རྦད་འདྲེ་རྦོད་གཏོང་ཕུར་ཁ྾། ། རྨི་ལམ་མཚན་མ་ངན་པ྾། ། ཟ་ཁ་སྲི་ཁ་ཞུགས་པ྾། ། ཟ་འདྲེ་ཕུང་འདྲེ་ལངས་པ྾། ། མི་མཐུན་མི་ཤིས་ཐམས་ཅད་བཟློག། ཧཱུཾ་བྷྱོཿ་ཟས་སུ་མངལ་ཟ་ཁྲག་མཐུང་བ། ། ཟས་སུ་ཤ་ཚིལ་ཟ་ལ་སོགས། ། རང་རང་བ་ལིང་འདི་བཞེས་ལ། ། བཟུང་བ་ཐོང་ལ་བཅིངས་བ་ཁྲོལ། ། ཕྱིན་ཆད་འཁོར་འདིར་གནོད་མ་བྱེད། ། ཧཱུཾ་བྷྱོཿསྲིད་པའི་ལྷ་འདྲེ་གཉན་པོ་ཀུན། གླུད་དང་གཏོར་མ་འདི་ལོངས་ལ། བཞུད་ཅིག་བཞུད་ཅིག་ད་བཞུད་ཅིག། གཤེགས་ཤིག་གཤིགས་ཤིག་ད་གཤིག་ཤིག། སོང་ཅིག་སོང་ཅིག་ད་སོང་ཅིག། མི་དང་གདོན་གཉིས་ཕྱེ་ལ་སོང་། ། གལ་ཏེ་མི་འགྲོ་མི་ཉན་ན། གདུགས་དཀར་ལྷ་ཚོགས་ཐུགས་ཁྲོས་ནས། ། མགོ་བོ་ཚལ་བ་བརྒྱ་རུ་འགས། ། ལུས་ནི་དུམ་བུ་སྟོང་དུ་འགྲོ། ། དེ་བས་རང་རང་གནས་སུ་དེངས། ། འདི་ཡི་བཀའ་ལས་མ་འདའ་ཤིག། གལ་ཏེ་བཀའ་ལས་འདས་པ་ན། ། མ་མོ་ཡོངས་ཀྱི་ཁྲག་ཟོར་རྒྱོབ། ། ཆོས་སྐྱོང་མགོན་པོའི་མདའ་ཟོར་རྒྱོབ། ། དཔལ་ལྡན་ལྷ་མོའི་སྒོང་ཟོར་རྒྱོབ། ། ཕྱོགས་སྐྱོང་བཅུ་ཡི་ཧོམ་ཟོར་རྒྱོབ། ། རྒྱལ་ཆེན་བཞི་ཡི་རྡོ་ཟོར་རྒྱོབ། ། བཟློག་བསྒྱུར་ནི། ༈ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག། ཡས་ཀྱི་བདུད་དུ་གཡོས་པ་བཟློག། མས་ཀྱི་སྲི་ནི་ལངས་བ྾། ། རྦད་འདྲེ་རྦོད་གཏོང་ཐམས་ཅད྾། ། ཕ་མེས་བྱུད་འདྲེ་ལངས་པ྾། ། ཡུལ་ན་ཡུལ་ཆགས་ཆེ་བ྾། ། གྲོང་ན་གྲེང་ཆགས་ཆེ་བ྾། ། སྒོ་བ་སྒོ་ཆགས་ཆེ་བ྾། ། ཁྱིམ་ཆ་ཁྱིམ་ཆགས་ཆེ་བx། རྨི་ལམ་མཚན་མ་ངན་པ྾། ། མོ་ངན་ལྟས་ངན་ཐམས་ཅད྾། ། སྲིན་བྱ་ཕྱུང་ཕྱུང་ཟེར་བ྾། ། འུག་པ་ཧ་ཧ་ཟེར་བ྾། ། དུར་སར་ཝ་མོ་བརྒྱལ་བ྾། ། དུར་ཁྲོད་སྤྱང་ཁུ་ངུ་བ྾། ། ཕུ་རུ་ཤ་བོའི་རྭ་འཛིངས྾། ། མདའ་ཡི་ཉ་མོ་གཤོག་འཛིངས྾། ། བར་གྱི་ཕོ་རོག་སྡེར་འཛིངས྾། ། གྲོང་གི་ནག་མོ་བྱ་འཛིངས྾། སྲོད་ལ་བྱ་ཕོ་འཚེར྾། ། ནམ་ཕྱེད་རྟ་ཕོ་འཚེར་བ྾། ། ཐོ་རངས་སྒོ་ཁྱི་ངུ་བ྾། ལོ་སྐག་ཟླ་སྐག་ཐམས་ཅད྾། ། ཕོ་བརྒྱ་མདའ་ལྟར་སོར་བ྾། ། མོ་བརྒྱ་བ་ལྟར་གཡེང་བ྾། ། ཧཱུཾ་བྷྱོཿ་ཟ་བྱེད་ཉི་ཤུ་རྩ་གཅིག྾། ། ལྷ་ཡི་གདོན་ལ་སོགས་པ་ཡི། ། གདོན་རིགས་ཉི་ཤུ་རྩ་གཅིག་བཟློག། གནོད་བྱེད་གདོན་ཆེན་བཅོ་ལྔ྾། ། གདོན་ཆེན་ཕལ་བ་བཅུ་བཞི྾། གནོད་བྱེད་ལྷ་སྲིན་སྡེ་བརྒྱད྾། ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ྾། ། བདག་ལ་གནོད་བྱེད་ཐམས་ཅད྾། བྱམས་པ་གཉེན་གྱིས་བགྱིས་པ྾། ། རྒྱལ་ཁམས་མི་ཡིས་གླེང་བ྾། ། མི་ཁ་བྲམ་ཆུ་ཟ་བ྾། ། སྡང་དགྲ་གནོད་བྱེད་ཐམས་ཅད྾། ། བསམ་ངན་སྦྱོར་རྩུབ་ཐམས་ཅད྾། ། ལེགས་ན་མི་དགའ་ཐམས་ཅད྾། ། ཉེས་ན་དགའ་བ་ཐམས་ཅད་བཟློག། ༈གང་གི་སྒོ་ནས་མི་བསྲུན་སྐྱེ་བོ་ཡིས། ། བདག་ཅག་བདེ་ལེགས་འཕྲོག་པའི་རིགས་སྔགས་སོགས། ། མ་ལུས་བཅད་དང་འབར་བའི་ཕུར་བུ་ཡིས། ། དེ་དག་རྣམས་ལ་གདབ་པའི་འཕྲིན་ལས་མཛོད། ། བསྟན་པ་བཤིག་ཅིང་བླ་མ་སྨོད་པ་དང་། ། བདག་སོགས་ཡོན་མཆོད་དམ་ཆོས་སྒྲུབ་པ་དང་། ། གནོད་ཅིང་འཚེ་བའི་དགྲ་བགེགས་མ་ལུས་བ། ། འབར་བའི་ཕུར་བུ་ཐོབ་ལ་བརླག་པར་མཛོད། ། དེ་ནས། ༈དེ་དག་ཐམས་ཅད་ཀྱིས་བྱས་པའི་རིགས་སྔགས་གཅད་དོ། ། ཕུར་བུས་གདབ་བོ། ། ཀུན་ཏུ་རྒྱུས་བྱས་བའི་རིག་སྔགས་གཅད་དོ། ། ཕུར་བུས྾། མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག྾། ཕུར་བུས྾། ཚངས་བས་བྱས་པའི་རིགས྾། ཕུར་བུས་྾། དབང་ཕྱུག་ཆེན་པོས་བྱས་རིགས྾། ཕུར་བུས་྾། སྲེད་མེད་ཀྱི་བུས་བྱས་པའི་རིགས྾། ཕུར་བུས་྾། ནམ་མཁའ་ལྡིང་དང་ལྷན་ཅིག་པོས་བྱས་པའི་རིགས྾། ཕུར་བུས་྾། ནག་པོ་ཆེན་པོས་བྱས་པའི་རིགས྾། ཕུར་བུས་྾། མ་མོའི་ཚོགས་ཀྱིས་བྱས་པའི་རིགས྾། ཕུར་བུས་྾། མིའི་ཐོད་པ་ཅན་གྱིས་བྱས་པའི་རིགས྾། ཕུར་བུས་྾། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་གྲུབ་པས་བྱས་པའི་རིགས྾། ཕུར་བུས྾། སྲིང་མོ་བཞིས་བྱས་པའི་རིགས྾། ཕུར་བུས་྾། བྷྲང་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིགས྾། ཕུར་བུས་྾། དགེ་སྦྱོང་གཅེར་བུས་བྱས་པའི་རིགས྾། ཕུར་བུས་྾། དགེ་སྦྱོང་མགོ་རེག་གི་བྱས་པའི་རིགས྾། ཕུར་བུས་྾། དགྲ་བཅོམ་པས་བྱས་པའི་རིགས྾། ཕུར་བུས་྾། འདོད་ཆགས་དང་བྲལ་བས་བྱས་པའི་རིགས྾། ཕུར་བུས་྾། འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་བས་བྱས་པའི་རིགས྾། ཕུར་བུས་྾། ལག་ན་རྡོ་རྗེ་འཁོར་དང་བཅས་བས་བྱས་པའི་རིགས྾། ཕུར་བུས་྾། ཕོ་ཉ་དང་། ཕོ་ཉ་མོ་དང་། བྲན་ཕོ་དང་། བྲན་མོས་བྱས་པའི་རིགས྾། ཕུར་བུས་྾། དྲང་སྲོང་གི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིགས྾། ཕུར་བུས་྾། ལྷའི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིགས྾། ཕུར་བུས་྾། མི་འཕྲོད་པ་ཟ་བའི་བདག་པོས་བྱས་པའི་རིགས་སྔགས་གཅད་དོ། ། ཕུར་བུས་གདབ་བོ། ། དེ་ནས། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། ། མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། ། ཐུགས་རྗེ་སྨོན་ལམ་མཐུ་བཙན་པས། ། བདག་གིས་གསོལ་བ་བཏབ་པ་བཞིན། ། སངས་རྒྱས་བསྟན་པ་དར་བ་དང་། ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག། རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། ། ཆགས་ཆ་ཉམ་ང་བཟློག་ཏུ་གསོལ། ། རྨི་ལམ་མཚན་ལྟས་ངན་པ་བཟློག། རྟགས་དང་རྟེན་འབྲེལ་ངན་པ་བཟློག། དགྲ་འདྲེའི་བསམ་སྦྱོར་ངན་པ་བཟློག། ལྟས་ངན་བརྒྱད་ཅུ་རྩ་གཅིག྾། ། ཡེ་འཕྲོག་སུམ་བརྒྱ་དྲུག་ཅུ྾། ། ནད་རིགས་བཞི་བརྒྱ་རྩ་བཞི྾། ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ྾། ། དུས་མིན་འཆི་བ་རྣམ་བརྒྱད་྾། ། ཡེས་ཀྱི་བདུད་དུ་གཡོས་པ྾། ། མས་ཀྱི་སྲི་རུ་ལངས་པ྾། དཔྲལ་བའི་གཤེད་དུ་དགོས་པ྾། ། ཕ་མེས་དུར་སྲི་ལངས་པ྾། ། མི་ལ་ནད་དུ་གཏོང་བ྾། ། ཕྱུགས་ལ་གོད་ཁ་བྱེད་པ྾། ། གནམ་གྱི་དལ་ཁ་ཐེབས་པ྾། ས་ཡི་དུག་མངལ་གཡོས་པ྾། ། སྨེ་བ་སྤར་ཁ་ངན་པ྾། ། སྐེག་དང་ཕུང་སྲི་ལངས་བ་བཟློག་ཏུ་གསོལ། ། ཞེས་བཟློག་པ་བྱ། ཡོན་མཆོད་རྣམས་ཀྱི་ཆོས་དང་མཐུན་པའི་དོན། ། ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། ། ནད་གདོན་བགེགས་དང་བར་དུ་གཅོད་པའི་ཚོགས། ། ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ། སྦྱིན་བདག་འཁོར་དང་བཅས་རྣམས་ལ། ། ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། ། བར་ཆད་ཞི་ནས་བཀྲ་ཤིས་པ། ། བསམ་པ་ཆོས་བཞིན་འགྲུབ་པར་ཤོག། །

 

                                                རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།