བཟང་སྤྱོད་འཆི་བསླུ་ཐར་ལམ་གསལ་བྱེད་ཅེས་བྱ་བ།

    སྤེལ་དུས།  2015-12-14 20:17:30     རྩོམ་པ་པོ།   ངག་དབང་བྱམས་པ།    ཀློག་ཐེངས།  

     བཟང་སྤྱོད་འཆི་བསླུ་བྱེད་ཚུལ་ནི།གནས་ཁང་བྱི་དོར།མཆོད་པ་སྣ་རེ་ནས་བརྒྱ་དང་བརྒྱད།མཐར་ཉེར་གཅིག་གི་ཉུང་མཐའ་འཛུགས་གཏོར་དཀར་པོ་གཉིས།ཁྲུས་གསོལ་རྫས།མཎྡྲལ།ཐོར་ནས་རྣམས་ཚགས་སུ་ཚུད་པར་བྱས་ནས།དང་པོར་དགེ་སློང་གི་ཕྱིར་བཅོས་གཉིས་དང༌།

ཨུ་ཧུ་ལགས།བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌།དགེ་འདུན་བཙུན་པ་རྣམས་བདག་ལ་དགོས་སུ་གསོལ།བདག་མིང་འདི་ཞེས་བགྱི་བས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས་ད་ལྟ་ལ་ཐུག་གི་བར་དུ།ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌།མཚམས་མ་མཆིས་པ་ལྔ་བགྱིས་པ་དང༌།དེ་དང་ཉེ་བ་ལྔ་བགྱིས་པ་དང༌།སོ་སོར་ཐར་བའི་སྡོམ་པ་དང་འགལ་བ་དང༌།གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌།ཕ་དང་མ་ལ་མ་གུས་པ་དང༌།མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང༌།གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌།དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌།དམ་པའི་ཆོས་སྤངས་བ་དང༌།འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང༌།སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང༌།བགྱིད་དུ་བསྩལ་བ་དང༌།གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ།མདོར་ན་མཐོ་རིས་དང་ཐར་བའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌།དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ།།མི་འཆབ་བོ།།འཆགས་སོ།།ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ།མཐོལ་ཞིང་བཤགས་ན་བདག་བདེ་བར་ལ་རེག་པར་གནས་པར་འགྱུར་གྱི།མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ།།ལྟུང་བ་སྤྱི་བཤགས་ལན་གསུམ་སྔོན་དུ་བཏང༌།

སྐྱབས་སེམས་གང་རྒྱས་མཛད།ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ།ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས།འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག།དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ།།བླ་མ་ལ་སྐྱབས་སུ་མཆིའོ།།སངས་རྒྱས་ལ་སྐྱབས་སུ་མཆིའོ།།ཆོས་ལ་སྐྱབས་སུ་མཆིའོ།།དགེ་འདུན་ལ་སྐྱབས་སུ་མཆིའོ།།ལན་གསུམ།

ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ།།དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ།།ལན་གསུམ།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།ལན་གསུམ།

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།།སྡིག་པ་ཐམས་ཅད་སོ་སོར་བཤགས།།འགྲོ་བའི་དགེ་ལ་རྗེས་ཡི་རང༌།།སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌།།སངས་རྒྱས་ཆོས་དང་ཚོགས་མཆོག་ལ།།བྱང་ཆུབ་བར་དུ་བདག་སྐྱབས་མཆི།།རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།།བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།།བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས།།སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།།བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།ལན་གསུམ།

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག།སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག།སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག།སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག།ལན་གསུམ།

གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌།།འགག་པ་མེད་པ་སྐྱེ་མེད་པ།།ཆད་པ་མེད་པ་རྟག་མེད་པ།།འོང་བ་མེད་པ་འགྲོ་མེད་པ།།ཐ་དད་དོན་མིན་དོན་གཅིག་མིན།།སྤྲོས་པ་ཉེར་ཞི་ཞི་བསྟན་པ།།རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།།དམ་པ་དེ་ལ་ཕྱག་འཚལ་ལོ།།༈ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང༌།།འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌།།གང་དང་ཡང་དག་ལྡན་པའི་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ།།ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ།།རྟོག་པའི་དྲ་བ་རྣམ་བསལ་ཅིང༌།།ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ།།ཀུན་ཏུ་བཟང་པོའི་འོད་ཟེར་དག།ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།།

མཆོད་གཏོར་རྣམས་སྔགས་དྲུག་ཕྱག་དྲུག་གི་བྱིན་རླབས་ནི།ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱ་ཏེ་བཛྲ་སིངྔྷི་ཧཱུཾ།ན་མ༔སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ།སརྦ་ཏད་ཁཾ་ཨུད་ག་ཏེ་སཕ་ར་ཎ་ཧི་མཾ་ག་ག་ཁཾ་སྭཧཱ།ཨོཾ་ཨ་མྲ་ཏེ་ཧཱུཾ་ཕཊ།ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ༔ཎཾ་ཨ་དྱ་ནུད་པནྣ་ཏྭདྟ།ན་མ༔སརྦ་ཏ་ཐཱ་ག་ཏཱ་ཨ་ཝ་ལོ་ཀེ་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ།ཨོཾ་རུ་རུ་སཕུ་རུ་ཛྭ་ལཱ་ཏིཥྠ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཧཱ།བདག་གི་བསམ་པ་སྟོབས་དང་ནི།།དེ་བཞིན་གཤེགས་པའི་བྱིན་སྟོབས་དང༌།།ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས།།འཕགས་པ་རྣམས་ལ་མཆོད་པ་དང༌།།སེམས་ཅན་རྣམས་ལ་ཕན་གདགས་ཕྱིར།།དོན་རྣམས་གང་དག་བསམ་པ་ཀུན།།དེ་དག་ཐམས་ཅད་ཅི་རིགས་པ།།ཐོགས་པ་མེད་པར་འབྱུང་གྱུར་ཅིག།

ཐམས་ཅད་དུ་ནི་ས་གཞི་དག།གསེག་མ་ལ་སོགས་མེད་པ་དང༌།།ལག་མཐིལ་ལྟར་མཉམ་བཻཌཱུརྱའི།།རང་བཞིན་འཇམ་པོར་གནས་གྱུར་ཅིག།ལྷ་དང་མི་ཡི་མཆོད་པའི་རྫས།།དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ།།ཀུན་བཟང་མཆོད་སྤྲིན་བླ་ན་མེད།།ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག།མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིག།བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ།།དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི།།བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ།།བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ།།འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམས་སྦྱངས་ཤིང༌།།སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ།།ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན།།དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས།།རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌།།མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བྱའི་ཕྱིར།།ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ།།ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ།།བཙོ་མའི་གསེར་གྱི་མདོག་འདྲ་ཞིང༌།།ཉི་མ་ལས་ལྷག་གཟི་བརྗིད་ཆེ།།དད་པས་སྤྱན་ནི་དྲངས་པར་བགྱི།།ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ།།དུལ་ཞིང་བསམ་གཏན་ས་ལ་བཞུགས།།ཆོས་རྣམས་ཡེ་ཤེས་ཆགས་བྲལ་བ།།ཀུན་ཏུ་མི་ཟད་ནུས་པར་ལྡན།།ཚུར་བྱོན་ཚུར་བྱོན་ཞི་བདག་ལྷ།།ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན།།ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི།།མཆོད་པས་འདིར་ནི་གཤེགས་སུ་གསོལ།།འདིར་ནི་གཟུགས་དང་ལྷན་ཅིག་ཏུ།།འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌།།ནད་མེད་ཚེ་དང་དབང་ཕྱུག་དང༌།།མཆོག་རྣམས་ལེགས་པར་སྩལ་དུ་གསོལ།།བཅོམ་ལྡན་འདིར་ནི་བྱོན་པ་ལེགས།།བདག་ཅག་བསོད་ནམས་སྐལ་པར་ལྡན།།བདག་གི་མཆོད་ཡོན་བཞེས་ནས་ཀྱང༌།།ཐུགས་ལ་དགོངས་ཤིང་གནང་བར་མཛོད།།བདེ་བར་གཤེགས་སོ་བཅོམ་ལྡན་འདས།།ཚུར་བྱོན་འདིར་ནི་བཞུགས་སོ་གསོལ།།བདག་གི་མཆོད་ཡོན་བཞེས་ནས་ཀྱང༌།།འདི་ཉིད་དུ་ནི་བཞུགས་སུ་གསོལ།།བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར།།ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི།།ཇི་སྲིད་མཆོད་པ་དག་བགྱིད་ན།།དེ་སྲིད་བཅོམ་ལྡན་བཞུགས་སོ་གསོལ།།

ལམ་རིམ་གསོལ་འདེབས་ནི།དཔལ་ལྡན་རྩ་བའི་རིན་པོ་ཆེ།།བདག་གི་སྤྱི་བོ་པད་ཟླའི་སྟེང་བཞུགས་ལ།།བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།།སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།།ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།།མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌།མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།།ཤཱཀྱའི་གཙོ་བོ་ཁྱེད་ལ་གསོལ་བ་འདེབས།།བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ།།མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ།།སེང་བཟང་ཀུ་ས་ལི་གཉིས་གསེར་གླིང་པ།།རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་གསོལ་བ་འདེབས།།འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང༌།།ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་ཆེ།།སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་སོགས།།ཟབ་མོ་ལྟ་བའི་བརྒྱུད་ལ་གསོལ་བ་འདེབས།།ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང༌།།མཆོག་གཟིགས་ཏེ་ལོ་པ་དང་ན་རོ་པ།།དཔལ་མཆོག་ཌོཾ་བི་པ་དང་ཨ་ཏི་ཤ།།ཉམས་ལེན་བྱིན་བརླབས་བརྒྱུད་ལ་གསོལ་བ་འདེབས།།བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ།།བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།།རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས།།བཀའ་གདམས་བླ་མ་རྣམས་ལ་གསོལ་བ་འདེབས།།བྱང་ཆུབ་ཐུགས་ལ་མངའ་བརྙེས་གསེར་གླིང་པ།།ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད།།ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ།།བསྟན་པའི་སྲོལ་འཛིན་གསུམ་ལ་གསོལ་བ་འདེབས།།གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ།།མངོན་སྟོབས་རིག་པའི་དབང་ཕྱུག་རྒྱལ་ཚབ་རྗེ།།མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ།།རྒྱལ་བ་ཡབ་སྲས་གསུམ་ལ་གསོལ་བ་འདེབས།།བཀྲ་ཤིས་རབ་བརྟན་ཡིད་འོང་མཛེས་པའི་སྐུ།།དཔལ་ལྡན་ཆོས་སྒྲ་སྙན་པར་སྒྲོག་པའི་གསུང༌།།གསུང་རབ་མ་ལུས་མཁྱེན་པའི་ཐུགས་མངའ་བ།།འཇམ་དབྱངས་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས།།བྱམས་པ་ཆེན་པོས་འགྲོ་ཀུན་བདེ་ལ་འགོད།།ཐུགས་རྗེ་ཆེན་པོས་འཇིག་པ་ཀུན་ལས་སྐྱབས།།ཡོན་ཏན་ཆེན་པོས་གཤེས་གཉེན་མཆོག་གྱུར་པ།།བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས།།གྲུ་འཛིན་མགོན་དང་འཕགས་བོད་ས་སྐྱོངས་ཆེ།།མཁས་གྲུབ་ལོ་པཎ་རྣམ་གྲོལ་ཇི་སྙེད་དང༌།།ཁྱད་པར་བཀྲ་ཤིས་གྲངས་ལྡན་ངུར་སྨྲིག་འཆང༌།།རྒྱལ་དབང་རིམ་བྱོན་རྣམས་ལ་གསོལ་བ་འདེབས།།བདེ་ལྡན་ཞིང་གི་མགོན་པོའི་འོད་དཔག་མེད།།སྲས་ཀྱི་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས།།དྲིན་ཅན་རྩ་བའི་བླ་མའི་སྐུར་བཞེངས་པ།།རྒྱལ་བ་ཡབ་སྲས་གཉིས་ལ་གསོལ་བ་འདེབས།།ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་བསྟན།།འཛིན་མཁས་རྒྱལ་བ་རྒྱ་མཚོའི་གངས་རིའི་མགོན།།སྲིད་གསུམ་དབང་བསྒྱུར་ཕན་བདེ་བདུད་རྩིའི་མཛོད།།མཚུངས་པ་མེད་པའི་སྡེ་ལ་གསོལ་བ་འདེབས།།རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག།སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག།བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡི།།གསལ་མཛད་བཤེས་གཉེན་རྣམས་ལ་གསོལ་བ་འདེབས།།སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌།།འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌།།ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།ཕྱག་འཚལ་ཡན་ལག་བདུན་པ་མཎྡྲལ་རྒྱས་པ།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།ལན་གསུམ་སྔོན་དུ་ཡན་ལག་བདུན་པའི་ཕན་ཡོན་ལམ་རིམ་ནས་བཤད་པ་ལྟར་ཡན་ལག་བདུན་དང་བཟང་སྤྱོད་ཡ་མ་བྲལ་བར་ཚར་རེ་རྫོགས་མཚམས་སུ།

བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བདེན་པས་སྒྲུབ་བྱའི་མིང་འདི་ཞེས་བགྱི་བའི་དུས་མ་ཡིན་པའི་འཆི་རྐྱེན་ཐམས་ཅད་ཟློག་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ།ལན་གསུམ་ནས།བཟང་སྤྱོད་བརྒྱ་རྩ་བྱ།གཏོར་མ་དང་པོ་དཀོན་མཆོག་སྤྱི་ལ་འབུལ།ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།ལན་བདུན་དང༌།བདུད་རྩི་རྒྱ་མཚོའི་གཏོར་མ་འདི།།བླ་མ་དཀོན་མཆོག་གསུམ་ལ་འབུལ།།བཞེས་ནས་མཆོག་དང་ཐུན་མོང་གི།དངོས་གྲུབ་མ་ལུས་སྩལ་དུ་གསོལ།།

གཏོར་མ་གཉིས་པ་ནི།རང་ཉིད་སྐད་གཅིག་གིས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕམག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར།ཧ་ཧོ་ཧྲིའཿཁ་དོག་དྲི་རོ་ནུས་པའི་སྐྱོན་ཐམས་ཅད་བཅོམ་ཞིང་བདུད་རྩིའི་རང་བཞིན་དུ་གྱུར།ཨོཾ་ཨཱཿཧཱུཾ།ལན་གསུམ།རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་བརླབས་པར་གྱུར།ཞེས་བརྗོད་པས་ཀྱང་རུང༌།

སྔོན་འགྲོ་གཏོར་མའི་མཆོད་པ་བྱིན་གྱིས་བརླབ་པ་ནི།ཨོཾ་ཁཎྡྲ་རོ་ཧིས་བསངས།ཨོཾ་སྭབྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོཉཧཾ།སྟོང་པའི་ངང་ལས་ཀཾ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་ཡོན།ཞབས་བསིལ།མེ་ཏོག།བདུག་སྤོས།མར་མེ།དྲི།ཞལ་ཟས།རོལ་མོ་རྣམས་རང་བཞིན་སྟོང་ཉིད།རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན།བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བ་གྱུར།ཨོཾ་ཨརྒཾ་ྷཨཱ༔ཧཱུཾ།ཨོཾ་པཱདྱཾ་ཨཱ༔ཧཱུཾ།ཨོཾ་བཛྲ་པུཥྤེ་ཨཱ༔ཧཱུཾ།ཨོཾ་བཛྲ་དྷུ་པེ་ཨཱ༔ཧཱུཾ།ཨོཾ་བཛྲ་དཱི་པེ་ཨཱ༔ཧཱུཾ།ཨོཾ་བཛྲ་གནྡྷེ་ཨཱ༔ཧཱུཾ།ཨོཾ་བཛྲ་ནཻཝིདྱ་ཨཱ༔ཧཱུཾ།ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ།དེ་ནས་འབར་བའི་ཕྱག་རྒྱ་དང་བཅས་པས།

ཕཻ་རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས།དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་ཀླུ་ལ་སོགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཕྱོགས་མཚམས་བརྒྱད་དུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་བདེ་མཆོག་ཡབ་ཡུམ་གྱི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར།ཨོཾ་ཁ་ཁ།ཁཱ་ཧི་ཁཱ་ཧི།སརྦ་ཡཀྴ་རཀྴ་ས།བྷུ་ཏ།པྲེ་ཏ།པི་ཤ་ཙ།ཨུ་ནྨ་ད།ཨུ་པསྨཱ་ར།བཛྲ་ཌཱ་ཀི་ཌཱ་ཀི་ཎྱཱ་ད་ཡ།ཨི་མཾ་བ་ལིཾ་གི་ཧྣ་ཏུ།ས་མ་ཡ་རཀྴནྟུ།མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ།ཡ་ཐེ་བཾ།ཡ་ཐེ་ཥཾ།ྟབྷུ་ཛ་ཐ།བི་བ་ཐ།ཛིགྷྲ་ཐ།མ་ཏི་ཀྲ་མ་ཐ།མ་མ་སརྦ་ཀཱརྟ་ཡ།སད་སུ་ཁཾ།བི་ཤུདྡྷ་ཡེ།ས་ཧ་ཡེ་ཀ།བྷ་ཝནྟུ།ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ།ཚར་གཉིས་དང༌།

ཨོཾ་ཤྲཱི་ཧེ་རུ་ཀ་ས་པཱ་རི་ཝཱ་ར་ཨརྒཾ་ྷཨཱ༔ཧཱུཾ།པཱདྱཾ་ཨཱ༔ཧཱུཾ།པུཥྤེ་ཨཱ༔ཧཱུཾ།དྷུ་པེ་ཨཱ༔ཧཱུཾ།དཱི་པེ་ཨཱ༔ཧཱུཾ།གནྡྷེ་ཨཱ༔ཧཱུཾ།ནཻཝིདྱ་ཨཱ༔ཧཱུཾ།ཤཔྟ་ཨཱཿཧཱུཾ།ཨོཾ་ཤྲཱི་ཧེ་རུ་ཀ་ས་པཱ་རི་ཝཱ་ར་ཨོཾ་ཨཱ༔ཧཱུཾ།ཕྱོགས་སྐྱོང་དང་ཞིང་སྐྱོང་ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ།ལྷ་ཡི་ཚོགས་རྣམས་མ་ལུས་དང༌།།ཀླུ་ཡི་ཚོགས་རྣམས་མ་ལུས་དང༌།།གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌།།སྲིན་པོའི་ཚོགས་རྣམས་མ་ལུས་དང༌།།འབྱུང་པོའི་ཚོགས་རྣམས་མ་ལུས་དང༌།།ཡི་དྭགས་ཚོགས་རྣམས་མ་ལུས་དང༌།།ཤ་ཟའི་ཚོགས་རྣམས་མ་ལུས་དང༌།།ཡི་དྭགས་ཚོགས་རྣམས་མ་ལུས་དང༌།།ཤ་ཟའི་ཚོགས་རྣམས་མ་ལུས་དང༌།།སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌།།བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌།།མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌།།མ་མོའི་ཚོགས་རྣམས་མ་ལུས་དང༌།།མ་ལུས་པ་ནི་ཐམས་ཅད་དག།འདིར་གཤེགས་བདག་ལ་དགོངས་སུ་གསོལ།།བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར།།ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས།།དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི།།འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ།།གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས།།རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌།།མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི།།གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ།།སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས།།དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ།།རྣལ་འབྱོར་བདག་ཅག་འཁོར་བཅས།།ནད་མེད་ཚེ་དང་དབང་ཕྱུག་དང༌།།དཔལ་དང་གྲགས་དང་སྐལ་པ་བཟང༌།།ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌།།ཞི་དང་རྒྱས་ལ་སོགས་པ་ཡི།།ལས་ཀྱི་དངོས་གྲུབ་བདག་ལ་སྩོལ།།སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག།དུས་མིན་འཆི་དང་ནད་རྣམས་དང༌།།གདོན་དང་བགེགས་རྣམས་ཞི་བ་དང༌།།རྨི་ལམ་ངན་དང་མཚན་མ་ངན།།བྱ་བྱེད་ངན་རྣམས་མེད་པར་མཛོད།།འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌།།འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང༌།།བདེ་ལེགས་ཐམས་ཅད་འབྱུང་བ་དང༌།།ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།ཡིག་བརྒྱ་བཟླས།

ཨོཾ་བཛྲ་མུཿའཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར།ཨོཾ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར།བྷ་ར་བྷ་ར།མ་ཧཱ་ཤུདྡྷ་སཏྭ་པདྨ་བི་བྷཱ་ཥི་ཏ་བྷུ་ཛ།དྷ་ར་དྷ་ར།ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱཧཱ།

ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌།།ཚུལ་ཁྲིམས་རྣམ་པ་དག་དང་ལྡན།།རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།།ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག།ཅེས་བཟང་སྤྱོད་འཆི་བསླུ་ཐར་ལམ་གསལ་བྱེད་སྣང་མཐའི་ཞལ་བཟང་མཐོང་གྲོལ་འདི་ནི་རྗེ་བཙུན་ངག་དབང་བྱམས་པའི་གསུང་འབུམ་བཞིན་པར་དུ་བཞེངས་པར་མཐུས།འགྲོ་ཀུན་ཚེ་བསྲིངས་ཤིང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག།པར་འདི་ལྷ་ལྡན་པར་པ་སྤྱི་སོ་བཞུགས།།།།

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།