ཨརྒའི༌ཆོ་ག་བྱ་ཚུལ་གསལ་བར་བཀོད་པ་གོ་བདེ་བཀླག་ཆོག།
།བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདིར་ཨརྒའི་ཆོ་ག་ཇི་ལྟར་བྱ་བའི་ཚུལ་ནི། གང་ལ་བྱ་བའི་ཡུལ་ནི། རྟེན་རྙིང་པ་ཞིག་པ་གསོ་བ་དང༌། རྒྱུ་དང་བཟོ་དབྱིབས་ངན་པ་བཟང་པོར་སྤོ་བ་དང༌། འོ་བརྒྱལ་ས་ནས་གནས་བཟང་སར་སྤོ་བ་དང༌། གནས་དེར་བཞུགས་ནས་གཞན་གྱིས་སྡིག་པ་སོག་པའི་དགག་བྱ་ཆེ་བ་སོགས་ལ་བྱ། དུས་ནམ་གྱི་ཚེ་བྱ་བ་ནི། རྟེན་རྙིང་བ་ཞིག་གསོས་བྱེད་རན་ཞིང་གསོ་བའི་རྐྱེན་རྣམས་འཇོམས་པ་ལྟ་བུའི་སྐབས་སུ་བབ་པ་ན་བྱ། ཇི་ལྟར་བྱ་བའི་ཚུལ་ནི། སྙན་གསན་དང་དངོས་གཞི་གཉིས་ཀྱི་སྒོ་ནས་བྱ་དགོས་ལ། དེ་ཡང་དཔེར་ན་ཚེས་གཉིས་ལྟ་བུ་ལ་རྟེན་རྙིང་པ་དེ་གདན་འདྲེན་ཞུ་རྒྱུ་ཡིན་ན། ཚེས་གཅིག་གི་ཉིན་རྟེན་རྙིང་པའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་གནས་དེའི་ཆོས་སྐྱོང་དང་གཞི་བདག་ལ་འབུལ་རྒྱུའི་གཏོར་མ་དང་མཆོད་པ་རྣམས་ལེགས་པར་བཤམས། སྒྲུབ་པ་པོ་རྣམས་གྲལ་ལ་འཁོད། མདུན་དུ་ནང་མཆོད་དང་རྡོར་དྲིལ་རྣམས་བཤམས་“རྒྱས་པར་ན་སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་དང་། བསྡུ་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་“འགྲུབ་པར་ཤོག །ལན་གསུམ། ཆོས་སྤྱོད་གཞན་སྐབས་དང་སྦྱར། ཡི་དམ་གྱི་བདག་བསྐྱེད་རྒྱས་པ་འདོན་ཐུབ་ན་ལེགས་མོད། ལོང་མེད་ན། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ཅེས་ཀྲོང་བསྐྱེད་བྱ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་“སྟེང་དུ་ཨཱཿལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྷྲུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཱཾཿལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུྃ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་“དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་“གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུྃ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་དེ་ནང་མཆོད་བྱིན་གྱིས་བརླབ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་སྭཱ་བྷཱ་ཝ་“ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། དྲི། མེ་ཏོག། བདུག་སྤོས། མར་མེ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱདྱཾ་ཨཱཿཧཱུྃ། ཨོཾ་གནྡྷེ་ཨཱཿཧཱུྃ། ཨོཾ་པུཥྤེ་ཨཱཿཧཱུྃ། ཨོཾ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་ཨཱ་ལོ་ཀེ་ཨཱཿཧཱུྃ།“ཨོཾ་ནཻ་ཝིདྱཱ་ཨཱཿཧཱུྃ། ཨོཾ་ཤཔྟ་ཨཱཿཧཱུྃ། ཞེས་མཆོད་པ་བྱིན་གྱིས་བརླབ།
དེ་ནས་མཆོད་པ་འབུལ་བ་ལ། དཔེར་ན་རྟེན་དེ་བླ་མའམ་སངས་རྒྱས་སམ་ཆོས་སྐྱོང་ངམ་མཆོད་རྟེན་ལྟ་བུ་གཅིག་ཁོ་ན་ཡིན་ཀྱང་རུང༌། ཡང་སྐུ་འདྲ་དང་མཆོད་རྟེན་སྣ་ཚོགས་པའམ། ལྷ་ཁང་གི་ལྡེབ་རིས་ལྟ་བུ་སྐུ་བརྙན་སྣ་ཚོགས་ཡོད་པ་གང་ཡིན་ཀྱང་རུང༌། དེ་ལ་རབ་གནས་ཀྱི་སྐབས་སུའང་རང་འདྲའི་ཡེ་ཤེས་པ་དང་གཞན་ཡང་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་ཡིན་པས་གཙོ་བོར་དེ་ཐམས་ཅད་དང་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ་འབུལ་བའི་མོས་པས།“རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞབས་བསིལ་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཇི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་“བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཇི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་པཱ་དྱཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མེ་ཏོག་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཇི་“བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་པུཥྤེ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །བདུག་སྤོས་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཇི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་དྷུ་པེ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མར་མེ་ཇི་སྙེད་ཡོད་པ་དང༌། །“བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཇི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །དྲི་ཆབ་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་“བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཇི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་གནྡྷེ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞལ་ཟས་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཇི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་“གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་ནཻ་ཝིདྱཱཔྲ་ཏི་ཙྪ་ཧཱུཾ་སྭཱཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །རོལ་མོ་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཇི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་“ཝཱ་ར་ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་དབུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་མཁའ་འདྲ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །“འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ།། ཞེས་སྤྱི་བསྟོད་བྱ་ཞིང༌། ལྷ་གང་གི་སྐུ་བརྙན་ཡིན་པའི་ལྷ་དེའི་སྒོས་བསྟོད་ཤེས་ན་དེས་ཀྱང་བསྟོད། དེ་ནས་ཆོས་སྐྱོང་གི་གཏོར་མ་ལ་ནང་མཆོད་བྲན་ནས་སྔར་ལྟར་བྱིན་གྱིས་བརླབས། ཆོས་སྐྱོང་ལ་འབུལ་རྒྱུའི་མཆོད་པ་ལོགས་སུ་ཡོད་ན་དེའང་སྔར་ལྟར་བྱིན་གྱིས་བརླབས། ལོགས་སུ་མེད་ན་མི་དགོས། གནས་དེའི་“སྒེར་གྱི་ཆོས་སྐྱོང་དང་དེའི་གཏོར་བསྔོ་ཤེས་ན། དེ་བཞིན་དུ་ཕུལ་བ་ལེགས་མོད། མི་ཤེས་པའམ་ཤེས་ཀྱང་སྤྱི་ལ་འབུལ་བ་འདི་བཞིན་བྱས་པས་ཀྱང་རུང༌། ཆོས་སྐྱོང་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པས་རྡོ་རྗེ་རྩེ་གཅིག་པ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཤྲཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་བདུན་གྱིས་གཏོར་མ་དབུལ། ཨོཾ་ཤྲཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཤྲཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་པཱདྱཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཤྲཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་པུཥྤེ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཤྲཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་དྷཱུ་པེ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཤྲཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཤྲཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་གནྡྷེ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཤྲཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ནཻ་ཝིདྱཱཔྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཤྲཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཞེས་པས་མཆོད། ཨོཾ་ཤྲཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་“ཨོཾ་ཨཱཿཧཱུཾ་གྱིས་ནང་མཆོད་ཀྱང་དབུལ། སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས་པ་ཡི། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་ལོ།། ཞེས་དང༌། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི།། ཞེས་བསྟོད། དེ་ནས་གཞི་བདག་གཏོར་མ་ལ་ཆུ་གཙང་གིས་བྲན། ཨོཾ་བཛྲ་ཨམྲྀ་ཏ་ཀུནྜ་ལི་ཧ་“ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾཿ ལན་གསུམ་གྱིས་བྱིན་གྱིས་བརླབ། ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷར་སམྦྷར་ཧཱུཾ། ལན་བདུན་ནམ་གསུམ་བརྗོད་དེ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་“མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འཇམ་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །མཆོད་སྤྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ས་བདག་སའི་ལྷ་མོ་བརྟན་མས་གཙོ་བྱས་འཛམ་གླིང་གཞིའི་བདག་པོ་སྤྱི་དང་། ཁྱད་པར་ས་ཆ་ཡུལ་ཕྱོགས་གཙུག་ལག་ཁང་རྟེན་གསུམ་འདི་ཉིད་ལ་གནས་པའི་ཡུལ་བདག་གཞི་བདག་གནས་བདག་དཀོར་བདག་ལྷ་ཀླུ་མི་མ་ཡིན་དཀར་ཕྱོགས་ལ་དགའ་བ་རྣམས་“ལ་འབུལ་ལོ། །བཞེས་ལ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་ཀོ་ལོང་དང་རུ་ང་ཕྲག་དོག་མ་མཛད་པར། ཇི་ལྟར་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་འཕྲིན་ལས་དང་སྟོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་“རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་གཏོར་མ་བསྔོས་ཏེ་འཕྲིན་ལས་བཅོལ་ལ་བདེན་སྟོབས་བརྗོད། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་སང་ནང་བར་རབ་གནས་སྤོ་སྙམ་དུ་བསམ་ལ། དྲིལ་བསིལ་དང་བཅས། ཐུགས་རྗེ་ཡིས་ནི་བདག་ཅག་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང༌། །ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །སང་ནི་རབ་གནས་སྤོ་བར་འགྱུར། །བཅོམ་ལྡན་གུས་པའི་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་འོས། །བདག་མིང་མི་བསྐྱོད་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་རྟེན་རབ་གནས་ནི། །ཡོན་“བདག་ཅི་ནུས་ཡོ་བྱད་ཀྱིས། །སང་ནི་ཡང་དག་སྤོ་བར་འགྱུར། །དེ་ཕྱིར་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱི་རབ་གནས་ལ། །བྱིན་གྱིས་བརླབ་པར་མཛད་པར་འོས། །ཞེས་ལན་གསུམ་གསོལ་བ་བཏབ་ལ། ལྷ་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་སྦྱིན་པར་གྱུར། ཅེས་བརྗོད་ཅིང་སྙན་གསན་ཕབ། སང་ཉིན་ཡང་སྔར་ལྟར་མཆོད་གཏོར་རྣམས་བཤམས། རྟེན་གྱི་མདུན་དུ་མེ་ལོང་གཡའ་དག་པ་ཞིག་ལ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག། སྒྲུབ་པ་པོ་རྣམས་འཁོད་ནས་སྐྱབས་འགྲོ་ནས་གཞི་བདག་ལ་གཏོར་མ་ཕུལ་ཏེ་བདེན་སྟོབས་“བདག་ཅི་ནུས་ཡོ་བྱད་ཀྱིས། །སང་ནི་ཡང་དག་སྤོ་བར་འགྱུར། །དེ་ཕྱིར་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱི་རབ་གནས་ལ། །བྱིན་གྱིས་བརླབ་པར་མཛད་པར་འོས། །ཞེས་ལན་གསུམ་གསོལ་བ་བཏབ་ལ། ལྷ་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་སྦྱིན་པར་གྱུར། ཅེས་བརྗོད་ཅིང་སྙན་གསན་ཕབ། སང་ཉིན་ཡང་སྔར་ལྟར་མཆོད་གཏོར་རྣམས་བཤམས། རྟེན་གྱི་མདུན་དུ་མེ་ལོང་གཡའ་དག་པ་ཞིག་ལ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག། སྒྲུབ་པ་པོ་རྣམས་འཁོད་ནས་སྐྱབས་འགྲོ་ནས་གཞི་བདག་ལ་གཏོར་མ་ཕུལ་ཏེ་བདེན་སྟོབས་“འགྱུར། །དེ་ཕྱིར་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱིས་རབ་གནས་ལ། །བྱིན་གྱིས་བརླབ་པར་མཛད་པར་འོས།། ཞེས་ལན་གསུམ་འདོན་ཞིང་གསོལ་བ་གདབ། ལྷ་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་བྱིན་པར་གྱུར། ཅེས་བརྗོད་ལ། རང་གི་ཐུགས་ཁའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རྟེན་རྙིང་པའི་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་ཀ་བཀུག་ནས་མེ་ལོང་ནང་གི་གཟུགས་བརྙན་ལ་“ཐིམ་པར་གྱུར། ཛཿཧཱུཾ་བཾ་ཧོཿ ཞེས་རྟེན་རྙིང་པའི་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མེ་ལོང་ནང་གི་གཟུགས་བརྙན་ལ་སྤོ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། ཞེས་པ་ནས། མཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུཾ་ཕཊ། ཅེས་ཡི་གེ་བརྒྱ་པས་བརྟན་པར་བྱ། མེ་ལོང་ནང་དུ་སྤོས་པ་དེ་ལ་མཆོད་པ་དང་བསྟོད་པ་སྔར་ལྟར་བྱ། ཆེ་བའི་ཆེ་མཆོག་སྟོན་པ་བླ་ན་མེད།། ཅེས་པ་ནས། ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །ཅེས་པའི་བར་གྱིས་ཤིས་བརྗོད་བྱ། དེ་ནས་དར་དམར་སེར་ཅི་རིགས་ཀྱིས་དྲིལ་ཏེ་རྒྱབ་ཏུ་རྒྱས་གདབ་ལ། དབུ་ཞབས་མ་ལོག་པར་རྟེན་གྲལ་དུ་བཞག་སྟེ་མཆོད་པ་ཕུལ། རྟེན་གསར་བ་ཚར་ནས་རབ་གནས་ཀྱི་སྐབས་སུ་ཡེ་ཤེས་པ་བསྟིམ་པའི་སྔོན་དུ་མེ་ལོང་ཞལ་ཕྱེ་སྟེ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་མེ་“ལོང་ནང་གི་རྟེན་རྙིང་པའི་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཀ་བཀུག་སྟེ་རྟེན་གསར་པ་ལ་ཐིམ་པར་གྱུར། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཅེས་རྟེན་གསར་བ་ལ་བསྟིམ། དེ་ནས་ཡེ་ཤེས་པ་བསྟིམ་པ་སོགས་བྱ། འདི་ནི་རྟེན་གསར་བ་ལ་སྤོ་བའི་དབང་དུ་བྱས་པ་ཡིན་ལ་རྟེན་གསར་བ་མི་བཞེངས་པར་རྟེན་རྙིང་བ་སྤོ་དགོས་བྱུང་ན། མཆོད་གཏོར་བཤམས་པ་དང་འབུལ་བ་སོགས་གཞན་ཐམས་ཅད་སྔར་ལྟར་བྱས་ནས། ཐུགས་རྗེ་ཡིས་ནི་བདག་ཅན་བདག །ཅེས་སོགས་བརྗོད་མི་དགོས་ཤིང་དེའི་ཚབ་ཏུ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།།“ཅེས་པ་ནས། མཛད་དུ་གསོལ།། ཞེས་ལན་གསུམ་དང༌། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་གྱུར། ཅེས་བརྗོད་དེ་གཤེགས་གསོལ་བྱས་ལ་ཤིས་བརྗོད་བྱའོ།།
ཨརྒའི་ཆོ་ག་བྱ་ཚུལ་གསལ་བར་བཀོད་པ་གོ་བདེ་བཀླག་ཆོག་ཅེས་བྱ་བ་འདི་ནི་གཟིམས་ཁང་སེར་པོའི་བླ་མ་བློ་བཟང་དཔལ་འབྱོར་དང་ཁྲུང་ཀོའི་སེའི་དགེ་སློང་བསོད་ནམས་བསྟན་པ་ལ་སོགས་པ་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་བ་ལྟར། གྱི་ན་བ་ངག་དབང་བློ་བཟང་ཆོས་ལྡན་གྱིས་པེའི་ཅིང་གི་བོད་ཆོས་ལྷ་ཁང་དུ་གྲགས་པར་སྦྱར་བའི་ཡི་གེ་བ་ནི་ལེགས་བཤད་དུ་མ་ལ་བློ་གྲོས་ཡངས་པའི་དགེ་ཚུལ་དཔལ་བཟང་ངོ་། །འདིས་ཀྱང་བསྟན་འགྲོ་ལ་ཕན་པར་གྱུར་ཅིག།”
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn