ལན་ཆགས་གཏོར་མ་བཞུགས་སོ། །

    སྤེལ་དུས།  2015-12-06 13:18:23         ཀློག་ཐེངས།  

         སྐྱབས་སེམས་སྔོན་དུ་བཏང་སྟེ། རང་ཉིད་སྐད་ཅིག་ཁ་སེར་བ་ནིར་གྱུར། ། བྷྲཱུཾ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱ་ཧཱུཾ་གིས་བྱིན་རླབས། ལན་གསུམ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། ། བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ཀྱི། ། གནོད་པའི་ལན་ཆགས་བགེགས་རྣམ་འདིར་ཁུག་ཅིག ། ཊཱཀྐི་ཧཱུཾ་ཛྭ། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། ། འབྱམས་ཀླས་འཇིག་ཀུན་བྲལ་ལ་ཕྱག་འཚལ་ལོ། ། གདོན་ཆེན་བཞི་དང་སྟོང་ཕྲག་བརྒྱད་ཅུའི་བགེགས། ། ལན་ཆགས་བུ་ལོན་ཤ་འཁོན་ཆགས་རྣམས་ལ། ། ཤ་རིན་ཁྲག་ཚབ་གླུད་གཏོར་འདི་འབུལ་ལོ། ། ལན་གསུམ་བརྗོད། ན་མཿ་སརྦ་ཏ་ཐཱ་ག་ད་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་གསུམ་བརྗོད། གླུད་གཏོར་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ། །ཕྱིན་ཆད་ནམ་ཡང་གནོད་པ་མ་བྱེད་ཅིག ། འདི་ཡན་ཆད་ཁ་གྲངས། ཨོཾ་ཨཱཿབཛྲ་མུ། གནོད་བྱེད་བགེགས་རིགས་ལན་ཆགས་རྣམས། ། སོ་སོར་རང་རང་གནས་སུ་སོང་། ། བདག་གི་བསམ་པའི་ㄨㄨའབྱུང་གྱུར་ཅིག ། སྐར་མ་རབ་རིབ་མར་མེ་ㄨㄨ། འཇམ་དཔལ་དཔའ་བོའི་ㄨㄨ། དུས་གསུམ་གཤེགས་པའི་རྒྱལ་བ་ㄨㄨབསྔོ་བར་བགྱི། །

 

བརྒྱུད་འགོད།