ཚེ་ཆོག་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

    སྤེལ་དུས།  2015-12-06 13:16:35         ཀློག་ཐེངས།  

          ན་མོ་གུ་རུ། འདིར་གཞན་ལ་དབང་གི་སྒོ་ནས་ཁྲུས་དབང་ཙམ་བསྐུར་བའི་ཚིག་མདོར་བསྡུས་བྲི་བ་ལ། སྐྱབས་སེམས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀར་ཟླ་བ་གནས་པའི་ཧྲཱིཿདམར་པོའི་འོད་ཟེར་གྱིས་བདེ་བ་ཅན་ནས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་ཀར་ཐིམ། གང་གི་དྲིན་གྱིས་བདེ་ཆེན་གནས། ཞེས་པ་ནས། རྡོ་རྗེ་ཅན་ཞབས་པད་ལ་འདུད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། ཅེས་པ་ནས། སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། ཞེས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ཅེས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་། ཞེས་སོགས་ཚད་མེད་བཞི་བསྒོམ། ཚོགས་ཞིང་རང་གནས་སུ་གཤེགས་པར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་བྱུ་རུའི་ལྷུན་པོ་ལ་ཉི་མ་བྱེ་བའི་མདངས་ཀྱིས་འཁྱུད་པ་ལྟ་བུ་དམར་ཞིང་འོད་ཟེར་འཕྲོ་བ་ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་ཏེང་ངེ་འཛིན་གྱི་ཕྱག་རྒྱའི་སྟེང་ན་ཚེའི་བདུད་རྩིས་གང་བའི་བུམ་བཟང་དགོས་འདོད་འབྱུང་བའི་དཔག་བསམ་ཤིང་གིས་ཁ་རྒྱན་ཅན་བསྣམས་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། མུ་ཏིག་གི་སེ་མོ་དོ། དོ་ཤལ་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་སྐུ་ལྷ་རྫས་ལས་གྲུབ་པའི་དར་གྱི་ན་བཟས་མཛེས་པར་ཀླུབས་ཤིང་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར་ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་རྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་ཨ་མྲྀཏས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། ཞེས་པ་ནས། ཨོཾ་ཨ་བ་རི་མི་ཏ་ཨཱར་ཛྙཱ་ན་ཨཱརྒྷཾ་པྲ་ཏི་ཙྪ་ཧཱུཾ་སྭཧཱ། ནས་ཤཔྟའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། ཅེས་པ་ནས། ཕྱག་འཚལ་བསྟོད། རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་པ་ལས་འོད་ཟེར་འཕྲོས་འགྲོ་བའི་དོན་བྱས། སངས་རྒྱས་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་སྲིད་ཞིའི་ཡོན་ཏན་ཐམས་ཅད་བསྡུས་ནས་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ་པར་གྱུར། ཨོཾ་ན་མོ་བྷྲུཾ་ཨཱ་ཡུར་ཛྙཱ་ན་ཧྲཱིཿ སྙིང་བོ་དང་། ཏཏྱ་ཐཱ། ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཧྲཱིཿཧཱུཾ་བྷྲུཾ་སྭཱཧཱ། ཉེ་སྙིང་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཞེས་སོགས་རྩ་སྔགས་དང་གསུམ་ཀ་ཅི་འགྲུབ་བཟླས་བའི་མཐར་ཡི་གེ་བརྒྱ་བས་ལྷག་ཆད་བསྐང་། མཆོད་བསྟོད་མདོར་བསྡུས་བྱའོ། དེ་ནས་བུམ་པ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་བའི་ངང་ལས་བཾ་ལས་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱཧཱ། ལྷའི་ཆུ་བོ་གངྒ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཁྲོ་འཛུམ་སྒེག་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་ཅིང་གཡོན་སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། སྦྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་དར་གྱི་སྟོད་གཡོགས་དང་སྟག་གི་ལྦགས་པའི་ཤམསཐབས་ཅན། ཁྲོ་བོའི་ཉམས་ཐམས་ཅད་དང་ལྡན་ཞིང་། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་བ་ཡོངས་སུ་གྱུར་པ་ལས་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ཏེ། ཆོས་དབྱིངས་རྣམ་དག་ཡེ་ཤེས་རང་བཞིན་ལས། ཞེས་སོགས་ཀྱི་མཐར། ཨོཾ་བཛྲ་མ་ཧཱ་ཀྲོ་ངྷཱ་རཱ་ཛ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ་འཇིགས་པའི་ཧཱུཾ་སྒྲ་ㄨㄨ། ཅེས་བསྟོད། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་བརྒྱ་རྩ་སོགས་བཟླས་ལ་མཐར་ཡི་གེ་བརྒྱ་བས་ལྷག་ཆད་བསྐངས། མཆོད་བསྟོད་མདོར་བསྡུས་བྱའོ། དེ་ནས་མདུན་བསྐྱེད་བསྒྲུབ་པ་ནི། དཀྱིལ་འཁོར་ཡོད་ན་བཤམས། མེད་ན་པདྨ་འདབ་མ་བརྒྱད་པ་ལ་འབྲུའི་ཚོམ་བུ་བཀོད་དེ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷ་ཝ་དང་ཤུནྱ་ཏས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་མེ་རི་དང་བཅས་པའི་དབུས་སུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། གདན་དེ་རྣམས་ཀྱི་སྟེང་དུ་ཧྲཱིཿདམར་པོ་རིང་ཆ་ཚག་དྲག་དང་བཅས་པ་རེ་རེ། དེ་རྣམས་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་སུ་རྣམ་སྣང་ཚེ་དཔག་མེད། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོར་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། བྱང་ཤར་དུ་ཀུན་གཟིགས་ཚེ་དཔག་མེད། ཤར་ལྷོར་ཡོན་ཏན་ཚེ་དཔག་མེད། ལྷོ་ནུབ་ཏུ་ཡེ་ཤེས་ཚེ་དཔག་མེད། ནུབ་བྱང་དུ་མི་གཡོ་ཚེ་དཔག་མེད། ཐམས་ཅད་ཀྱང་སྐུ་མདོག་བྱི་རུའི་ལྷུན་པོ་ལ་ཉི་མ་བྱེ་བའི་མདངས་ཀྱིས་འཁྱུད་པ་ལྟ་བུ་དམར་ཞིང་འོད་ཟེར་འཕྲོ་བ་ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པའི་ཞལ་གཅིག་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་སྟེང་དུ་ཚེའི་བདུད་རྩིས་གང་བའི་བུམ་བཟང་དགོས་འདོད་འབྱུང་བའི་དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་ཕྱག་གདུབ་ཞབས་གདུབ་མུ་ཏིག་གི་སེ་མོ་དོ་དོ་ཤལ་ལ་སོགས་པའི་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལྷ་རྫས་ལས་གྲུབ་པའི་དར་གྱི་ན་བཟས་མཛེས་པར་ཀླུབས་ཤིང་། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ ཀར་ཟླ་གདན་ལ་ཧྲཱིཿདམར་པོ་ཧཱུཾ་སྔོན་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་བདེ་བ་ཅན་སོགས་རང་བཞིན་གྱི་གནས་རྣམས་ནས་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་པ་ནས། ཨོཾ་པདྨ་ཀ་མ་ལ་ཡེ་སྟྭཾ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།ཞེས་པ་ནས། དེ་བཞིན་བདག་གིས་ཁྲུས་བགྱིའོ། ཨོཾ་སརྦ་ཏ་ཐཱ་ག་ㄨཡེ་སྭཱཧཱ། ཞེས་དབང་བསྐུར་ལུས་ཐམས་ཅད་གང་བདེ་བ་ཆེན་པོ་མྱོང་། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་རྣམས་བྱིན་གྱིས་བརླབས་ཏེ། ལྷ་ཡི་མཆོད་ཡོན་དམ་པ་འདི། ཞེས་སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོའི་བར་དང་། རིན་ཆེན་དབང་གི་རྒྱལ་བོ་བེཌཱུཪྻ། །སྔོན་པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །རྣམ་གསུམ་གཟུགས་ཀྱི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་དབུལ་བར་བྱ། །ཨོཾ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་རཱུ་བ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། མ་ཟིན་འབྱུང་བའི་ཚོགས་པ་ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་པ་སྒྲ་ཡི་ཚོགས། །རྣམ་གསུམ་སྒྲ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྙན་ལ་དབུལ་བར་བྱ། །ཨོཾ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཤ་པྟ་ㄨ། ག་བུར་ཨ་ཀར་ཛ་ཏི་ལ་སོགས་པ། ལེགས་པར་སྦྱར་ལས་བྱུང་བ་དྲི་ཡི་ཚོགས། རྣམ་གསུམ་དྲི་ཡི་རྡོ་རྗེ་ㄨ། དཀྱིལ་འཁོར་ལྷ་ཡི་ཤངས་ㄨ། ཨོཾ་ཨ་ㄨགནྡྷེ་ㄨ། ལུས་མཆོག་བརྟས་བྱེད་བདུད་རྩིའི་ཟས་སོགས་ཀྱི། །མངར་སྐྱུར་ཁ་དང་བསྐ་ལ་སོགས་པའི་རོ། །རྣམ་གསུམ་རོ་ཡི་ㄨ། དཀྱིལ་འཁོར་ལྷ་ཡི་ལྗགས་ལ་ㄨ། ར་སㄨ། ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བ། །དཔག་བསམ་གོས་ལ་སོགས་པ་རེག་བྱའི་ཚོགས། །རྣམ་གསུམ་རེག་བྱའི་ㄨ། དཀྱིལ་འཁོར་ལྷ་ཡི་སྐུ་ལ་དབུལ་བར་བྱ། །ཨོཾ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སྥཪྴ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཡང་ན། ཨེ་མ་མཆོད་པ་བླ་ན་མེད། །རང་བྱུང་མཆོད་པ་ཆེན་པོ་སྟེ། །གཟུགས་ཀྱི་ལྷ་མོས་མེ་ལོང་འཛིན། །གཟུགས་ཀྱི་མཆོད་པ་སྤྱན་ལ་འབུལ། །ཨོཾ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་རཱུ་བ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨེ་མ་མཆོད་པ་ㄨ། རང་བྱུང་ㄨ། སྒྲ་ཡི་ལྷ་མོས་བི་ཝང་འཛིན། །སྒྲ་ཡི་མཆོད་པ་སྙན་ལ་འབུལ། །ཤཔྟ་ㄨ། ཨེ་མ་ㄨ། རང་བྱུང་ㄨ། དྲི་ཡི་ལྷ་མོས་དུང་ཆོས་འཛིན། །དྲི་ཡི་མཆོད་པ་ཤངས་ལ་འབུལ། །གནྡྷེ་ㄨ། ཨེ་མ་ㄨ། རང་བྱུང་ㄨ། རོ་ཡི་ལྷ་མོས་ཞལ་ཟས་འཛིན། །རོ་ཡི་མཆོད་པ་ལྗགས་ལ་འབུལ། །ར་ས་ㄨ། ཨེ་མ་ㄨ། རང་བྱུང་ㄨ། རེག་བྱའི་ལྷ་མོས་ན་བཟའ་འཛིན། །རེག་བྱའི་མཆོད་པ་སྐུ་ལ་འབུལ། །ཨོཾ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སྥཪྴ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཞེས་སོགས་སྔགས་དང་བཅས་བས་འདོད་ཡོན་ལྔ་ཡང་ཕུལ་ལ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་མ་ལུས་པ། །སྐད་ཅིག་ཉིད་ལ་སེལ་མཛད་པ། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང་། །ཉེས་པའི་དྲི་མ་ཀུན་འཇོམས་པ། །རྡོ་རྗེའི་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད་ཕྱག་འཚལ། །བསམ་པའི་དངོས་ཀུན་སྐད་ཅིག་གིས། །རང་དོན་བཞིན་དུ་ཚིམ་མཛད་དཔལ། །མཆོག་གི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་ㄨ། ཇི་ལྟར་ཉོན་མོངས་དྲི་མ་ཡི། །ཀུན་ནས་གོས་པར་མི་འགྱུར་ཞིང་། །ཐུགས་རྗེས་ཆགས་ཚུལ་སྟོན་པར་མཛད། །པདྨ་ཚེ་དཔག་མེད་ཕྱག་ㄨ། འདོད་པའི་ལས་རྣམས་མ་ལུས་པ། །སྐད་ཅིག་ཉིད་ལ་རྫོགས་མཛད་དཔལ། །བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང་། །ལུས་ཀྱི་ཚེ་དཔག་མེད་ㄨ། ཉེས་པ་ཀུན་ལས་རྣམ་གྲོལ་ནས། །སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་པོ་སྟེ། །ཀུན་གཟིགས་ཚེ་དཔག་མེད་ཕྱག་འཚལ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མ་ལུས་མི་མཐུན་ཕྱོགས་འཇོམས་པ། །སྟོན་པ་སྲེད་མེད་བུ་ཡི་སྟོབས། །ཡོན་ཏན་ཚེ་དཔག་མེད་ㄨ། མེ་ལོང་མཉམ་ཉིད་ལ་སོགས་པའི། །ཡེ་ཤེས་མང་པོའི་མཛོད་འཛིན་ པ༑ ༑རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད་ㄨ། རྣམ་རྟོག་རླུང་གིས་ཁྱོད་མི་གཡོ། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་འཇོམས་མཛད་པ། །མི་གཡོ་ཚེ་དཔག་མེད་ㄨ། འཁོར་བའི་སེམས་ཅན་མ་ལུས་པ། །ཁྱོད་ཀྱིས་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྦྱིན་མཛད་པ། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། ཅེས་སོགས་ཀྱིས་བསྟོད། བཟླས་པ་བྱ་བ་ནི། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཕྱག་མཚན་གྱི་བུམ་པའི་ནང་དུ་ཟླ་བའི་གདན་ལ་ཧྲཱིཿཡིག་དམར་བོའི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། །འབྱུང་བཞིའི་རོ་བཅུད་ལྷ་མིའི་དྲང་སྲོང་དང་ཚེའི་རིག་འཛིན་ཐོབ་པ་རྣམས་ཀྱི་ཚེ་དང་བསོད་ནམས་སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས། སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། སྤྱིན་པའི་བདག་པོའི་ལུས་ཐམས་ཅད་གང་། སྟོབས་དང་བསོད་ནམས་རྒྱས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། བར་བསམས་ལ༑ ཨོཾ་ན་མོ་བྷྲུཾ་ཨཱ་ཡུར་ཛྙཱ་ན་ཧྲཱིཿཨ་རོ་ལིཀ་ཧཱུཾ་ཧྲཱིཿ སྙིང་བོའོ། ཏཏྱ་ཐཱ། ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཧྲཱིཿཧཱུཾ་བྷྲུཾ་སྭཱཧཱ། ཉེ་སྙིང་ངོ་། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཞེས་སོགས་རྩ་སྔགས་ཏེ་གཟུངས་རིང་དང་།ཨོཾ་བཻ་རོ་ཙ་ན་ཨཱ་ཡུར་ཛྙཱ་ན་སིདྡྷི་ས་མ་ཡེ་ཧཱུཾ། ཞེས་དང་། དེ་བཞིན་དུ། ཨོཾ་བཛྲ་ཨཱ་ཡུར་ཛྙཱ་ན་སིདྡྷི་ㄨ། ཨོཾ་རཏྣ་ཨཱ་ཡུར་ཛྙཱ་ན་ㄨ། ཨོཾ་པདྨ་ཨཱ་ཡུར་ཛྙཱ་ན་ㄨ། ཨོཾ་ཀརྨཱ་ཨཱ་ཡུར་ཛྙཱ་ན་ㄨ། ཨོཾ་སརྦ་ཨ་ཝ་ལོ་ཀི་ཏེ་ཨཱ་ཡུར་ㄨ། ཨོཾ་གུ་ཎ་ཨཱ་ཡུར་ㄨ། ཨོཾ་ཛྙཱ་ནཨ་ཡུར་ㄨ། ཨོཾ་ཨ་ཙ་ལ་ཨཱ་ཡུར་ㄨས་མ་ཡེ་ཧཱུཾ། ཞེས་ལྷ་དགུའི་སྙིང་བོ་ཅི་འགྲུབ་བཟླས་ལ་མཐར་ཡི་གེ་བརྒྱ་བས་ལྷག་ཆད་བསྐང་། མཆོད་བསྟོད་མདོར་བསྡུས་བྱས་ལ། གཏོར་མ་དཀར་གཏོར་གསུམ་བཤམས་ཏེ། ཨོཾ་བཛྲ་ཨ་མྲྀཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཕུལ་ཏུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕུལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཆོས་སྐྱོང་སྲུང་མ་ཐམས་ཅད་དང་རྒྱལ་བོ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངསཏེ་གསོལ་བར་གྱུར། ཨོཾ་ཤྲཱི་དྷརྨཱ་བཱ་ལ་ས་པཱ་རི་ཝཱ་ར་ཨི་དཾ་ㄨ། ལན་གསུམ། ཨོཾ་ཙ་ཏུར་མ་ཧཱ་རཱ་ཛ་ས་པཱ་རི་ཝ་ར་ཨི་དཾ་ㄨ། སོགས་ལན་གསུམ་གྱིས་རྒྱལ་ཆེན་བཞི་ལ་ཕུལ། ཨོཾ་ཤྲཱི་དྷརྨཱ་བཱ་ལ་ཙ་ཏུར་མ་ཧཱ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་ཀྱིས། །བསྟན་པ་སྲུང་ཕྱིར་རྣལ་འབྱོར་བུ་བཞིན་དུ། །སྐྱོང་མཛད་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། ཞེས་སོགས་ཀྱིས་བསྟོད། གཏོར་མགྲོན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྤྱིན་གཏོར་མ་འདི་སྣོམས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་འཕྲིན་ལས་བཅོལ་བར་བྱའོ། །དེས་ནས། དཀྱིལ་འཁོར་གྱི་ཤར་སྒོའི་ཕྱི་རོལ་ཀྱི་སྟེགས་བུའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་སློབ་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་ཤིང་བསོད་ནམས་དང་གཟི་བརྗིད་ཀྱི་དཔལ་དང་ལྡན་པས་འཁོད་པར་གྱུར། ཅེས་བརྗོད་ཅིང་བསམ་ལ་མཎྜལ་འབུལ་དུ་བཅུག འཇིག་རྟེན་འདྲེན་པའི་ཞེས་པ་ནས་སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས། །ཞེས་ལན་གསུམ་གྱིས་གསོལ་འདེབས་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། ཞེས་པ་ནས་སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་པའི་བར་ལན་གསུམ་རྗེས་བཟློས་བྱེད་དུ་བཅུག་སྟེ་བྱང་སྡོམ་ཐོབ་པའི་མོས་པ་བྱ། དེ་ནས་སྦྱངས་པ་རྣམས་རིམ་པ་ལྟར་གཙོ་རྒྱལ་མའི་བར་དུ་བྱས་པའི་མཐར། བླ་མ་དང་བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་བདག་ཕྱག་འཚལ་ཞིང་གསོལ་བ་འདེབས་སོ། །བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་ཤིག འཆི་མེད་ཚེའི་དངོས་གྲུབ་བསྩལ་ཏུ་གསོལ། ཞེས་སློབ་མས་ལན་གསུམ་གསོལ་བ་བཏབ་པས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྤྱི་བོའི་ཨོཾ་ལས་འོད་དང་བདུད་རྩི་དཀར་པོའི་རྒྱུན་བྱུང་སློབ་མའི་སྤྱི་བོར་ཐིམ། ཚེ་དཔག་མེད་ཀྱི་སྐུའི་བྱིན་རླབས་ལུས་ལ་ཞུགས། ལུས་ཀྱི་སྒྲིབ་པ་དག བུམ་པའི་དབང་ཐོབ། ལུས་ལྷ་སྐུར་བསྒོམས་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པར་གྱུར། དེ་བཞིན་དུ་དཀྱིལ་འཁོར་བ་རྣམས་ཀྱི་མགྲིན་པའི་ཨཱཿལས་འོད་དང་བདུད་རྩི་དམར་བོའི་རྒྱུན་བྱུང་སློབ་མའི་མགྲིན་པར་ཐིམ། ཚེ་དཔག་མེད་ཀྱི་གསུང་གི་བྱིན་རླབས་ངག་ལ་ཞུགས། ངག་གི་སྒྲིབ་པ་དག་གསང་བའི་དབང་ཐོབ། ངག་བཟླས་པ་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པར་གྱུར། ཡང་ཐུགས་ཀའི་ཧཱུཾ་ལས་འོད་དང་བདུད་རྩི་སྔོན་པོའི་རྒྱུན་བྱུང་སློབ་མའི་སྙིང་ཁར་ཐིམ། ཚེ་དཔག་མེད་ཀྱི་བྱིན་རླབས་སེམས་ལ་ཞུགས། ཡིད་ཀྱི་སྒྲིབ་པ་དག་སེམས་ཏེང་ངེ་འཛིན་བསྒོམས་པ་ལ་དབང་བར་བྱས། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པར་གྱུར། ཡང་དཀྱིལ་འཁོར་བ་རྣམས་ཀྱི་གནས་གསུམ་གའི་ཡི་གེ་ལས་འོད་དང་བདུད་རྩི་དཀར་དམར་མཐིང་གསུམ་གཅིག་ཆར་དུ་བྱུང་། སློབ་མའི་གནས་གསུམ་དུ་ཐིམ། ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བྱིན་རླབས་ཐམས་ཅད་ལུས་ངག་ཡིད་གསུམ་ལ་ཞུགས། ལུས་ངག་ཡིད་གསུམ་བྱེད་པ་དང་བཅས་པའི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག དབང་བཞི་བ་ཚིག་དབང་རིན་པོ་ཆེ་ཐོབ། ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར། བླ་མ་བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་ཏུ་གསོལ། །རིག་འཛིན་ཚེ་ཡི་དངོས་གྲུབ་བསྩལ་ཏུ་གསོལ། །ཚེ་དཔལ་མི་འགྱུར་གཡུང་དྲུང་ལྟ་བུར་མཛོད། ། ཅེས་བརྗོད་དེ་སློབ་མ་ལ་མཎྜལ་འབུལ་དུ་བཅུག་ནས་རང་གནས་སུ་གཏོང་ངོ་། དེ་ནས་མཆོད་སྟོད་བཟོད་གསོལ་དང་བཅས་པའི་མཐར། མདུན་སྐྱེད་ཀྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྟེན་དང་རྟེན་པར་བཅས་པ་རང་ཉིད་ལ་ཐིམ་ཞིང་། རང་ཡང་སྐུའི་སྟོད་སྨད་ནས་འོད་དུ་ཞུ་སྟེ་ཐུགས་ཀའི་ཧཱུཾ་ལ་ཐིམ། དེ་ཡང་རིམ་གྱིས་ཞུ་ནས་མི་དམིགས་པར་གྱུར། སྟོང་བའི་ངང་ལས་རང་ཉིད་ཚེ་དཔག་མེད་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར་པར་བསམ་ལ་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ། ཚེ་ཆོག་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ཡང་རི་ཁྲོད་འཛིན་པའི་དགེ་སློང་དགེ་འདུན་ཡོན་ཏན་ཞེས་བྱ་བས་རབ་དཀར་ལྷ་རྫས་དང་ཟམ་ཡུག་གཉིས་བཅས་བསྐུལ་པའི་ངོར། ༧ བྱ་ཁྱུང་མཁན་ཟུར་སྐ་ཕུག་པ་མ་ཏི་བྷ་དྲ་ཨཪྠ་སི་ངྷིས་རབ་བྱུང་བཅུ་བཞི་བའི་རབ་མྱོས་ཞེས་པ་ལྕགས་རྟ་ལོའི་ཧོར་ཟླ་གཉིས་པའི་དགའ་བ་དང་པོའི་ཉིན། སྐ་ཕུག་གི་དགོན་པ་གསང་སྔགས་བསྟན་རྒྱས་གླིང་གི་བླ་བྲང་བཀྲ་ཤིས་བདེ་ལེགས་ནས་སྦྱར་བའོ། །ཚེ་དཔག་མེད་མགོན་རྣམ་པར་རྒྱལ་མ་སོགས། །འཆི་མེད་ལྷག་པའི་ལྷ་ཡི་ཚོགས་རྣམས་ཀྱིས། །བླ་མའི་ཞབས་པད་བརྟན་ཅིང་གཞན་ཕན་གྱི། །མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་དགེ་ལེགས་སྩོལ། །

བརྒྱུད་འགོད།