མགོན་པོའི་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ་ཚུལ་འཁྱེར་བདེ་བཞུགས་སོ།།

    སྤེལ་དུས།  2015-12-06 13:16:04         ཀློག་ཐེངས།  

        ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡ། ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་རྗེ་གཅིག་བསྡུས་མྱུར་མཛད་སྤྱན་རས་གཟིགས། །ཕྱག་དྲུག་ཡེ་ཤེས་མགོན་པོ་ལ་བཏུད་ནས། །སྦྱིན་སྲེག་ཆོ་གའི་རིམ་པ་དེང་འདིར་འགོད། །འདིར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཞི་རྒྱས་ཀྱི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལ། ཞི་བའི་སྦྱིན་སྲེག་གི་རྣམ་བཞག་དང་། རྒྱས་པའི་སྦྱིན་སྲེག་གི་སྒོས་ཀྱི་ཁྱད་པར་གཉིས་ལས། དང་བོ་ལ། སྔར་སའི་ཆོ་ག་མ་བྱས་པའི་གཞིར་སྔོན་དུས་སྦྱངས་པ་དགོས་པས་ལྷའི་ང་རྒྱལ་ལ་གནས་པས་ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་ས་ལ་བཞག་ནས། ཨོཾ་ཨཱཿཧཱུཾ་དང་། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་ཧཱུཾ་ཕཊ། ཅེས་བརྗོད་ནས། རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ་ཞིང་། རྡོ་རྗེ་གསུམ་གྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་པར་བསམ་པའམ། ཡང་ན། རང་གི་ལྷའི་སྔགས་བརྒྱ་རྩ་བརྒྱད་བརྗོད་པས་ཀྱང་རུང་སྟེ། དེ་འདྲའི་ཀུན་རྫོབ་ཀྱིས་དག་པ་དང་། སའི་སྐྱོན་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་བར་སྒོམ་པ་དོན་དམ་པའི་སྦྱངས་བ་བྱས་ནས། ས་གཞི་རང་བཞིན་གྱི་དཀར་བའམ། ས་དཀར་བོ་སོགས་བྱུགས་པས་དཀར་བོར་བྱས་ལ། ཐོག་མར་དབུས་བཙལ་ནས་ཚངས་ཟུར་གྱི་ཐིག་གདབ་སྟེ། དེ་ནས་ཐིག་སྐུད་ཁྲུ་ཕྱེད་པ་ཞིག་གིས་དབུས་ནས་ཟླུམ་བོར་བསྐོར་བར་བྱའོ། །དེ་ནས་ཁྲུ་ཕྱེད་པ་དེ་ལ་སོར་བཞི་བསྣན་སྟེ། དབུས་ནས་ཟླུམ་པོར་བསྐོར་བར་བྱའོ། །ཡང་དེའི་སྟེང་དུ་སོར་བཞི་བསྣན་ཏེ་སླར་ཡང་དབུས་ནས་ཟླུམ་པོར་བསྐོར་བར་བྱའོ། །དེ་ནས་ཚངས་ཐིག་གི་སྟེང་ནས་སོར་གཉིས་ཕྱིར་གཞལ་བའི་མཚམས་སུ་བྱ་རྗེས་བཙལ་ཏེ། ཟུར་ཐིག་ནས་ཟུར་ཐིག་གི་བར་ལ་ཐིག་བརྐྱངས་ནས་གྲུ་བཞིར་གདབ་པར་བྱའོ། །ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བས་བསྐོར་བར་བྱ་ཞིང་། ཕྱིའི་ཟུར་བཞིར་ཟླ་བ་ཕྱེད་བའི་སྟེང་རྡོ་རྗེ་རྩེ་གསུམ་པ་བྱེད་པས་མཚན་པ་དང་། ཐབ་ཀྱི་དབུས་སུ་པདྨ་དཀར་བོ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་རྩེ་ལྔ་བ། སྲིད་དུ་སོར་བརྒྱད་པ། དཔངས་སུ་སོར་གཅིག་པ་བྱའོ། །ཟླུམ་ཐིག་ནང་མའི་སྟེང་ནས་བུད་ཤིང་སྐམ་པོ་སྲོག་ཆགས་མེད་ཅིང་དྲི་མི་ཞིམ་པ་མེད་པའི་ཟླུམ་པོར་བརྩིགས་ཏེ། ཐབ་ཁུང་དང་བུད་ཤིང་གི་རྩིག་པ་ལས་དཀར་བོས་བྱུགས་ཅིང་། ཕྱི་རོལ་ཏུ་བའི་ལྕི་བ་དང་བདུད་རྩི་དཀར་བོ་དང་ལྡན་བའི་དྲི་དཀར་བོས་བྱུག་ལ། མེ་ཏོག་དཀར་བོའི་བསིལ་མ་དགྲམ་པར་བྱའོ། །དེ་ནས་ཆུ་བཞི་དང་བཟེད་ཞལ་གསུམ་དང་། བསང་གཏོར་གྱི་ཀུ་ཤའི་ཆུན་པོ་དང་བཅས་པ་མཉྫིལ་སོགས་པའི་སྟེང་དུ་གཡོན་དུ་འགོད་པར་བྱ་ཞིང་། བསང་ཆུའམ་ལས་བུམ་ཀྱང་གཡོན་དུ་འགོད། གཡས་སུ་ཐོག་མར་བསྲེག་རྫས་རྣམས་འབུལ་བའི་རིམ་པ་བཞིན་བསྒྲིག དེའི་ནང་རོལ་ཏུ་མེ་ལྷའི་མཆོད་རྫས་རྣམས་རིམ་པ་བཞིན་བཀོད་པའི་མཐར། འཇིག་རྟེན་པའི་མེ་ལྷའི་གཏོར་མ་ཡང་བཤམས། དེའི་ནང་རོལ་ཏུ་འཇིག་རྟེན་ལས་འདས་པ་ལ་འབུལ་བའི་མཆོད་རྫས་ཆུ་བཞི་མ་གཏོགས་པ་རྣམས་རིམ་བཞིན་དགོད། མར་ཁུ་དང་དགང་བླུག རྡོ་དྲིལ་དང་ནང་མཆོད་བཅས་མདུན་དུ་བཞག མེ་གསོ་བའི་ཆས་དང་། ཐབ་ཀྱི་ཁ་ཁྱེར་ལ་འགོད་རྒྱུའི་ཀུ་ཤ་ཡང་སྟ་གོན་བྱས་ལ། རྫས་ཐམས་ཅད་ལ་བདུད་རྩི་རིལ་བུ་བཏབ་པའི་ནང་མཆོད་ཀྱི་བྲན་པར་བྱ་བ་སོགས་ཆོ་གའི་ཡན་ལག་རྣམས་ཚོགས་པར་བྱས་ཏེ། བདག་མདུན་གྱི་ཆོ་ག་དཀྱུས་ལྟར་སྔོན་དུ་བཏང་ལ་འཇམ་ཞིང་བདེ་བའི་སྟན་ལ་པདྨའི་འདུག་སྟངས་ཀྱི་ཁ་ཤར་དུ་ཕྱོགས་པས་འདུག་སྟེ་བསང་ཆུ་དང་ནང་མཆོད་སྒྲུབ་ཅིང་བྱིན་གྱིས་བརླབས། དེ་ནས་སྨྲ་བ་བཅད་དེ། དཀར་གཏོར་བཏང་ཞིང་། རྡོ་རྗེ་ནི་ཐབས་དང་ཞེས་པ་ནས་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་པའི་བར་གྱིས་རྡོ་དྲིལ་བྱིན་གྱིས་བརླབས། ཧྲཱིཿཥྚཱིཿབརྗོད་ཅིང་བསང་ཆུ་དང་ནང་མཆོད་ཀྱིས་གཡས་སྐོར་དང་གཡོན་སྐོར་དུ་ལན་གསུམ་གསུམ་བསངས། དེ་ནས་སླར་ཡང་མཆོད་རྫས་རྣམས་ལ་ནང་མཆོད་གཏོར་ལ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་ཞེས་པ་ནས་ཨོཾ་ཤཔྟ་ཨཱཿཧཱུཾ། ཞེས་པའི་བར་གྱིས་ཆུ་བཞི་དང་བཅས་པའི་མཆོད་རྫས་རྣམས་བྱིན་གྱིས་བརླབས། དེ་ནས་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྦྲད་པའི་བསྲེག་རྫས་རྣམས་ལ་རེག་ཅིང་། ཨོཾ་སྭཱ་ཧཱ་ཞེས་པས་བཀྲུས་པར་བསམ། ཨོཾ་ཨཱཿསྭཱ་ཧཱས་ཡམ་ཤིང་དང་། ཨོཾ་ཤྲཱིཿསྭཱ་ཧཱས་ཞུན་མར་དང་། ཨོཾ་ཛཱི་སྭཱ་ཧཱས་འབྲུ་དང་། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་དེ་དག་ལས་གཞན་པའི། རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཤིང་དག་ནས་བདུད་རྩི་ལྔའི་ངོ་བོར་གྱུར་བར་བསམ་མོ། །དེ་ནས་འོ་མ་ཅན་གྱི་ཤིང་ལས་བྱུང་བའི་མེ་ལ་སོགས་པ། ཨོཾ་ཨཱཿཧཱུཾ། ཞེས་འབྲུ་གསུམ་བརྗོད་དེ་བཞག་ལ། ཞུན་མར་གྱི་སྒྲོན་མེ་སྦར་ཞིང་ལས་སྔགས་བརྗོད་ལ་བསང་ཆུ་དང་ནང་མཆོད་ཀྱིས་མེ་དེ་ཉིད་གཡས་སྐོར་དུ་ལན་གསུམ་བསངས། དེ་ནས་སྒྲོན་མེ་དེ་གཙང་ཞིང་ཤིན་ཏུ་སྐམ་པའི་རྩྭའི་ཆུན་པོ་དང་བཅས་ཐབ་ཀྱི་ནང་དུ་བཅུག་ལ། ཨོཾ་བཛྲ་ཛྭལ་ཛྭལ་རཾ། ཞེས་བརྗོད་དེ་གཟི་བྱིན་བསྐྱེད། ཧཱུཾ་ཞེས་བརྗོད་དེ་རླུང་གཡབ་ཀྱིས་མེ་སྦར། མགོན་པོའི་སྙིང་བོ་ལན་བདུན་བརྗོད་ལ་མར་ཁུ་བླུགས་གཟར་བདུན་གྱི་མེ་གསོ། དེ་ནས་ཀུ་ཤ་རྣམས་ལག་ཏུ་བཟུང་ལ། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་ལན་བདུན་བརྗོད་ལ་ཀུ་ཤ་བྱིན་གྱིས་བརླབ་ལ། དེ་ནས། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པའི་ལྷ་རྣམས་དག་བྱེད་ཡིན། དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་བརྗོད་ནས་ཀུ་ཤ་སྔོ་ལྗང་རྩ་རྩེ་མཉམ་བ་གཉིས་གཉིས་རྩེ་མོ་གཤིབས་པ་རང་གི་གཡོན་ངོས་ནས་བརྩམས་ཏེ་ཐབ་ཀྱི་ཁ་ཁྱེར་ལ་བཀྲམ་ཞིང་། ཐབ་ཁུང་དུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ་ཀུ་ཤ་བཀོད་ཚར་བ་དང་། རྡོ་དྲིལ་འཛིན་པའི་ལག་པ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བགེགས་ཐམས་ཅད་ཞི་བ་དང་བཀྲ་ཤིས་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་དག་ནི་སྦྱོར་བའི་ཆོ་གའོ། །དངོས་གཞིའི་ཆོ་ག་ལ། ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། བསང་ཆུས་ཐབ་བསངས་ཏེ། ཨོཾ་ཧྲཱིཿXཧཱུཾ་ཕཊ། ཨོཾ་ཤུ་ནྱ་ཧཱXཀོ྅ཧཾ། ཐབ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཧཱུཾ་དཀར་བོ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་ཁ་ཁྱེར་དང་བཅས་པ། ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བས་བསྐོར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པར་གྱུར། ཐབ་ཀྱི་ནང་དུ་རཾ་ལས་སྐྱེས་པའི་མེ་གྲུ་གསུམ་གྱི་དབུས་སུ་པདྨ་དང་ཉི་མའི་ལྟེ་བར་རཾ་ལས་བགྲང་འཕྲེང་། དེ་ཡོངས་སུ་གྱུར་པ་ལས། མེ་ལྷ་སྐུ་མདོག་དཀར་བོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཉུག་མར་གནས་པའི་རང་འོད་ཀྱི་རིག་མ་དང་གཉིས་སུ་མེད་པའི་སྐུ། ཕྱག་དང་བོ་གཉིས་ཀྱིས་རང་རང་གི་རིག་མ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་མི་འཇིགས་པའི་ཕྱག་རྒྱ་དང་བགྲང་འཕྲེང་། གཡོན་གཉིས་དབྱུག་གུ་དང་རིལ་བ་འཛིན་པ། རྣམ་སྣང་གི་དབུ་བརྒྱན་ཅན། སྨིན་མ་དང་རལ་བའི་ཚོགས་འབར་ཞིང་ལྟོ་བ་འཕྱང་བ་སྦོམ་ཞིང་ཐུང་ལ་གཟི་བརྗིད་ཆེ་བ། གཡོན་བརྐྱང་གིས་བཞུགས་པའི་ཐུགས་ཀར་མེ་གྲུ་གསུམ་པ་རཾ་གྱིས་མཚན་པར་གྱུར། དམ་ཚིག་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་སྤྲོས་པའི་ཁྲོ་བོ་འདོད་རྒྱལ་གྱི་ཤར་ལྷོ་ནས་བསྒོམ་བ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་བསམ་ལ། ལག་པ་གཡས་མི་འཇིགས་པ་སྦྱིན་བའི་ཕྱག་རྒྱས་མཐེ་བོང་གཡོབ་ཅིང་། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་བོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཊ་ཀྐི་ཧཱུཾ་ཛཿ ཐབ་ཀྱི་མེ་མཚམས་ཀྱི་ཁ་ཁྱེར་གྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར། ཨོཾ་ཧྲཱིཿXཧཱུཾ་ཕཊ། ཅེས་བརྗོད་ཅིང་བསང་ཆུ་གཏོར་ནས་ཕྱི་འབྲང་གི་བགེགས་བསྐྲད། འོག་ནས་ད་ལྟ་ཉིད་དུ་འབྱུང་བ་ལྟར་ཆུ་བཞི་ཕུལ་ཏེ། ཛཿཧཱུཾ་བཾ་ཧོ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧྲཱིཿབྲ་ཝ་ར་ས་དཀ་རཾ་བྲོ་ཀྵ་ཎཾ་བྲ་ཏི་ཙྪ་ཧཱུཾ་སྭཱཧཱ་ས་བསང་གཏོར་དང་བྲོཀྵཎཾ་གྱི་གནས་སུ། ཨཉྩ་མ་ཎི་བཅུག་པའི་ཞལ་བསིལ་དང་། ཨརྒྷཾ་སྦྱར་བས་མཆོད་ཡོན། པཱདྱཾ་ཞེས་སྦྱར་བས་ཞབས་བསིལ་རྣམས་འབུལ་ཞིང་། ཨོཾ་ཨགྣ་ཡེ་ཨ་དེ་བྱཱ་ཨ་བི་ཤ་ཨ་བི་ཤ་མ་ཧ་ཤྲཱི་ཡ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ན་ཡ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། བཱ་ཧཱ་ན་ཡ་བཛྲ་ཤཔྟ་ཨཱཿཧཱུཾ། ཨོཾ་ཨགྣེ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ་ཨོཾ་ཨཱཿཧཱུཾ། ཞེས་པས་ཉེར་སྤྱོད་ལྔ་དང་ནང་མཆོད་འབུལ། དྲིལ་སྟབས་དང་བཅས་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །ཞེས་པ་ནས། དེ་བས་བསྟོད་དེ་ཕྱག་ཀྱང་འཚལ་། །ཞེས་པས་བསྟོད། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལ་ཡ་སརྦ་བྷ་སྨི་ཀུ་རུ་སརྦ་དུ་ཥྚན་ཧཱུཾ་ཕཊ། དྲི་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟཾ་སམ་ཡ་ཧཾ། ཞེས་ལན་གསུམ་གྱིས་དམ་ཚིག་བསྒྲག་གོ །དེ་ནས། མེ་ལྷའི་ལྗགས་རྡོ་རྗེ་རྩེ་གཅིག་པ་དམར་བོ་ལ་རཾ་ཡིག་དང་། དགང་བླུགས་ཀྱི་ཁ་ལ་ཧཱུཾ་ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར་བར་བསམ་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱས། ལག་པ་གཉིས་པུས་མོའི་ནང་ནས་ཕྱིར་མི་འདའ་ཕར་གཡས་སུ་བསྐོར་ཏེ། མེ་བྷའི་ཞལ་ཅུང་ཟད་གདངས་པར་མར་ཁུད་གང་བླུགས་གསུམ་མམ་བདུན་མེ་ལྷའི་སྔགས་ལ་སྦེལ་ཚིག་བཏགས་ནས་དབུལ་ཏེ། ཨོཾ་ཨགྣ་ཡེXབཱ་ཧཱ་ན་ཡ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་ཐར་བ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་བར་དུ་གཅོད་པ་དང་། སྡོམ་པ་གསུམ་དང་འགལ་བའི་བཅས་པ་དང་། རང་བཞིན་གྱི་ཁ་ན་མ་ཐོབ་པ་དང་བཀྲ་མི་ཤིས་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་ཡམ་ཤིང་གཉིས་གཉིས་སྦྱར་བའམ། ཡང་ན་རྐྱང་བ་ལག་པ་གཡས་འཐེབ་སྲིན་གྱིས་མཆོག་སྦྱིན་གྱི་ཕྱག་རྒྱས་རྩེ་མོ་ལྷ་ལ་བསྟན་ནས་དབུལ་ཞིང་། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར། ཨོཾ་ཨགྣ་ཡེXབཱ་ཧཱ་ན་ཡ། ཨོཾ་བོ་ངྷི་བྲིཀྵ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་ཐམས་ཅད་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། མར་ཁུལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་ཨགྣ་ཡེ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་དང་འབྱོར་བ་ཕུན་སུམ་ཚོགས་པ་ལXསྭཱ་ཧཱ། ཏིལ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་སརྦ་བཱ་བཾ་ད་ཧ་ན་བཛྲ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་དང་སྡིག་པ་ཐམས་ཅདXསྭཱ་ཧཱ། དེ་ནས་དུར་བ་གཉིས་གཉིས་སྦྱར་ནས་འཕུལ་ཞིང་། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་བཛྲ་ཨ་ཡུ་ཥེ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་དང་ཚེ་མཐར་ཕྱིན་པ་ལ་བར་དུ་གཅོདXསྭཱ་ཧཱ། འབྲས་མ་གྲུག་པ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་བཛྲ་བུཥྚ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་དང་། བསོད་ནམས་རྒྱས་པ་ལXསྭཱ་ཧཱ། ཞོ་ཟན་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་སརྦ་སཾ་བཱ་དེ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་དང་། བདེ་བ་མཆོག་ལ་བར་དུXསྭཱ་ཧཱ། དེ་ནས་ཀུ་ཤ་གཉིས་གཉིས་སྦྱར་ནས་དབུལ་ཞིང་། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་ཐམས་ཅད་དང་། བསྲུང་བ་མཆོག་ལ་བར་དུ་གཅོད་པ་དང་། གྲིབ་དང་མི་གཙང་བ་ཐམས་ཅདXསྭཱ་ཧཱ། ཡུངས་དཀར་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་སརྦ་ཨརྠ་སི་ད་ངྷཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་ཐམས་ཅད་དང་། བགེགས་ཐམས་ཅདXསྭཱ་ཧཱ། སོ་བ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་བཛྲ་བཾ་ཛཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་ཐམས་ཅད་དང་། ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་Xསྭཱ་ཧཱ། ནས་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་མ་ཧཱ་བེ་ག་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་ཐམས་ཅད་དང་། མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལXསྭཱ་ཧཱ། སྲན་མ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་མ་ཧཱ་བ་ལ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་ཐམས་ཅད་དང་། སྟོབས་རྒྱས་པ་ལ་བར་དུXསྭཱ་ཧཱ། གྲོ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ། ཨོཾ་བཛྲ་གྷ་སྨ་རི། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་དང་། ནད་ཐམས་ཅདXསྭཱ་ཧཱ། གཞན་ཡང་ཞོ་འོ་མ། འབྲས་ཟན། འབྲས་ཡོས། ཙན་དན། བྲི་ཡཾ་ཀུ། ཐང་ཆུ། དྲི་ཞིམ་པོའི་མེ་ཏོག་རྣམས་ཀྱང་འདིར་མེ་ལྷའི་སྔགས་ཀྱིས་དབུལ་ལ། མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པXསྭཱ་ཧཱ། ཞེས་སྦྱོར། དེ་ལྟར་བསྲེག་རྫས་རྣམས་སྙན་པའི་གདངས་ཀྱིས་ཕུལ་ནས། ཨོཾ་ཨཱཿཧྲཱིཿXཨཉྩ་མ་ཎིXསྭཱཧཱ། ཞེས་པས་ཞལ་བསིལ་དང་། ཨོཾ་ཨཱཿཧྲཱིཿXབྲོཀྵཎཾXསྭཱཧཱ། ཞེས་བསང་གཏོར་དབུལ་ལོ། །དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ལ། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་འབར་བའི་དབུས་སུ་བཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཾ་ལས་ཚོགས་བདག་དཀར་བོ་གླང་བོ་ཆེའི་གདོང་བ་ཅན། ཕྱག་གཡས་ཐོད་པ་དང་གཡོན་ལ་ཕུག་འཛིན་པ། མགོ་བོ་གཡས་སུ་བསྟན་ནས་གན་རྐྱལ་དུ་བསྐྱེལ་བ། དེའི་སྟེང་དུ་ཧཱུཾ་གྲི་གུག་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་གྲི་གུག་ས་བོན་དང་བཅས་པ་ཡོངས་སུ་གྱུར་བ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞེས་པ་ནས་པར་སྣང་ནམ་མཁའ་ས་གཞི་ཐམས་ཅད་ཡོངས་སུ་གང་བའི་གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་བོའི་ཚོགས་འཕྲོ་བའི་སྤྱི་བོར་ཨོཾ་དཀར་བོ། ཞེས་པ་ནས། ནག་པོ་ཆེ་ལ་ཕྱག་འཚལ་ལོ། །ཅེས་གཏོར་ཆོག་གི་གཞུང་ལྟར་ལ། དེ་ནས། དག་ཅིང་དྲི་མེད་སོགས་ཀྱི་ཆུ་བཞི་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ཞེས་སོགས་ཀྱི་ཉེར་སྤྱོད་འདོད་ཡོན་དང་བཅས་པ་ཕུལ། གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ་ཞིང་། མྱུར་མཛད་མས་བསྟོད། ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་བོ་ལ་རཾ་ཡིག་དང་། དགང་བླུགས་ཀྱི་ཁ་ལ་ཧཱུཾ་ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར་བར་བསམ་ལ། བསྲེག་རྫས་རྣམས་འབུལ་བའི་ཐོག་མར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾཿXསྭཱཧཱ། བདག་ཅག་དཔོན་སློབ་ཅེས་པ་ནས་བཀྲ་མི་ཤིས་པ་ཐམས་ཅདXསྭཱ་ཧཱ། ཞེས་དགང་བླུགས་བདུན་ཕུལ་ནས་གསོལ་བ་བཏབ་པས་འཕྲིན་ལས་མཛད་པར་ཞལ་གྱིས་བཞེས་པར་བསམ་མོ། །དེ་ནས་བསྲེག་རྫས་རྣམས་འབུལ་བ་ལ་ལྷའི་སྔགས་བདུན་ནམ་གསུམ་ལ་སོགས་བའི་མཐར་རྫས་སྔགས་དང་སྤེལ་ཚིག་སྦྱར་ཏེ་ལྷ་རེ་ལ་གསུམ་མམ་བདུན་ནམ་ཉེར་གཅིག་ལ་སོགས་པ་ཅི་འབྱོར་བ་འབུལ་ལོ། །དེ་ལྟར་བསྲེག་རྫས་རྣམས་ཕུལ་ཚར་བ་དང་། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲོས་པའི་ལྷ་རྣམས་ཀྱིས་བུམ་པ་དཀར་བོ་བདུད་རྩིས་གང་བ་ཐོགས་ནས་སྒྲུབ་བྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལ་ཁྲུས་བྱས་པས་ནད་གདོན་ལ་སོགས་པ་དག་ནས་ལུས་ཤེལ་ལྟར་གྱུར་བར་བསམ་ལ། དེ་ནས་མར་ཁུད་གང་བླུགས་གསུམ་མམ་བདུན་ལ་སོགས་པ་གཙོ་བོའི་སྔགས་ཀྱི་འབུལ་ཞིང་། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀ་རཾ་ཞེས་སོགས་ཀྱིས་མཆོད་ཡོན། བསང་གཏོར། ཞལ་བསིལ་གསུམ་དབུལ། སྲབ་འཇམ་ཡང་བ་སོགས་ཚིགས་བཅད་ཀྱི་མཐར། ཨོཾ་བཛྲ་ཝ་ས་སྱ་སྭཱཧཱ། ཞེས་པས་གོས་གསར་བ་མེ་ནང་དུ་དབུལ་ཞིང་ལྷ་ལ་ན་བཟའ་ཕུལ་བར་བསམ། ཞལ་ཟས་རོ་བརྒྱ་སོགས་ཀྱི་མཐར། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱཧཱ། ཞེས་པས་སོ་རྩི་དབུལ། དེ་ནས་ཉེར་སྤྱོད་འདོད་ཡོན་རྣམས་སྔགས་ཀྱིས་དབུལ་ཞིང་། གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། དུར་ཁྲོད་མ། བསྐལ་མེ་མ། གནོད་སྦྱིན་བཞི་བསྐུལ་རྣམས་ཀྱིས་བསྟོད། གཏོར་ཆོག་ལྟར་གཏོར་མ་བྱིན་གྱི་བརླབ་ཅིང་ལྗགས་བྱིན་རླབས་ཧཱུཾ་དྲུག་གི་དམིགས་པ་དང་བཅས་གཙོ་འཁོར་ཐམས་ཅད་ལ་གཏོར་མ་ཕུལ་ལ་མཐར། མྱུར་མཛད་མགོན་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གི་བར་གྱིས་འདོད་དོན་ལ་གསལ་བ་གདབ་པོ། ། ཨོཾ་ཨཱཿཧྲཱིཿXསྭཱཧཱ། ཞེས་མཆོད་ཡོན་དབུལ། དེ་ནས་ལྷག་ཆད་ཀྱི་ཉེས་བ་ཞི་བར་བྱ་བའི་དོན་དུ་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཀར་བཞག་སྟེ། གང་ཡང་བདག་བློXXXམགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །མ་སྙེད་ཡོངས་སུ་མ་ཤེས་XXXབཟོད་མཛད་རིགས། །ཨོཾ་བཛྲ་སཏྭ་ཨཱཿཞེས་མང་དུ་བརྗོད་ཅིང་། རྡོ་རྗེ་སེམས་དཔའི་ཡིག་བརྒྱ། དེའི་རྗེས་ལ། བླ་མ་མགོན་པོ་དབྱེར་མེད་ལ། །ཞེས་སོགས་ལན་གསུམ་དང། བདག་ལ་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་སྩོལ། །བཛྲ་མུཿཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། མགོན་པོ་དམ་ཚིག་པ་རང་གི་སྙིང་ཀར་ཐིམ་པར་བསམ་མོ། །དེ་ནས་ཐབ་ཀྱི་མེ་ལྷ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ་པུཥྤེ་ནས་ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ་ཨོཾ་ཨཱཿཧཱུཾ། ཞེས་ཉེར་སྤྱོད་དང་ནང་མཆོད་དབུལ། དེ་ནས་བསང་གཏོར། ཞལ་བསིལ། སོ་རྩི། གོས་གསར་བ་རྣམས་འབུལ། དེ་ནས་བསྲེག་རྫས་ལྷག་མ་རྣམས་འཇིག་རྟེན་པའི་མེ་ལྷ་ལ་འབུལ། དྲིལ་སྟབས་དང་བཅས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །ཞེས་སོགས་ཀྱིས་བསྟོད། དེ་ནས་ཡང་ཞལ་བསིལ་དང་བསང་གཏོར་ཕུལ་ལ་མེ་ལྷའི་སྔགས་ལ་པུཥྤེ་སོགས་སྦྱར་བས་ཀྱང་མཆོད། དེ་ནས་གཏོར་མ་ཆང་ཆུ་ནང་མཆོད་ཀྱིས་སྦྱངས་ཏེ། ཨོཾ་ཧྲཱིཿཥྚིཿས་བསངས་ཤིང་། གཏོར་མ་གོང་ལྟར་བྱིན་གྱིས་བརླབ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ན་ཡ་ཨ་ཀ་རཾXསྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། མེ་ལྷའི་སྔགས་ཀྱི་མཐར་པུཥྤེ་སོགས་སྦྱར་བས་སྔར་ལྟར་ཉེར་སྤྱོད་ལྔ་འབུལ། དེ་ནས་དྲིལ་སྟབས་དང་བཅས་པས། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་བོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཨོཾ་ཨཱཿཧྲཱིཿXཨརྒྷཾ་ཙྪ་ཧཱུཾ་སྭཱཧཱ། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་དང་། མ་རྙེད་ཡོངས་སུ་སོགས་ཀྱི་ནོངས་པ་བཟོད་པར་གསོལ་ཞིང་། ཨོཾ་བཛྲ་ས་ཏྭ་ཨཱཿལན་བདུན་བརྗོད་ལ། ཨོཾ་རང་གི་དོན་དང་གཞན་གྱི་དོན། །བསྒྲུབ་མཛད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་སླར་སྦྱོན་ཞིང་། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབ། །ཨོཾ་ཨཱཿབཛྲ་མུཿམེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། དེ་ནས་བསྔོ་བ་དང་ཤིས་བརྗོད་བྱའོ། ། ༧ གཉིས་པ་རྒྱས་པའི་ཁྱད་པར་ལ་ཐབ་ཀྱི་གཞི་སེར་བོ་དང་གྲུ་བཞི་རྒྱབ་ཁྲུ་དོ། བརྐོས་པའམ་བསླངས་པ་ལ་བྲབས་སུ་ཁྲུ་གང་ཡིན་ལ། སྟེང་ནས་མུ་རན་སོར་བརྒྱད། དེ་ནས་རྒྱ་དང་དཔངས་སོར་བརྒྱད་པའི་ཁ་ཁྱེར། དེ་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ། ཐབ་ཀྱི་དབུས་སུ་འཁོར་ལོ་སེར་བོ་རྩིབས་བརྒྱད་པའི་ལྟེབ་བ་རིན་པོ་ཆེ་ཆ་དགུ་བ། དཔངས་སོར་དྲུག་པ་ལ་རྡོ་རྗེསམཚན་པའམ། ཡང་ན་རིན་པོ་ཆེ་རྒྱང་བ། ཐབ་ཁུང་ལས་སེར་བོས་བྱུག་ཅིང་། ཕྱིའི་སྟེགས་བུ་གྲུ་བཞི་བ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་སྔར་བཞིན། ཕྱི་རོལ་ཏུ་བའི་ལྕི་བས་བྱུགས་ཏེ་དེ་དག་ལ་བདུད་རྩི་སེར་བོ་དང་ལྡན་པའི་དྲི་སེར་བོས་བྱུགས་ལ་མེ་ཏོག་སེར་བོ་བཅལ་དུ་དགྲམ། མཆོད་རྫས་ནི། གསེར་དངུལ་ལ་སོགས་པའི་སྣོད་དུ། ཏིལ་དང་ཞོ་དང་། མེ་ཏོག་དང་། དྲི་སེར་བའི་ཆུ་ལ་སོགས་པའོ། །བསྲེག་རྫས་ཀྱི་ཁྱད་པར་ནི། ཡམ་ཤིང་རྒྱུ་ཞི་བ་དང་འདྲ་ཤིང་གི་དབུས་ཀྱི་ཆ་ལས་བྱུང་བ་སྲིད་དུ་ཁྲུ་གང་བ་སྦོམས་སུ་འཆང་བའི་ཚད། བདུད་རྩི་དང་བཅས་དྲི་སེར་བོའི་ཆུས་བྲན་ལ། ཞོ་དང་འོ་མ་དང་མར་དུ་བསྙུགས་པ་མངར་གསུམ་གྱིས་སྔགས་པའོ། །རྒྱས་པའི་བསྲེག་རྫས་ཀྱི་ཁྱད་པར་གཞན་ཡང་། འབྲས་ཆན་ཞོ་དང་བསྲེས་པ་ལ། མངར་གསུམ་གྱིས་སྦགས་པའི་འབྲས་མཆོག་དང་། ཞོ་དང་སྦྲང་རྩི་དང་། ཏིལ་ནག་དང་། ཞོ་ཟན་དང་། ཞུན་མར་དང་བཅས་པའི་འབྲས་དང་། པདྨ་གེ་སར་དང། ནཱ་ག་གེ་སར་དང་། འབྲུ་རྣམས་སོ། །མེ་ནི་རྒྱལ་བོའམ་རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བ་འམ། ནགས་མེས་ཚིག་པ་དང་། ནོར་བུ་ལས་བྱུང་དང་། དགེ་འདུན་གྱི་ཚང་མང་ནས་བྱུང་བའོ། །ཀུ་ཤ་རྣམས་རྩེ་མོ་བྱང་དུ་བསྟན་ནས་དགོད། དགང་བླུགས་འཛིན་པའི་ཕྱག་རྒྱ་ནི། ལག་པ་གཉིས་ཁུ་ཚུར་བཅིང་བའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཕྱག་རྒྱའོ། །ཁ་བྱང་དུ་བསྟན་ལ་སྟན་མཐོན་པོ་ལ་གནས་ནས་རྐང་བ་འོག་ཏུ་དྲང་བོར་བརྐྱངས་པ་བཟང་བོའི་འདུག་སྟངས་བྱས་ཏེ། མེ་ལྷ་སེར་བོ་དང་། འཇིག་རྟེན་ལས་འདས་བའི་ལྷ་རྣམས་ཀྱང་འོད་ཟེར་སེར་བོ་འཕྲོ་བར་བསྒོམ་ལ། སྤེལ་ཚིག་ནི། བདག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་དང་འབྱོར་བ་དང་། གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང་། བསླབ་པ་གསུམ་གྱི་ཡོན་ཏན་ཐམས་ཅད་བུ་ཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར་རོ། །ཆོ་ག་ལྷག་མ་ཕལ་ཆེར་ནི་སྔར་བརྗོད་པ་ཇི་ལྟ་བ་བཞིན་ནོ། །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །བླ་མགོན་དབྱེར་མེད་ཐུགས་རྗེས་ལེགས་བཟུང་སྟེ། །མཆོག་དང་ཐུན་མོང་དངོས་གྲུབ་རིན་ཆེན་གྱིས། །ཡིད་ཀྱི་བུམ་བཟང་ཡོངས་སུ་གང་བར་ཤོག །ཅེས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ་ཚུལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་ཇི་བཞིན་བཀོད་པ་འདི་ནི། ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་གླིང་གི་གདན་ཁྲི་འཛིན་པ་སྤྲུལ་བའི་སྐུ་རིན་པོ་ཆེ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་པའི་ཞལ་སྔ་ནས་དང་། བཀའ་བཅུའི་རིག་གྲོལ་རྣམ་གཉིས་ཀྱིས་ལྷ་རྫས་བཅས་བསྐུལ་ངོར ༧ སྙོམ་ལས་མཁན་འཇིགས་མེད་འཕྲིན་ལས་རྒྱ་མཚོས་མེ་འབྲུག་གནམ་ལོ་གསར་ཚེས་ཀྱི་ཉིན་སུག་བྲིས་སུ་བགྱིས་པའོ༎༎ཆོས་སྲིད་དཔལ་གྱིས་ལེགས་མཚན་བསོད་ནམས་ཞིང་། །བཀྲ་ཤིས་ཆོས་ཀྱི་འཁོར་ལོའི་གླིང་ཆེན་པོར། །མི་བཟད་དཔར་གྱི་མཆོད་སྦྱིན་འདི་སྤྲོས་དགོས། །དགེ་ལེགས་སྣང་བས་ས་གསུམ་ཀུན་ཁྱབ་ཤོག། མངྒལཾ།།

 

 

བརྒྱུད་འགོད།