ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཐོབ་ཡིག་བསྟན་པའི་རྒྱ་མཚོ་མཁས་པའི་འཇུག་ངོགས་ལས་གསང་སྔགས་ཀྱི་འབྱུང་གནས་རྒྱུད་སྡེ་རིན་པོ་ཆེ་རྣམས་ཐོབ་ཚུལ་ཏེ་རིམ་པ་གསུམ་པ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-13 21:19:42     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

147064761514854958.jpg

    རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གཉིས་པ་འབྲས་བུ་རྡོ་རྗེ་ཐེག་པ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་རྒྱུད་ཀྱི་སྐོར་ལ་པོ་ཏི་ཉི་ཤུ་རྩ་གཅིག་ཡོད་པ་ལས། ཀ་པ་ཁ་པ་ག་པ་གསུམ་ལ་རྙིང་མའི་རྒྱུད་རྣམས་བཞུགས་ཀྱང་ལུང་མ་ཐོབ་པས་འདིར་མ་བཀོད་ལ། ད་ལམ་གསང་སྔགས་ཕྱི་འགྱུར་གྱི་སྐོར་ལས་ལུང་གང་ཐོབ་ཀྱི་མཚན་ཐོར་བཀོད་པ་ལ།

༼ང༽ པ་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བ་རྩ་བའི་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་སོ་མ་ན་ཐ་དང༌། འབྲོ་ལོ་ཙཱ་ཤེས་རབ་གྲགས་ཀྱིས་བསྒྱུར་བ་དུས་ཕྱིས་ལྷ་རིན་ཆེན་རྒྱལ་མཚན་གྱིས་དཔལ་ནཱ་རོ་བའི་འགྲེལ་བཤད་དང་མཐུན་པར་ཞུས་ཏེ་དག་པར་བྱས་པ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་བསྡུས་པའི་རྒྱུད་ལེའུ་ལྔ་པ་པཎྜི་ཏ་སོ་མ་ནཱ་ཐ་དང༌། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ལས་དུས་ཕྱིས་འཇམ་མགོན་ས་སྐྱ་པཎ་ཆེན་གྱིས་མཐའི་གསུང་བཞིན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་བདག་རྐྱེན་ལ་བརྟེན་ནས་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ཞུས་པ། སླར་ཡང་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་དང༌། བློ་གྲོས་དཔལ་གཉིས་ཀྱིས་རྒྱུད་དང༌། འགྲེལ་པའི་རྒྱ་དཔེ་མང་པོ་ལ་གཏུགས་ནས་དག་པར་བཅོས་པ། འདི་ལ་སྤྱིར་འགྱུར་བཅུ་དྲུག་ཙམ་ཡོད་སྐད། འཁོར་མང་ཉུང་གིས་ཕྱེ་ན་དུ་མར་འགྱུར་ཡང་གཙོ་བོ་གཅིག་པའི་ཕྱིར་གཅིག་ཏུ་བརྩིས་ལ། འདི་ནས་བསྟན་པའི་དཀྱིལ་འཁོར་ཀུན་བསྡོམས་ན་དཀྱིལ་འཁོར་བདུན་བརྒྱ་དོན་བདུན་ཡོད་དོ། །དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་གཉན་ལོ་ཙཱ་པ་དར་མ་གྲགས་ཀྱིས་བསྒྱུར་བ་རྣམས་ལེགས་པར་ཐོབ་པ་ལས། དབང་མདོར་བསྟན་དང་བསྡུས་རྒྱུད་གཉིས་ཀྱི་རྒྱུད་པ་ནི། དུས་ཀྱི་འཁོར་ལོ། ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་གཉིས། སེངྒེ་རྣམ་པར་རྒྱལ་བ། དུས་འཁོར་ཞབས་པ་ཡབ་སྲས། རྒྱལ་སྲས་ན་ལེནྡྲ་པ། པཎ་ཆེན་སོ་མ་ནཱ་ཐ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། བྲབ་སྒོམ་དཀོན་མཆོག་བསྲུངས། སྒྲོ་སྟོན་གནམ་ལ་བརྩེགས། ཡོ་མོ་མི་བསྐྱོད་རྡོ་རྗེ། སྲས་དྷརྨེ་ཤྭ་ར། མ་གཅིག་སྤྲུལ་སྐུ་ཇོ་འབུམ། ཁང་གསར་བ་ནམ་མཁའ་འོད་ཟེར། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད། བོ་དོང་རིན་ཆེན་རྩེ་མོ འཛིན་པ་རིན་ཆེན་ཤེས་རབ། གློ་ཆེན་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། གངས་ཁྲོད་པ་གྲགས་པ་དཔལ། ས་བཟང་པཎ་ཆེན་བློ་གྲོས་རྒྱལ་མཚན། འཕགས་པ་གཞོན་ནུ་བློ་གྲོས། བླ་མ་འཇམ་དབྱངས་གྲགས་པ། བྱང་ཆེན་རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཆོས་རྗེ་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ །ཆོས་རྗེ་དགེ་ལེགས་བཤེས་གཉེན། ངོར་ཤར་ཁང་བ་ཤེས་རབ་རྒྱལ་མཚན། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང༌། དེ་དཔོན་ནམ་མཁའ་སངས་རྒྱས། བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་པཎ་ཆེན་བཀའ་གྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་ཆོས་རྗེ་འཇམ་གསར་བ་ནས། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སམ་ཀུན་ཏུ་བཟང་པོ། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་མན་འདྲ། བསྡུས་རྒྱུད་ས་ལུགས་ཀྱི་བརྒྱུད་པ་ནི། དུས་ཀྱི་འཁོར་ལོ། རྡོ་རྗེ་སྙིང་པོ། རྡོ་རྗེ་མཁའ་འགྲོ་མ། ཙི་ལུ་པཎྜི་ཏ། དུས་ཞབས་པ་ཆེ་ཆུང༌། དཔེ་མེད་མཚོ། སཱ་དྷུ་སུ་ཏྲ། དྷརྨཱ་ཀ་ར། དྷརྨ་མི་ཏྲ། བི་ཁྱཱ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱིཿ ཆོས་རྗེ་པཎྜི་ཏ། ཆོས་རྒྱལ་འཕགས་པ། དབུ་མ་པ་ཤེས་རབ་འབུམ། ཞང་དགའ་ལྡན་པ། ཤངས་པ་དཔལ་གྱི་ཡེ་ཤེས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ་བ། དཔལ་ལྡན་ཆོས་རྗེ། འཇམ་དབྱངས་གྲགས་པ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ་མན་གོང་དང་འདྲ།

    རྭ་ལུགས་ཀྱི་བརྒྱུད་པ་ནི། དང་པོའི་སངས་རྒྱས། ཟླ་བ་བཟང་པོ། ཆོས་རྒྱལ་སུམ་ཅུ་རྩ་གཉིས། འཇམ་དབྱངས་སྤྲུལ་པ་ཙི་ལུ་པཎྜི་ཏ། བི་ཏོ་བ། དུས་ཞབས་པ་ཆེ་ཆུང༌། མཉྫུ་ཀཱིརྟི། པཎྜི་ཏ་ས་མནྟ་ཤྲཱི། རྭ་ལོ་ཆོས་རབ། རྭ་ཡེ་ཤེས་སེངྒེ་། རྭ་འབུམ་སེང༌། རྒ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་ཤེས་རབ་སེངྒེ་། སྐྱི་སྟོན་འཇམ་དབྱངས་པ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། རྒྱལ་བ་ཡེ་ཤེས། ཡོན་ཏན་རྒྱ་མཚོ་མན་འབྲོ་ལུགས་བཞིན་ནོ། །

    རྒྱུད་ཕྱི་མ་དར་མ་གྲགས་ཀྱིས་བསྒྱུར་བའི་བརྒྱུད་པ་ནི། སྲས་དྷ་རྨེ་ཤྭ་ར་ཡན་གོང་ལྟར་ ལ། དེ་ནས་མཁས་པ་ནམ་མཁའ་འོད། གྲུབ་ཐོབ་སེ་མོ་ཆེ་བ། འཇམ་གསར་བ། བོ་དོང་རིན་ཆེན་རྩེ། རིན་ཆེན་ཤེས་རབ། སངས་རྒྱས་སྲས། རྒྱལ་བཟང་དཔལ། གྲགས་པ་དཔལ། བློ་གྲོས་རྒྱ་མཚོ། གཞོན་ནུ་བློ་གྲོས། འཇམ་དབྱངས་གྲགས་པ། བསོད་ནམས་རྒྱ་མཚོ། ཤེས་རབ་རྒྱ་མཚོ། དཔལ་ལྡན་རྡོ་རྗེ། དཀོན་མཆོག་འཕེལ། ལྷ་མཆོག་སེངྒེ་། དགེ་ལེགས་བཤེས་གཉེན། ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང༌། ནམ་མཁའ་སངས་རྒྱས། བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་བཀའ་དྲིན་དུ་བསྩལ་ཏོ། །ཡང་ན་འཇམ་གསར་བ་ནས། ཆོས་སྐུ་འོད་ཟེར། ཀུན་ཏུ་བཟང་པོ། རྒྱལ་ཡེ། འཕགས་འོད་ཡོན་ཏན་རྒྱ་མཚོ། ཤེས་རབ་རྒྱལ་མཚན། པཎྜི་ཏ་མ་ཏི། ས་བཟང་འཕགས་པ། འཇམ་དབྱངས་གྲགས་པ། བསོད་ནམས་རྒྱ་མཚོ། ཤེས་རབ་རྒྱ་མཚོ། དཔལ་ལྡན་རྡོ་རྗེ། དཀོན་མཆོག་འཕེལ། ལྷ་མཆོག་སེངྒེ་། དགེ་ལེགས་བཤེས་གཉེན། ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང༌། ནམ་མཁའ་སངས་རྒྱས། བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་བཀའ་དྲིན་དུ་བསྩལ་ཏོ། །བསྡུས་རྒྱུད་ལས་དཱ་རི་ཀ་པས་ཕྱུང་བའི་དབང་གི་རབ་ཏུ་བྱེད་པ་རྭ་ཆོས་རབ་ཀྱིས་བསྒྱུར་བ་ནི་དཔེ་ཆ་མ་བྱུང་བས་ལུང་མ་ཐོབ སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཅེས་བྱ་བའི་རྒྱུད་བླ་མ་རྩ་བའི་རྒྱུད་བརྟག་པ་བཅུ་པ། འདི་ལ་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་ཏུ་འགྲེལ་བས་བཤད། དེའི་རྒྱུད་ཕྱི་མའི་ཕྱི་མ་རྟོག་པ་ལྔ་པ་དང༌བཅས་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར་ལ། མཁན་པོ་གཞོན་ནུ་གྲགས་པས་གཏན་ལ་ཕབ་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། རྡོ་རྗེ་གདན་པ་ཆེ་བ་ཨ་ཤྭ་ཀ་ཤྲཱི། འབྲིང་པོ་ལཱ་ལི་ཏ་བཛྲ། ཆུང་བ་ཨ་མོ་གྷ་བཛྲ། པུ་ཎྱེ་ཤྲཱི་མི་ཏྲ། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། གླན་བང་སོ་བ། རྒྱ་ཕོ་པ་ལུང་པ། གཉལ་པ་ཆོས་ཀྱི་གྲགས་པ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། གློ་ཆེན་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། སྤང་ཁང་པ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་གཞོན་ནུ་བློ་གྲོས། རྗེ་འཇམ་དབྱངས་གྲགས་པ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་རཏྣ་ཝརྟ། ངོར་ཆེན་ལྷ་མཆོག་སེངྒེ་། རྗེ་དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། མཁན་ཆེན་ཐར་རྩེ་པ་ནམ་མཁའ་དཔལ་བཟང༌། བྲང་ཏི་ནམ་མཁའ་སངས་རྒྱས། བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ་དཔལ་བཟང་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་བཀའ་དྲིན་དུའོ། །ཡང་ན་རྡོ་རྗེ་འཆང༌། རྟ་མཆོག །བི་ན་པ་ཏ། ཨིནྡྲ་བྷུ་ཏི། ལྕམ་ལཀྵཱིམ་ཀ་ར། པདྨ་བཛྲ། མགོན་པོ་ཀླུ་སྒྲུབ། ཨཱརྱ་དེ་ཝ། ན་ག་བོ་དྷི༌། ཨ་མོ་གྷ་པ་ཤ། །རྣལ་འབྱོར་མ་ཀ་མ་ལ་ཝ་ཏི། སུ་ཁ་བཛྲ། བྷྲི་ཀ་ཐ༷་ར་ཝ་ཏི། རཏྣ་བཛྲ། ཛྙཱ་ན་ཤྲཱི། འགོས་ཁུག་པ་ལྷས་བཙས། དམ་པ་བྱང་ཆུབ་རྒྱལ་མཚན། མེས་ཚོན་པོ། རྩ་སྐྱ་པ་ཤཱཀྱ་ཡེ་ཤེས། རྒྱ་ཐམས་ཅད་མཁྱེན་པ། ཤཱཀྱ་རྡོ་རྗེ། ཆོས་ཀྱི་གྲགས་པ། དབུས་པ་སངས་རྒྱས་འབུམ་མན་འདྲ། ཡང་ན་རྡོ་རྗེ་འཆང༌། ཛྙཱ་ན་ཌཱ་ཀ། །སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། འགྲོ་བཟང་སྙིང་པོ། རཏྣ་བཛྲ། ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ་བ། བླ་མ་ཚུལ་ཁྲིམས་འབར། ཁྲི་བཟང་འབར། གཞོན་ནུ་སེངྒེ་། དབང་ཕྱུག་རིན་ཆེན། ཤཱཀྱ་རྡོ་རྗེ་མན་གོང་བཞིན་ནོ། །

འཁོར་ལོ་བདེ་མཆོག་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་རྩ་བའི་རྒྱུད་བདེ་མཆོག་ཉུང་ངུ་ཞེས་པ་ལེའུ་ལྔ་བཅུ་རྩ་གཅིག་པ་པཎྜི་ཏ་པདྨ་ཀ་ར་དང༌། ལོ་ཆེན་རིན་བཟང་གིས་བསྒྱུར་བ་ལ། ཕྱིས་དགེ་སློང་ཛྙཱ་ན་ཀཱིརྟི་དང༌། མར་པ་ཆོས་ཀྱི་དབང་ཕྱུག་གིས་ནཱ་རོ་པའི་དཔེ་དང་བསྟུན་ནས་དག་པར་བཅོས་པ། འདི་ལ་དངོས་སུ་དཀྱིལ་འཁོར་གཉིས་འགྲེལ་པས་ཁ་བསྐང་ནས་བཅུ་གསུམ་སྟོན། བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ་ཞབས། ཤ་ཝ་རི་པ། ལཱུ་ཨི་པ། དྷ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཤྲཱི་ཛ་ལན་དྷ་རི་པ། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་ཏ་པ། ཕམ་ཐིང་པ་འཇིགས་མེད་གྲགས་པ། གཅུང་ངག་གི་དབང་ཕྱུག །ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ། རྗེ་ས་སྐྱ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། འུ་ཡུག་པ་བསོད་ནམས་སེངྒེ་། དབུས་པ་སངས་རྒྱས་འབུམ། མཆོག་ལེགས་པ། བླ་མ་དཔལ་སེང༌། བུ་སྟོན་ཐམས་ཅད་མཁྱེན་པ། ཡེ་ཤེས་དཔལ། རྗེ་རིན་པོ་ཆེ། པུ་ཎྱཻ་ཤྲཱི། མཁས་གྲུབ་ཤེར་འབྱུང༌། མཁས་བཙུན་ཡོན་ཏན་རྒྱ་མཚོ། སེང་ལྡེང་པ་འོད་ཟེར་བཟང་པོ། རྒྱལ་བ་བློ་བཟང་དོན་འགྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། སློབ་དཔོན་བློ་བཟང་བསམ་འགྲུབ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནས། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་བཟང༌། འདྲེན་མཆོག་རཏྣ་ཝརྟ། རྗེ་ལྷ་མཆོག་སེངྒེ༌མན་དབང་མདོར་བསྟན་དང་བསྡུས་རྒྱུད་ཀྱི་བརྒྱུད་པ་བཞིན་ནོ། །ངེས་པར་བརྗོད་པའི་མངོན་བརྗོད་བླ་མའང་ཟེར།.....རྒྱུད་བླ་མའི་བླ་མའམ། ཨ་བྷི་དྷ་ན་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་དྲུག་ཅུ་རྩ་དགུ་པ་པཎྜི་ཏ་པདྨ་ཀ་ར་དང༌། ལོ་ཆེན་རིན་བཟང་གིས་བསྒྱུར་བ་ལ། ཕྱིས་ལོ་ཆུང་གྲགས་འབྱོར་གྱིས་ཆད་ལྷག་བསབས་ཏེ་དག་པར་བཅོས་པ། འདི་ལ་དངོས་སུ་དཀྱིལ་འཁོར་སུམ་ཅུ་སོ་བརྒྱད་འགྲེལ་བས་ལྔ་བཅུ་རྩ་དྲུག །གཙོ་བོ་འཕོ་བའི་དབྱེ་བས་དཀྱིལ་འཁོར་དྲུག་བརྒྱ་དང་བརྒྱད་ཅུ་རྩ་གཅིག་སྟོན་ནོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་ཝ་རི། ལོ་ཨི་བ། དྷ་རི་ཀ་པ། གནྡྷ་རྦ། རུས་སྦལ་ཞབས། ཛ་ལནྡྷ་ར། ཀརྞ་བ། གུ་ཧྱ་བ། རྣམ་རྒྱལ་ཞབས། པར་མའི་སློབ་དཔོན། ཏཻ་ལོ་པ། ནཱ་རོ་པ། ཕམ་ཐིང་བ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ། ས་སྐྱ་བ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། རྗེ་བཙུན་ས་པཎ། ཁང་སྟོན་འོད་ཟེར་རྒྱལ་མཚན། གློ་ཆེན་སངས་རྒྱས་སྲས་མན་སངས་རྒྱས་མཉམ་སྦྱོར་བཞིན་ནོ། །

   ༼ཅ༽པ་ལ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་ལེའུ་ལྔ་བཅུ་པ་པཎྜི་ཏ་གཱ་ཡ་དྷ་ར་དང༌། འགོས་ལྷས་བཙས་ཀྱིས་བསྒྱུར་བ་འདི་ལ་དཀྱིལ་འཁོར་དྲུག་ཡོད། འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ལོ་ཨི་བ། ཌོམ་བི་བ། ད་རི་ཀ་བ། ཀ་ཙ་ཏ་བ། བཛྲ་གྷཎྜ་བ། ལྭ་ཝ་པ། ཛ་ལནྡྷ་ར། ཀཧྞ་པ།.....ནག་པོ་བ། ཀུ་ལ་ནཱ་ཐ།.....དགེ་བའི་མགོན་པོ། ཏཻ་ལོ་པ། ནཱ་རོ་པ། ཕམ་ཐིང་བ་སྐུ་མཆེད། མ་ཎི་ཀ་ཤྲཱི་ཛྙཱ་ན། ཁ་ཆེ་བྱང་ཆུབ་བཟང་པོ། དེ་བཞི་ཀ་ལ་མར་པ་ཆོས་ཀྱི་དབང་ཕྱུག་གིས་གསན། དེ་ནས་གཟེ་བ་བློ་ལྡན། དེའི་སྲས་དོན་འགྲུབ་ཡེ་ཤེས། ས་ཕུག་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། མཆོག་ལྡན་ལོ་ཙཱ་བ། ཁོན་སྟོན་ཐུགས་རྗེ་རིན་ཆེན། འཇམ་དབྱངས་རིན་ཆེན་རྒྱལ་མཚན། གློ་ཆེན་པ་མན་སངས་རྒྱས་མཉམ་སྦྱོར་དང་འདྲའོ། །

   མཁའ་འགྲོ་རྒྱ་མཚོ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་བཅུ་རྩ་གཅིག་པ་པཎྜི་ཏ་རྒྱལ་བའི་སྡེ་དང༌། ལོ་ཙཱ་བ་དྷརྨ་ཡོན་ཏན་གྱིས་བསྒྱུར་བ་ལ། ལོ་ཙྭ་བ་དཔལ་མཆོག་དང་པོའི་རྡོ་རྗེས་དག་པར་བཅོས་པ་འདིས་དཀྱིལ་འཁོར་བརྒྱ་དང་བཞི་བཅུ་རྩ་གཉིས་སྟོན་ནོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཏེ་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ། རྔ་བྱང་ཆུབ་སེམས་དཔའ། ཨ་བྷ་ཡ་ཀ་ར་གུཔྟ། རཏྣ་ཤྲཱི། ཛ་ཡ་སེ་ན། ལོ་ཙཱ་བ་དར་མ་ཡོན་ཏན། རྗེ་བཙུན་པ། རྗེ་ས་པཎ། སྐྱོབ་པ་དཔལ། རྒྱལ་ཚ་རྣ་བ་ཆེ། ལོ་མཆོག །གློ་ཆེན་མན་རྡོ་རྗེ་མཁའ་འགྲོ་བཞིན་ནོ། །ཡང་རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། ཤ་ཝ་རི་བ། མཻ་ཏྲི་གུཔྟ། རྒྱ་གར་ཕྱག་ན། ཀ་མ་ལ་བཛྲ། ཛ་ཡ་སེ་ན། སུམ་པ་ལོ་ཙཱ་བ་དྷ་རྨ་ཡོན་ཏན། རྗེ་བཙུན་གྲགས་རྒྱན། ས་སྐྱ་པཎ་ཆེན། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག །ལོ་ཙཱ་བ་མཆོག་ལྡན། གློ་ཆེན་སངས་རྒྱས་སྲས། བླ་མ་ཡེ་ཤེས་མགོན་པོ། བླ་མ་དར་མ་བཟང་པོ། དོན་རི་པ་གྲགས་པ་དཔལ། སྤང་ཁང་བ་གྲགས་པ་དཔལ། ས་བཟང་མ་ཏི་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་དང་གཅིག་གོ །དཔལ་སྡོམ་པ་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་སུམ་ཅུ་རྩ་གསུམ་པ། རྒྱ་གར་གྱི་མཁན་པོ་གཞན་ཕན་མཐའ་ཡས་དང༌། ལོ་ཙཱ་བ་རྒྱུས་སྨོན་ལམ་གྲགས་ཀྱིས་བསྒྱུར་བ་ལ། ཕྱིས་ཤོང་ལོ་བློ་བརྟན་གྱིས་དག་པར་བཅོས་པ། འདིས་དཀྱིལ་འཁོར་གཅིག་བསྟན་ནོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། རཏྣ་ཤྲཱི། ཀ་ལྱཱ་ན། ཤཱནྟ་མ་ཏི། ཝ་ནི་དྷི་བྷ་ཏྲ། བྷཱུ་མི་ཤྲཱི། བི་མཱ་ལ་ཤྲཱི། ཤོང་ལོ་ཆེན་བློ་གྲོས་བརྟན་པ། ལོ་ཙཱ་བ་མཆོག་ལྡན། གློ་ཆེན་སངས་རྒྱས་སྲས། བླ་མ་ཡེ་ཤེས་མགོན་པོ། བླ་མ་ངར་བཟང༌། བླ་མ་གྲགས་ཆེན། སྤང་ཁང་བ་གྲགས་པ་དཔལ། མ་ཏི་པཎ་ཆེན་མན་སྔར་བཞིན་ནོ། །ཡང་ན་རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ལཱུ་ཨི་བ། ད་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། ཀུརྨ་བཱ་ད། འབར་བ་འཛིན། ཨ་ནུ་ས་མ་རཀྵི་ཏ། སཽ་རི་པ། ཨ་བྷ་ཡཱ་ཀ་ར། ཤུ་བྷཾ་ཀ་ར་གུཔྟ། སུ་ཙ་རེ་བཱ་ད། རཏྣ་རཀྵི་ཏ། ཆག་ལོ་ཆོས་རྗེ་དཔལ། གོ་ལུང་བ་མདོ་སྡེ་དཔལ། ཤོང་ལོ་བློ་གྲོས་བརྟན་པ། ལོ་མཆོག་པ། གློ་ཆེན་པ་མན་བཤད་མ་ཐག་པ་བཞིན་ནོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བའམ། ཧེ་རུ་ཀ་མངོན་འབྱུང་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་བཅུ་རྩ་ལྔ་པ། པཎྜི་ཏ་ཨ་དྭ་ཡ་བཛྲ་དང༌། མཆིམས་ཡོན་ཏན་འབར་གྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་གསུམ་ཡོད། བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་སྤྱོད་པ། སེ༷ནྟ་པ། རྗེ་དྷརྨ་བ། རྗེ་བྷུ་བ་པ། ཛེ་ཏཱ་རི་པ། ཨ་ན་མ་ག་བཛྲ། དྷརྨ་ར་མ་ཏི། མེཉྫ་གླིང་པ། རྭ་ལོ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་དྷརྨ་སེངྒེ་། རྭ་དཀོན་མཆོག་སེངྒེ༌། རྭ་ཤེས་རབ་རྒྱལ་མཚན། གློ་ཆེན་སངས་རྒྱས་སྲས། ཡེ་ཤེས་མགོན་པོ། དར་མ་བཟང་པོ། གྲགས་ཆེན། སྤང་ཁང་བ་མན་འདྲའོ། །ཡང་ན་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ་ཞབས། ཤ་ཝ་རི། ལོ་ཨི་བ། ད་རི་ཀ་བ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལན་དྷ་ར། ནག་པོ་བ། གུཧྱ་བ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་ཐིང་བ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཡབ་སྲས་གསུམ། ཆོས་རྗེ་ས་པཎ། གློ་ཆེན་པ་མན་བཤད་མ་ཐག་པ་བཞིན་ནོ། །ཡང་ན་ས་པཎ་ནས། བསོད་ནམས་སེངྒེ་། སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ་མན་འདྲ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལེའུ་བཅུ་བདུན་པ། འགོས་ཀྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་གཅིག་ཡོད། བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཤ་བ་རི། ལོ་ཨི་བ། དྷ་རི་ཀ་བ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཤྲཱི་ཛ་ལཎྡྷ་རི་བ། ནག་པོ་སྤྱོད་པ་མན་བདེ་མཆོག་རྩ་རྒྱུད་དང་འདྲའོ། །རྣལ་འབྱོར་མ་བཞི་ཁ་སྦྱོར་བའི་རྒྱུད་བརྟག་པ་བདུན་པ་མཆིམས་ཡོན་ཏན་འབར་གྱིས་བསྒྱུར། འདི་ལ་དཀྱིལ་འཁོར་གཅིག་ཡོད། བརྒྱུད་པ་ནི། རྡོ་རྗེ་འཆང༌། བློ་གྲོས་རིན་ཆེན། ས་ར་ཧ། དཔལ་མགོན་འཕགས་ལ་ཀླུ་སྒྲུབ། ཤ་ཝ་རིའམ་རི་ཁྲོད་མགོན་པོ། མཻ་ཏྲི་པ། རྒྱ་གར་ཕྱག་ན། བ་རེག་ལོ་ཙཱ་བ་གཙང་ཤོད་པའང་ཟེར། སུམ་པ་འཇམ་མགོན། བ་རེག་རཏྣ་འབར། བ་རེག་འོད་ཟེར། བ་རེག་ཇོ་འབུམ། སྟེང་ཕུ་ལུང་བ་ནམ་མཁའ་འགྲོ། བ་རེག་བཀྲ་ཤིས། ལོ་ཙཱ་བ་མཆོག་ལྡན། གློ་ཆེན་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། སྤང་ཁང་གྲགས་པ་དཔལ། མ་ཏི་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་དང་འདྲ། ཡང་ན་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཤ་ཝ་རི། ལོ་ཨི་བ། དྷ་རི་ཀ་པ། གནྔྷ་བ། རུས་སྦལ་ཞབས། ཛ་ལནྔྷ་ར། ཀཧྣ་པ། གུ་ཧྱ་བ། རྣམ་རྒྱལ་ཞབས། བར་མའི་སློབ་དཔོན། ཏེ་ལོ་པ། ནཱ་རོ་པ། ཕམ་ཐིང་བ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ། རྗེ་ས་པཎ། བསོད་ནམས་སེངྒེ་། སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ་མན་སྔར་བཞིན་ནོ། །འདིའི་རྗེས་སུ་ཕག་མ་མངོན་པར་བྱང་ཆུབ་པའམ། མངོན་པར་བྱུང་བ་ཞེས་བྱ་བའི་རྒྱུད་རྒྱ་གར་གྱི་མཁན་པོ་ཛྙཱནཱ་ཀ་རའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་བ་དཀྱིལ་འཁོར་གསུམ་སྟོན་པ་ཞིག་ཡོད་འདུག་ཀྱང་དཔེ་ཆ་མ་བྱུང་བས་ལུང་མ་ཐོབ་ཅིང༌། རྡོ་རྗེ་ཕག་མོ་མངོན་བྱུང་ཞེས་པའམ་རིག་པ་འཛིན་མ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ་པཎྜི་ཏ་ཛ་ཡ་སེ་ན་དང༌། ལོ་ཙཱ་བ་དར་མ་ཡོན་ཏན་གྱིས་བསྒྱུར་བ་ཞིག་འདུག་ཀྱང་ལུང་མ་བྱུང༌།

   ༼ཆ༽པ་ལ་སཾ་བྷུ་ཊི་ཞེས་པའམ་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྩ་བའི་བརྟག་པ་བཅུ། བརྟག་པ་རེ་རེ་ལ་རབ་བྱེད་བཞི་བཞི་ཡོད་པ། འདི་ལ་དངོས་སུ་དཀྱིལ་འཁོར་བཅུ་དྲུག་ཡོད་ཅིང༌། གཙོ་བོ་འཕོ་བའི་དབྱེ་བས་མང་བར་འགྱུར་རོ། །འདིའི་རྒྱུད་ཕྱི་མ་དང་བཅས་པ་པཎྜི་ཏ་གྷ་ཡ་དྷ་ར་དང༌། འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་བ། ཌོམ་བི་ཧེ་རུ་ཀ། །ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་བ། ཛ་ཡ་ཤྲཱི་ཛྙཱ་ན། མི་ཐུབ་ཟླ་བ། དཔལ་བོ་རྡོ་རྗེ། འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱེ་ཆུ་བ་དགྲ་ལྷ་འབར། རྗེ་ས་སྐྱ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཤིས་དཔལ། བསོད་ནམས་དཔལ། བློ་གྲོས་བརྟན་པ། དཔལ་ཚུལ་བ། ཆོས་རྗེ་ཤར་པ། རྗེ་ཀུན་དགའ་བཟང་པོ། རྗེ་ཀུན་དགའ་དབང་ཕྱུག །དཀོན་མཆོག་འཕེལ། ལྷ་མཆོག་སེངྒེ་། དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང༌། ནམ་མཁའ་སངས་རྒྱས། བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་བཀའ་དྲིན་དུ་བསྩལ་ཏོ། །

    དྲ་བ་སྡོམ་པའི་རྟོག་པའམ་རྙོག་པ་མེད་པའི་རྒྱུད་རྒྱལ་གྷ་ཡ་དྷ་ར་དང༌། འབྲོག་མིའི་འགྱུར། བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ལཱུ་ཨི་པ། ཏཻ་ལོ་པ། ནཱ་རོ་པ། དྷ་ར་ཤྲཱི། གྷ་ཡ་དྷ་ར། འབྲོག་མི། ཚུར་དབང་གི་རྡོ་རྗེ། སྤུག་ཐམས་ཅད་མཁྱེན་པ། སྤུག་དྷརྨ་ཀེ་ཏུ། བྱ་རིན་ཆེན་འོད། གློ་ཆེན་སངས་རྒྱས་མན་སྡོམ་འབྱུང་དང་འདྲའོ། །ཡང་ན་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨོ་རྒྱན་ཨ་ར་ལི། སིངྒ་གླིང་གི་བྲམ་ཟེ་མོ། ག་ཡ་དྷ་ར་མན་གོང་བཞིན་ནོ། །རྒྱུད་འདིའི་སྔོན་ར་ལིའི་སྐོར་གྱི་རྒྱུད་གསང་བ་རྡོ་རྗེའི་རྒྱུད་ནས་དུར་ཁྲོད་ཀྱི་རྒྱན་ཞེས་བྱ་བའི་བར་གྱི་རྒྱུད་སུམ་ཅུ་རྩ་གཅིག་ནི་ཆོས་རྗེ་ཐམས་ཅད་མཁྱེན་པ་སོགས་རྩོད་པ་ཅན་དུ་བཞེད་པས་མ་ཐོབ་ཅིང༌། རྙོག་མེད་རྒྱུད་ཀྱི་རྗེས་སུ་བདེ་མཆོག་ནམ་མཁའ་དང་མཉམ་པ་ལེའུ་གསུམ་པ་དང༌། མགོན་པོ་དངོས་གྲུབ་འབྱུང་བ་ཉེར་ལྔ་པ་གཉིས་འདུག་ཀྱང་རྒྱུད་རྩོད་པ་ཅན་དུ་སྣང་བས་མ་ཐོབ། རྩ་བའི་རྒྱུད་ཀྱཻ་རྡོ་རྗེ་འབུམ་ཕྲག་ལྔ་པ་ལས་བཏུས་པའི་ཀྱཻ་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་བརྟག་པ་དང་པོ་ལ་ལེའུ་བཅུ་གཅིག་དང༌། བརྟག་པ་གཉིས་པ་ལ་ལེའུ་བཅུ་གཉིས་ཡོད་པ་པཎྜི་ཏ་གྷ་ཡ་དྷ་ར་དང༌། ལོ་ཙཱ་བ་འབྲོག་མིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་དྲུག་ཡོད། བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམ་བྷི་ཧེ་རུ་ཀ། །ཨ་ལ་ལ་བཛྲ། ཝ་ན་སི་པ། གརྦྷ་རི་པ། ཛ་ཡ་ཤྲཱི་ཛྙཱ་ན། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། ལོ་ཆེན་འབྲོག་མི། མངའ་རིས་པ་གསལ་སྙིང༌། སྒྱེ་ཆུ་བ་དགྲ་ལྷ་འབར། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་རྒྱན། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཤིས་དཔལ། བསོད་ནམས་དཔལ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་པ། རྗེ་ཀུན་དགའ་བཟང་པོ། རྗེ་ཀུན་དགའ་དབང་ཕྱུག །དཀོན་མཆོག་འཕེལ། ལྷ་མཆོག་སེངྒེ་། དགེ་ལེགས་བཤེས་གཉེན། ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང༌། ནམ་མཁའ་སངས་རྒྱས། བསོད་ནམ་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་འཕགས་པ་རིན་པོ་ཆེ་ནས། སློབ་དཔོན་གཞོན་སྟོན། བླ་མ་རྡོ་རྗེ་རྒྱལ་མཚན། རི་ཕུག་མཁན་ཆེན་དར་མ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྗེ་ཀུན་དགའ་བཟང་པོ་མན་བཤད་མ་ཐག་པ་བཞིན་ནོ། །ཡང་ན་འབྲོག་མི་ནས། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་མན་འདྲའོ། །དེའི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བ་ལེའུ་བཅོ་ལྔ་པ་གྷ་ཡ་དྷ་ར་དང༌། འབྲོག་མིས་བསྒྱུར་བ། འདི་ལ་དངོས་སུ་དཀྱིལ་འཁོར་བཅུ་དང༌། གཙོ་བོ་འཕོ་བའི་དབྱེ་བས་དྲུག་ཅུ་རྩ་གཉིས་སུ་འགྱུར་རོ། །བརྒྱུད་པ་ནི། བརྟག་གཉིས་ཇི་ལྟ་བ་བཞིན་ནོ། །རྒྱུད་ཕྱི་མ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉི་ཤུ་རྩ་བརྒྱད་པ། དཔལ་ཤེས་རབ་གསང་བ། ལོ་ཙཱ་བ་ཀང་ཆོས་ཀྱི་ཡེ་ཤེས། ཕྱུགས་མཚམས་དགྲ་བཅོམ་གསུམ་གྱིས་བསྒྱུར་བ། འདིས་དཀྱིལ་འཁོར་གཅིག་སྟོན། དེའི་རྒྱུད་ཕྱི་མའི་ཕྱི་མ་ཡེ་ཤེས་སྙིང་པོ་ལེའུ་བཞི་པ། ཤེས་རབ་གསང་བའི་རང་འགྱུར་རྣམས། འདིས་དཀྱིལ་འཁོར་གཅིག་སྟོན།

   ༼ཇ༽པར་བཤད་རྒྱུད་ཡེ་ཤེས་ཐིག་ལེ་རྣམ་འབྱོར་མའི་རྒྱུད་ལེའུ་སུམ་ཅུ་པ། ཤེས་རབ་གསལ་བའི་རང་འགྱུར་འདིས་དཀྱིལ་འཁོར་ལྔ་སྟོན། རྒྱུད་འདི་གསུམ་གྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨིནྡྲ་བྷཱུ་ཏི། ཤྲཱི་བྷ་ཡ་ཏི། སིདྡྷི་བཛྲ། དབུ་མ་པ། ཛྙཱ་ན་བོ་དྷི། ཤྲཱི་ཡོ་བྷཱུ་ཏི། པདྨ་བཛྲ། ཌོམྦྷི་པ། ཡན་ལག་བར་མའི་ཞབས། བུང་བའི་པདྨ། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵམཱི་ཀ་ར། རཏྣ་བཛྲ། པྲཛྙཱ་གུ་ཧྱ། འཁོན་དཀོན་མཆོག་རྒྱལ་པོ། ས་སྐྱ་བ་ཆེན་པོ། རྗེ་བཙུན་སྐུ་མཆེད་གཉིས། ས་པཎྜི་ཏ། ཁང་སྟོན་འོད་ཟེར་རྒྱལ་མཚན། སངས་རྒྱས་སྲས། རྒྱལ་བཟང་དཔལ། སྤང་ཁང༌པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། འཇམ་དབྱངས་གྲགས་པ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། ཤེས་རབ་རྒྱ་མཚོ། དཔལ་ལྡན་རྡོ་རྗེ། དཀོན་མཆོག་འཕེལ་མན་བརྟག་གཉིས་བཞིན་ནོ། །ཡང་ན་གློ་ཆེན་པ་ནས། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བླ་མ་དར་བཟང་པ། བླ་མ་གྲགས་ཆེན་པ། སྤང་ཁང་པ། མ་ཏི་པཎ་ཆེན་མན་གོང་དང་འདྲ། ཡང་ན་རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམ་བྷི་པ། ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་ནམས་པ། མི་ཐུབ་ཟླ་བ། དཔལ་བོ་རྡོ་རྗེ། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན། རྗེ་བཙུན་སྐུ་མཆེད་གཉིས། རྗེ་ས་པཎ། ཁང་སྟོན་རྡོ་རྗེ་རྒྱལ་མཚན། གློ་ཆེན་སངས་རྒྱས་སྲས་མན་བཤད་མ་ཐག་པ་བཞིན་ནོ། །

    འབྲས་བུའི་རྒྱུད་དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཤེས་རབ་གསང་བའི་རང་འགྱུར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བློ་གྲོས་རིན་ཆེན། ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། རི་ཁྲོད་མགོན་པོ། མཻ་ཏྲི་པ། རྒྱ་གར་ཕྱག་ན། བ་རེག་གཙང་ཤོད་པ། སུམ་པ་འཇམ་མགོན། བ་རེག་རཏྣ་འབར། བ་རེག་འོད་ཟེར། བ་རེག་ཇོ་འབུམ་སྟེང་ཕུ་ལུང་པ་ནམ་མཁའ་འགྲོ། བ་རེག་བཀྲ་ཤིས། མཆོག་ལྡན། གློ་ཆེན་མན་སངས་རྒྱས་མཉམ་སྦྱོར་བཞིན་ནོ། །སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་གཉིས་པ། གྷ་ཡ་དྷ་ར་དང༌། གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་བཞི་ཡོད། བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལོ་ཨི་པ། ཏཻ་ལོ་པ། ནཱ་རོ་པ། དྷ་ར་ཤྲཱི། གྷ་ཡ་དྷ་ར། དེ་ལ་འབྲོག་ལོ་དང༌། འགོས་ལོ་གཉིས་ཀས་གསན། གཉིས་ཀ་ལས་ཚུར་སྟོན་དབང་རྡོར། དེ་ནས་སྤུག་ཐམས་ཅད་མཁྱེན་པ། སྤུག་དྷརྨ་ཀེ་ཏུ། ཇོ་སྟོན་གཉལ་པ། གློ་ཆེན་སངས་རྒྱས་སྲས། ལྷ་སྡིངས་པ་དབང་ཕྱུག་རྒྱལ་མཚན། སྤང་ཁང་པ་མན་སྔར་བཞིན། ཡང་ན་རྡོ་རྗེ་འཆང༌། བྱང་སེམས་བློ་གྲོས་རིན་ཆེན། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཤ་ཝ་རི། མཻ་ཏྲི་གུཔྟ། མར་ལོ་ཆོས་ཀྱི་བློ་གྲོས། ལྷོ་བྲག་གི་རོ་མཉམ་རྡོ་རྗེ། བྱ་སྟོན་རྣལ་འབྱོར། མི་མཉམ་རྡོ་རྗེ་ཡོན་ཏན་གྲགས། ཤཱཀྱ་རྡོ་རྗེ། སྲས་ཆོས་ཀྱི་གྲགས་པ། བྱང་ཆུབ་དཔལ། སྣར་ཐང་པ་བསོད་ནམས་འཕེལ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། གཡས་རུ་པ་རིན་ཆེན་རྒྱལ་མཚན། གངས་ཁྲོད་པ་གྲགས་པ་དཔལ་མན་སྔར་བཤད་མ་ཐག་པ་དང་འདྲའོ། །མ་ཧཱ་མ་ཡའམ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་གསུམ་པ་འགོས་ཀྱིས་བསྒྱུར་བ་འདི་ལ་དཀྱིལ་འཁོར་གཅིག་ཡོད། བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌོམྦྷི་པ། ཞི་བ་བཟང་པོ། མར་པ་ལོ་ཙཱ། རྔོག་ཆོས་རྡོར། རྔོག་ཇོ་སྲས། རྔོག་མདོ་སྡེ། རྔོག་ཆོས་སྐུ། རྔོག་དཀོན་མཆོག་དཔལ། ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། འཕགས་པ་རིན་པོ་ཆེ། གློ་ཆེན་མན་སངས་རྒྱས་མཉམ་སྦྱོར་ལྟར་རོ། །

    རི་གི་ཨ་ར་ལིའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་བཞི་པ་པཎྜི་ཏ་གྷ་ཡ་དྷ་ར་དང༌། འབྲོག་མིས་བསྒྱུར་པ། རྡོ་རྗེ་ཨ་ར་ལིའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གོང་དང་འདྲ། འདི་གཉིས་ལ་དཀྱིལ་འཁོར་རེ་ཡོད་ཅིང༌། བརྒྱུད་པ་ནི། གོང་གི་རྙོག་མེད་ཨ་ར་ལི་དང་འདྲའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གདན་བཞི་པ་གདན་རེ་རེ་ལ་རབ་བྱེད་བཞི་བཞི་སྟེ་བཅུ་དྲུག །གྷ་ཡ་དྷ་ར་དང་འགོས་ལྷས་བཙས་ཀྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་གཅིག་ཡོད། དེའི་བཤད་རྒྱུད་སྔགས་ཀྱི་ཆའི་རྒྱུད་ཀྱི་རྒྱལ་པོ་འགྱུར་གོང་དང་འདྲ། འདི་ལ་དཀྱིལ་འཁོར་གཅིག་ཡོད། གཉིས་ཀའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལེ་པ། ནཱ་རོ་པ། མར་པ་ལོ་ཙཱ། རྔོག་ཆོས་སྐུ་རྡོ་རྗེ། རྔོག་མདོ་སྡེ། རྩགས་དྷརྨ་རཱ་ཛ། རྩགས་མུ་དྲ་སིདྷ། རྒྱ་གསར་བ་རིན་ཆེན་འབུམ། རྒྱ་བསོད་ནམས་འབུམ། བྱ་རིན་ཆེན་འོད། གློ་ཆེན་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་པ། སྤང་ཁང་པ་གྲགས་པ་དཔལ། ས་བཟང་མ་ཏི་མན་སངས་རྒྱས་མཉམ་སྦྱོར་སོར་བཞག་གོ །ཡང་ན་རྡོ་རྗེ་འཆང༌། ཛྙཱ་ན་ཌཱ་ཀི །དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། རྣལ་འབྱོར་པ་རུས་པའི་ཕྲེང་བ་ཅན། བལ་པོ་སྤྱི་ཐེར་བ། མར་པ་ལོ་ཙཱ་བ་མན་བཤད་མ་ཐག་པ་བཞིན་ནོ། །འདིའི་རྗེས་སུ་རྣལ་འབྱོར་མ་ཐམས་ཅད་གསང་བའི་རྒྱུད་གདན་བཞི་པ་ལེའུ་བརྒྱ་དང་ཞེ་བཞི་ཡོད་པ་སྨྲི་ཏིའི་རང་འགྱུར་ཞིག་འདུག་ཀྱང་ལུང་མ་ཐོབ། དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉི་ཤུ་རྩ་ལྔ་པ། པཎྜི་ཏ་རཏྣ་ཤྲཱི་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་འདི་ལ་དཀྱིལ་འཁོར་ལྔ། ཡུམ་ཡོད་མེད་ཀྱིས་ཕྱེ་བས་བཅུའོ། །བརྒྱུད་པ་ནི་རྡོ་རྗེ་འཆང༌། པཎྜི་ཏ་བི་ཛ་ཡ་རཀྵི་ཏ། ཛོ་ཀི་པཎྜི་ཏ། གཉིས་ཀ་ལ་པཎྜི་རཏྣ་ཤྲཱི། དེ་ནས་ཤུ་ཀེ་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། གློ་ཆེན་སངས་རྒྱས་སྲས་མན་སངས་རྒྱས་མཉམ་སྦྱོར་བཞིན་ནོ། །ཡང་ན་གློ་ཆེན་པ་ནས། བླ་མ་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། བྲམ་ནམ་མཁའ་རྒྱལ་མཚན། ས་བཟང་པཎ་ཆེན་མན་འདྲ། ཞལ་གཟིགས་བརྒྱུད་པ་ནི་མི་གཡོ་བ། གནས་བརྟན་རཱ་ཧུ་ལ། རཱ་ཧུ་ལ་གཉིས་པ། རཏྣ་ཤྲཱི་མན་བཤད་མ་ཐག་པ་ལྟར་རོ། །

    འཕགས་པ་མི་གཡོ་པའི་རྒྱུད་ཀྱི་རྒྱལ་པོ་འབུམ་པ་ལས་ཕྱུང་བ་དངོས་གྲུབ་ཐམས་ཅད་ཡོངས་སུ་འབྱུང་བའི་རྟོག་པ་ལེའུ་བདུན་པ་པཎྜི་ཏ་ཨ་ཏུ་ལ་བཛྲ་དང༌། ལོ་ཙཱ་བ་མར་པ་ཆོས་དབང་གིས་བསྒྱུར་བ། འདིས་དཀྱིལ་འཁོར་གཉིས་སྟོན། བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། མཆིམས་དོན་ནེ། མཆིམས་བློ་བརྟན། སངས་རྒྱས་འབུམ། མཆོག་ལྡན། གློ་ཆེན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ་བ་དཔལ་ལྡན་ཆོས་ཤེས། འཇམ་དབྱངས་གྲགས་པ་མན་སངས་རྒྱས་མཉམ་སྦྱོར་བཞིན་ནོ། །ཡང་ན་རྡོ་རྗེ་འཆང༌། སེངྒེ་རྩལ། ཌོམྦྷིབ། གསེར་གླིང་པ་དྷ་རྨ་ཀཱིརྟི། ཇོ་བོ་ཆེན་པོ་ཨ་ཏི་ཤ།།འབྲོམ་རྒྱལ་བའི་འབྱུང་གནས། སྣེའུ་ཟུར་བ། བྱ་ཡུལ་བ་གཞོན་ནུ་འོད། བལ་པོ་བཱུརྞ་སིདྷཱ༌། མགོན་པོ་གྲགས་པ། དབང་ཕྱུག་མགོན་པོ། སངས་འབུམ། ལོ་མཆོག་པ། གློ་ཆེན་པ་མན་འདྲ། འདིའི་རྗེས་སུ་མི་གཡོ་བ་ཁྲོ་བོའི་རྒྱལ་པོ་ཐམས་ཅད་གསང་བའི་རྒྱུད་ལེའུ་ལྔ་པ་ཞིག་འདུག་ཀྱང་ལུང་མ་ཐོབ། མི་གཡོ་བའི་གསང་རྒྱུད་ཆེན་པོ་ལེའུ་བཞི་པ། འདི་ལ་དཀྱིལ་འཁོར་གཉིས་ཡོད། བརྒྱུད་པ་ནི་དངོས་གྲུབ་ཐམས་ཅད་ཡོངས་སུ་འབྱུང་བའི་རྟོག་པ་ལེའུ་བདུན་པ་དང་འདྲ་ལ། ཡང་ན་སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི་བ། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། སུམ་པ་ལོ་ཙཱ་བ། འབུམ་ལྔ་ལོ་ཙཱ། ཀོ་ནག་རལ་གྲི། གྲགས་སེང༌། ཁང་སྟོན། དཀོན་མཆོག་ཡེ་ཤེས། དཀོན་མཆོག་བླ་མ། བག་སྟོན་མན་འདྲའོ། །ཡང་ན་བ་རི་ལོ་ཙཱ་བ། ས་ཆེན། རྗེ་བཙུན་རྩེ་མོ། རྗེ་བཙུན་རིན་པོ་ཆེ། རྗེ་བཙུན་ས་པཎ། འཕགས་པ། རོང་པ་རྒ་ལོ། རོང་པ་ཤེར་སེང༌། བག་སྟོན་མན་སྔར་ལྟར་རོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་གཅིག་པ། གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་བཞི་ཡོད། བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ། འབར་བ་འཛིན། སྤྱོད་པའི་རྡོ་རྗེ། དགེ་བའི་མགོན་པོ། རྣམ་རྒྱལ་ཞབས། ཏེ་ལོ་པ། ནཱ་རོ་པ། སེནྡྷ་པ། མར་པ་ལོ་ཙཱ། རོ་མཉམ་རྡོ་རྗེ། གསེར་རྗེ་དགོན་པ་བ། དྭགས་པོ་ཤ་བ་གླིང་པ། མགོན་པོ་གླིང་པ་གཞང་རོང་ཀ་པ། སྦྲགས་གཙང་བ། རྒྱ་གར་གྲགས་པ། སྲས་ཡོན་ཏན་གྲགས། ཁམས་པ་ཤཱཀྱ་རྡོ་རྗེ། སྲས་ཆོས་གྲགས། དབུས་པ་སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ་མན་སངས་རྒྱས་མཉམ་སྦྱོར་བཞིན་ནོ། །

    འདིའི་རྗེས་སུ་རིགས་ཀྱི་འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་ལྔ་བཅུ་བའམ། རིགས་ཀྱི་འཇིག་རྟེན་མགོན་པོའི་རྟོག་པ་ཞེས་བྱ་བ་ལེའུ་བཞི་པ་ཞིག་འདུག་ཀྱང་ལུང་མ་ཐོབ། སྒྲོལ་མ་ཀུ་རུ་ཀུ་ལླེའི་རྟོག་པ་ལེའུ་ལྔ་པ་ཀྲིཥྞ་པཎྜི་ཏ་དང༌། ནག་ཚོའི་འགྱུར། འདིས་དཀྱིལ་འཁོར་གཅིག་བསྟན་ནོ། །བརྒྱུད་པ་ནི། སངས་རྒྱས། སྒྲོལ་མ། ཀུན་དགའ་བོ། ཉི་མ་གུང་བ། ཤ་ནའི་གོས་ཅན། ཀྲྀ་ཥྞའི་གོས་ཅན། ཉི་མ་སྦས་པ། རཱ་ཧུ་ལ་ཤྲཱི། བོ་དྷི་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། རིན་ཆེན་འབུམ། སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ། མཁན་པོ་རྒྱལ་བཟང་དཔལ་མན་གོང་དང་འདྲའོ། །སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལེའུ་ལྔ་བརྒྱ་བདུན་ཅུ་པ་ནས་ཕྱུང་བའི་སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་བསྟོད་པ་ཕན་ཡོན་དང་བཅས་པ། བརྒྱུད་པ་ནི་སྒྲོལ་མ་ཀུ་རུ་ཀུལླེ་དང་འདྲ་ཞིང༌། འདི་ཉི་མ་སྦས་པ་རྣལ་འབྱོར་བླ་མེད་དུ་བཀྲལ་ཞིང༌། རྡུལ་ཚོན་དང་ལུས་དཀྱིལ་གཉིས་ཡོད་པར་བཞེད་དོ། །རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་ཆོས་རྗེ་ས་པཎ་གྱིས་བསྒྱུར་བའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། པདྨ་འབྱུང་གནས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཁམས་སྒོམ་མཆོག་གི་ལེགས་པ། འཁོར་སྟོན་ཤེས་རབ་ཚུལ་ཁྲིམས། འཁོན་སྟོན་དཀོན་མཆོག་རྒྱལ་པོ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། རྗེ་ས་པཎ། ཁང་སྟོན་འོད་ཟེར་རྒྱལ་མཚན། གློ་ཆེན། རྒྱལ་བཟང་དཔལ། སྤང་ཁང་པ་མན་འདྲའོ། །ཡང་གསར་མའི་ལུགས་ལ། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། མ་ཏཾ་གི །བི་ཁྱཱ་ཏ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། ཏ་ཐཱ་ག་ཏཱ་ཤྲཱི། ཆོས་རྗེ་ས་པཎ། སྐྱོབ་པ་དཔལ། རྒྱལ་ཚ་ལུང་མང་པོ། གློ་ཆེན་མན་འདྲའོ། །

    ནག་པོ་ཆེན་པོ་མངོན་པར་འབྱུང་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ལྔ་བཅུ་པ་པཎྜི་ཏ་ས་མནྟ་ཤྲཱི་དང༌། རྭ་ཆོས་རབ་ཀྱིས་བསྒྱུར་བ། འདི་ལ་མངོན་རྟོགས་ཀྱིས་ཕྱེ་ན་དཀྱིལ་འཁོར་དྲུག་ཏུ་འགྱུར་རོ། །བརྒྱུད་པ་ནི། བྷ་རོ། རྭ་ཆོས་རབ། རྭ་ཡེ་ཤེས་སེངྒེ་། རྒ་ལོ། རྭ་ཤེར་རྒྱལ། གློ་ཆེན་མན་འདྲ། ཡང་ན། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། མགོན་པོ་ཀླུ་སྒྲུབ། སེནྡ་པ་ཆེ་ཆུང༌། ཏཻ་ལོ་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། རཏྣ་རཀྵི་ཏ། མཉྫུ་ཀིརྟི། ས་མནྡྲཤྲཱི་བྷ་དྲ། རྭ་ཆོས་རབ། རྭ་དར་མ་སེངྒེ་། རྭ་དཀོན་མཆོག་སེངྒེ་། རྭ་ཤེས་རབ་རྒྱལ་མཚན། ལོ་མཆོག་པ། གློ་ཆེན་པ་མན་གོང་དང་འདྲའོ། །འདིའི་རྗེས་སུ་ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་འདུག་ཀྱང་ལུང་མ་ཐོབ

   ༼ཉ༽པར་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་པཎྜི་ཏ་ཤྲཱདྔྷ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ་ལ། འགོས་ཀྱིས་འགྱུར་བཅོས་བྱས་པ། འདི་ལ་གཙོ་བོ་འཕོ་བའི་དབྱེ་བས་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་སུ་འཕགས་སྐོར་བ་རྣམས་བཞེད་དོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། མགོན་པོ་ཀླུ་སྒྲུབ། ཨཱ་རྱ་དེ་བ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ། ཚུར་དབང་ངེ། འཁོན་གད་པ་ཀཱིརྟི། བྱ་རྒང་པ་བསོད་ནམས་རིན་ཆེན། ཐུར་ལ་བ་ཚུལ་ཁྲིམས་སྐྱབས། འཕགས་པ་སྐྱབས། སེར་སྡིངས་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། རྗེ་བཙུན་ཤེས་རབ་སེངྒེ་། རྒྱུད་ཆེན་སྦྱིན་པ་དཔལ། རྒྱུད་པ་ཚུལ་ཁྲིམས་བཟང༌པོ། ཆོས་རྗེ་རིན་ཆེན་འོད་ཟེར། ཆོས་རྗེ་ཆོས་སྐྱོང་རྒྱ་མཚོ། རྗེ་དགེ་འདུན་རྒྱལ་མཚན། རྗེ་རྣམ་རྒྱལ་དཔལ་བཟང༌། རྗེ༷་ངག་དབང་ཆོ༷ས། རྗེ་ངག་དབང་ཆོས་ཀྱི་རྒྱལ་མཚན། རྡོ་རྗེ་འཆང་དམ་ཆོས་རྣམ་རྒྱལ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་འཁོན་གད་པ་ཀཱིརྟི་ནས། འགར་སྟོན་ཇོ་སྲས། ཨང་ཕུག་རི་སྟོན་སེ༷ངྒེ་རྫོང་པ། ཁྱུང་སྟོན་ཞིག་པོ། མཁན་པོ་ཚུལ་སྙིང༌། ཆོས་སྡིངས་མཁན་པོ་རྡོ་རྗེ་སྙིང་པོ། ཆོས་སྡིངས་འོག་མ། ཤྲཱི་ཟུར་ཕུག་པ་དར་མ་བཟང་པོ། མཁན་པོ་བཀྲ་ཤིས་རྒྱལ་མཚན། མ་ཏི་པཎ་ཆེན་མན་དབང་མདོར་བསྟན་དང་བསྡུས་རྒྱུད་ཀྱི་བརྒྱུད་པ་སྔ་མ་བཞིན་ནོ། །དེའི་རྒྱུད་ཕྱི་མ་པཎྜི་ཏ་ཤྲཱདྡྷ་ཀ་ར་ཝརྨ་དང༌། ལོ་ཆེན་རིན་བཟང་གི་འགྱུར། བརྒྱུད་པ་ནི་གསང་འདུས་རྩ་རྒྱུད་ཇི་ལྟ་བ་བཞིན་ནོ། །

    བཤད་རྒྱུད་དགོངས་པ་ལུང་སྟོན་ལེའུ་བཅུ་གཉིས་པ་འགྱུར་གོང་འདྲ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བ་ལེའུ་དྲུག་ཅུ་རྩ་བརྒྱད་པ། མཁན་པོ་སུ་ཛྙཱ་ན་ཤྲཱི་དང༌། ལོ་ཙཱ་བ་དགེ་སློང་ཞི་བའི་འོད་ཀྱིས་བསྒྱུར་བ། འདི་ལ་དངོས་སུ་དཀྱིལ་འཁོར་གཅིག་ཡོད། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ལེའུ་བཞི་པ་པཎྚི་ཏ་སྨྲྀ་ཏིའི་རང་འགྱུར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད། པཎྚི་ཏ་ཛྙ་ན་ཀ་ར་དང༌། ལོ་ཙཱ་བ་ཁུ་དངོས་གྲུབ་ཀྱིས་བསྒྱུར་བ་ལ། ནག་ཚོས་འགྱུར་བཅོས་བྱས་པ། རྒྱུད་འདི་བཞི་ཀའི་བརྒྱུད་པ་ནི་གསང་འདུས་རྩ་རྒྱུད་ཀྱི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །རྡོ་རྗེེ་སྙིང་པོ་རྒྱན་གྱི་རྒྱུད་ལེའུ་བཅུ་བདུན་པ་པཎྜི་ཏ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་བ། འདི་ལ་དངོས་སུ་དཀྱིལ་འཁོར་གཅིག་ཡོད། བརྒྱུད་པ་ནི། རྡོ་རྗེ་འཆང༌། འཇམ་པའི་རྡོ་རྗེ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་པ། ཤཱནྟི་པ། ཤྲཱདྡྷ་ཀ་ར་ཝ་ཐ། པདྨ་ཀ་ར། དེ་གཉིས་ཀ་ལ་ལོ་ཆེན་རིན་བཟང༌། གསུམ་ཀ་ལ་ལྷ་བཙུན་ཡེ་ཤེས་རྒྱལ་མཚན། ཆོས་རྗེ་བློ་གྲོས། སྐྱབས་སེང༌། སྲ་བརྟན། དཀོན་མཆོག་མཁར། དབང་ཕྱུག་རིན་ཆེན། བར་ཐང་པ་ཡབ་སྲས། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། བླ་མ་གཞོན་ཚུལ། རྡོ་རྗེ་གླིང་པ། བླ་མ་མགོན་པོ་འབུམ། བྲམ་ནམ་མཁའ་རྒྱལ་མཚན། མ་ཏི་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་དང་འདྲའོ། །

    འདིའི་རྗེས་སུ་གཉིས་མེད་རྣམ་རྒྱལ་བརྟག་པ་ཉེར་གཉིས་པ་འདུག་ཀྱང་ལུང་མ་ཐོབ། གསང་རྒྱུད་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ། ལེའུ་གསུམ་པ། ལག་ན་རྡོ་རྗེ་གོས་སྔོན་ཅན་དྲག་པོ་གསུམ་འདུལ་གཉིས་ཀ་པཎྜི་ཏ་དེ་ཝ་པུརྞ་མ་ཏི་དང༌། འགར་ཆོས་བཟང་གིས་བསྒྱུར་བ་སྔ་མ་ལ་ཛ་ཝ་རིས་དཀྱིལ་འཁོར་བཞིར་བཀྲལ་ལོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་སིདྷ་མུ་ཁ། ས་ཝ་རི་པ། ཛ་ཝ་རི་པ། དེ་ཝ་པུརྞ་མ་ཏི། འགར་ལོ་ཆོས་བཟང༌། གཤེན་རིན་ཆེན་དངོས་གྲུབ། དམར་ཆོས་ཀྱི་རྒྱལ་མཚན། དམར་ཤེས་རབ་རྡོ་རྗེ། དམར་ཆོས་ཀྱི་རྒྱལ་པོ། གན་ཆག་པ་དབང་ཕྱུག་རྒྱལ་མཚན། འཛིམས་པ་རྒྱལ་མཚན་དཔལ་བཟང༌། ཀུན་སྤང་ཆོས་གྲགས་དཔལ། ས་བཟང་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་དང་གཅིག །

    འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྒྱུད་རྡོ་རྗེ་བེ་ཅོན་ཅན་ལེའུ་བཅོ་ལྔ་པ་འདི་ལ་དཀྱིལ་འཁོར་གཅིག་ཡོད། འདིའི་རྒྱུད་ཕྱི་མ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་རྡོ་རྗེ་གདེངས་པའི་རྒྱུད་ཁམས་གསུམ་རྣམ་པར་རྒྱལ་བའི་ལེའུ་པཎྜི་ཏ་ཨ་ཊ་མ་ཤྲཱི་མ་ཏི་དང་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བ། འདི་ལེའུ་གཅིག་ལོགས་སུ་ཕྱུང་བར་སྣང་ཞིང་དཀྱིལ་འཁོར་ཟུར་ཙམ་བསྟན་ནོ། །གཉིས་ཀའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཡེ་ཤེས་དབང་ཕྱུག །ལས་ཀྱི་རྡོ་རྗེ། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ། ཝ་ལ་ཙཎྡྲ། རས་ཆུང་པ་། འབྲོ་སྒོམ། ཟངས་རི་རྒྱ་རས། རླུང་རིང༌། འབུམ་གྲགས། ཤེས་རབ་རྒྱལ་མཚན། བྱ་རིན་ཆེན་འོད། གློ་ཆེན་པ། རྒྱལ་བཟང་དཔལ། སྤང་ཁང་པ་མན་གོང་དང་འདྲ། འདིའི་རྗེས་སུ་གཏུམ་པོ་གསང་རྒྱུད་ལེའུ་ཉེར་བཞི་པ། དེའི་རྒྱུད་ཕྱི་མ་ལེའུ་བཅོ་ལྔ་པ། དེའི་ཕྱི་མའི་ཕྱི་མ་ལེའུ་བརྒྱད་པ་རྣམས་འདུག་ཀྱང་ལུང༌མ་ཐོབ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ལེའུ་བཅོ་ལྔ་པ་པཎྜི་ཏ་རཏྣ་ཀཱིརྟི་དང༌། ལོ་ཙཱ་བ་ཁྱུང་གྲགས་ཀྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་གཅིག་ཡོད། བརྒྱུད་པ་རྡོ་རྗེ་བེ་ཅོན་ཅན་གྱི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །འདིའི་འོག་ཏུ་ལེའུ་བཅུ་པ་གཉིས་པ་ཞིག་ཡོད་འདུག་ཀྱང་དཔེ་མ་བྱུང་བས་ལུང་མ་ཐོབ། འདིའི་འོག་ཏུ་མེ་ལྕེ་དབབ་པ། གསང་བ་བསྟན་པ། གསང་བ་མངོན་པར་བསྟན་པ། བདེ་ཁྲོས་རྣལ་འབྱོར་ཆེན་པོ་རྣམས་རྒྱུད་ཚད་ལྡན་ཡིན་མིན་ཐེ་ཚོམ་གྱི་གཞིར་སྣང་ཞིང་ལུང་ཡང་མ་ཐོབ།

   ༼ཏ༽པར་འཕགས་པ་སྒྱུ་འཕུལ་དྲ་བ་སྟོང་ཕྲག་དྲུག་ཅུ་པ་ལས་ཏིང་ངེ་འཛིན་གྱི་དྲ་བའི་ལེའུ་ལོགས་སུ་ཕྱུང་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལེའུ་བཅུ་བཞི་པ་པཎྜི་ཏ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་རིན་བཟང་གིས་བསྒྱུར་བ་ལ། ཤོང་བློ་གྲོས་བརྟན་པས་བཅོས་པ། འདི་དཀྱིལ་འཁོར་གཅིག་ཏུ་བཀྲལ། བརྒྱུད་པ་ནི་དང་པོའི་སངས་རྒྱས། རིགས་ལྡན་སུམ་ཅུ་རྩ་གཉིས། སེངྒེ་རྣམ་པར་རྒྱལ་བ། དུས་ཞབས་པ་ཆེ་ཆུང༌། རྒྱལ་སྲས་ན་ལེནྡྲ། པཎ་ཆེན་ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ། བྲབ་སྒོམ་དཀོན་མཆོག་བསྲུང༌། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེ། སྲས་ཆོས་ཀྱི་དབང་ཕྱུག །མཁས་པ་ནམ་མཁའ་འོད། སེ་མོ་ཆེ་པ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད། བོ་དོང་རིན་ཆེན་རྩེ་མོ། འཛིམས་པ་རིན་ཆེན་ཤེས་རབ། འཛིམས་པ་གློ་ཆེན་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། སྤང་ཁང་གངས་ཁྲོད་པ། ས་བཟང་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། མཁན་ཆེན་ཀུན་དགའ་རྒྱལ་མཚན། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱ་འགྱུར་བ་བསོད་ནམས་སེངྒེ་། རྗེ་རྡོ་རྗེ་རྒྱལ་མཚན། རུ་ཐོག་པ་མངའ་རིས་བླ་ཆེན། ཀུན་མཁྱེན་མཁྱེན་རྩེའི་དབང་ཕྱུག །མཆོད་དཔོན་ཀུན་དགའ་ལེགས་པ། ཁྱབ་བདག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཆོས་དབྱིངས་རང་གྲོལ། རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོ་དཔལ་བཟང་པོ། སློབ་དཔོན་བློ་བཟང་འཇམ་དབྱངས། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་བཅོམ་ལྡན་འདས་ཤཱཀྱ་སེངྒེ་། དབང་པོའི་གཙུག་རྒྱན། པདྨའི་རྗེ། མཁས་པའི་རྗེ། སངས་རྒྱས་ཡེ་ཤེས་ལེགས་སྐྱེས། བཀྲ་ཤིས་བློ་བརྟན། ཕྱོགས་ཀྱི་ཐར་པ། ཆོས་ཀྱི་བསྲུང་བ། ཡེ་ཤེས་རྒྱ་མཚོ། ཆོས་ཀྱི་རྒྱལ་མཚན། སྲིད་པ་གསུང་གཅིག །གྲགས་པའི་རྡོ་རྗེ། ཆོས་ཀྱི་གྲགས་པ། སངས་རྒྱས་དབྱངས། མཧཱ་པཎྜི་ཏ། ཤྲཱི་ཝཱ་ན་རཏྣ། བྱང་པ་རིགས་ལྡན་ཆེན་པོ་རྣམ་རྒྱལ་གྲགས་བཟང༌། ཤངས་སྟོན་ཀུན་དགའ་དཔལ་ལྡན། རུ་ཐོག་པ་ནམ་མཁའ་གཟི་བརྗིད་མན་འདྲ། ཉེ་བརྒྱུད་ནི། རྡོ་རྗེ་འཆང༌། གྲུབ་ཆེན་ཤ་ཝ་རི། པཎ་ཆེན་ནགས་རིན་མན་འདྲ།

    རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བའི་རྒྱུད་ལེའུ་བཅུ་པ་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འདི་ལ་འགྲེལ་པས་གཙོ་བོ་འཕོ་བའི་དབྱེ་བས་དཀྱིལ་འཁོར་བརྒྱད་ཅུ་རྩ་ལྔར་འགྱུར། བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། ཤྲཱདྡྷ་ཀ་ར། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སུམ་སྟོན་ཡེ་ཤེས་འབར། འོར་སྟོན་ལྷའི་དབང་ཕྱུག །འོར་སྟོན་སངས་རྒྱས་འབར། ལྷོ་པ་ཐམས་ཅད་མཁྱེན་པ། རྗེ་ཆོས་ཀྱི་སེངྒེ་། ཀག་སྟོན་ཆོས་མགོན། དབུས་པ་སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ། མཁན་པོ་རྒྱལ་བཟང་དཔལ། སྤང་ཁང་པ། ས་བཟང་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་དང་འདྲའོ། །

    དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད་ལེའུ་བཅོ་བརྒྱད་པ། པཎྜི་ཏ་དི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལ། སླར་ནས་ཀྱང་དགེ་སློང་དར་མ་གྲགས་ཀྱིས་བཅོས་ཤིང༌། ཕྱིས་སུའང་དགེ་སློང་རྡོ་རྗེ་གྲགས་ཀྱིས་བཅོས་པ། འདི་ལ་དཀྱིལ་འཁོར་དགུ་ཡོད། བརྒྱུད་པ་ནི་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཏཻ་ལོ་པ། ནཱ་རོ་པ། ཤེས་རབ་བསྲུང་བ། མེཉྫ་གླིང་པ། རྭ་ལོ་རྡོར་གྲགས། རྭ་ཆོས་རབ། རྭ་དྷརྨ་སེངྒེ་། རྭ་དཀོན་མཆོག་སེངྒེ་། རྭ་ཤེས་རབ་རྒྱལ་མཚན། གློ་ཆེན་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། སྤང་ཁང་པ་མན་འདྲའོ། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ་པཎྜི་ཏ་བྷ་རོ་ཕྱག་བརྡུམ་དང༌། རྭ་ལོ་རྡོར་གྲགས་ཀྱིས་བསྒྱུར་བ། འདི་ལ་དངོས་སུ་དཀྱིལ་འཁོར་གཅིག་ཡོད། པཎྜི་འགས་གསུམ་དུ་དགོངས་པ་བཀྲལ་ལོ། །བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ་ཆེ་ཆུང༌། སྐྱོ་འོད་ཀྱི་འབྱུང་གནས། སྐྱོ་འཇམ་དཔལ། སྐྱོ་པདྨ། སྐྱོ་ཁམས་པ། གཉན་རིན་ཆེན་བརྟན་པ། གཉན་འོད་བསྲུང༌། གཉན་ཆོས་རྒྱལ། གློ་ཆེན་སངས་རྒྱས། མཁན་པོ་རྒྱལ་བཟང་དཔལ། བསོད་ནམས་མཆོག་ལྡན། ཟུར་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་གཟིགས་ཆེན་པོ། སློབ་དཔོན་བློ་བཟང་འཇམ་དབྱངས། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་རྒྱལ་བཟང་དཔལ་མན་སངས་རྒྱས་མཉམ་སྦྱོར་དང་འདྲ། མཚམས་འདིར་གཤིན་རྗེ་གཤེད་ཀྱི་འཁོར་ལོ་སྐོར་བའི་ཆོ་ག་དུས་དང་ངེས་པ་བསྟན་པ་ཞེས་བྱ་བ་འདུག་ཀྱང་ལུང་མ་ཐོབ། འཇིགས་བྱེད་ཀྱི་གཏམ་བརྒྱུད་ཀྱི་རྟོག་པ་དང༌། དངོས་གྲུབ་ཀྱི་རྟོག་པ་ཞེས་བྱ་བ་རྟོག་པ་བཞི་པར་གྲགས་པ་གཉིས་ཀྱི་བརྒྱུད་པ་ནི། འཇིགས་བྱེད། ལ་ལི་ཏ། ཨ་མོ་གྷ། ཡེ་འབྱུང༌། པདྨ་བཛྲ། བྷ་རོ། རྭ་ཆོས་རབ། ཡེ་སེང༌། འབུམ་སེང༌། རྒ་ལོ། ཤེར་སེང༌། བག་སྟོན། ཚུལ་ཁྲིམས་རྒྱལ་མཚན། ཤེར་དཔལ་བ། གྲ་ཐང་པ་ཤེས་རབ་ཟླ་བ། རྡོ་རིང་རིན་པོ་ཆེ། ཚར་པ་རྡོ་རྗེ་འཆང༌། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བསླབ་གསུམ་པ། ཕག་རྒོང༌། རྡོ་རྗེ་འཆང་དབང་རབ། བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    རྟོག་གསུམ་དང་ཏཻའུ་ལོ་པའི་རྟོག་པ་གཉིས་ཀྱི་བརྒྱུད་པ་གཏམ་བརྒྱུད་ཀྱི་རྟོག་པ་སོགས་དང་འདྲའོ། །རྟོག་གསུམ་ནི་རྟོག་བདུན་གྱི་ལུང་བརྒྱུད་ཐམས་ཅད་མཁྱེན་པ་ལྟར་ཡང་ཐོབ། གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་ལས་ཐམས་ཅད་བསྒྲུབ་པར་བྱེད་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་སྡོམ་ཚིག་གསུམ་གྱིས་བསྡུས་པ། པཎྜི་ཏ་བྷ་རོ་ཕྱག་རྡུམ་དང༌། རྭ་ལོ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། འདི་ལ་དངོས་སུ་དཀྱིལ་འཁོར་གཅིག་ཡོད། བླ་མ་གསུམ་དུ་མཛད་དོ། །བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛྙཱ་ན་ཤྲཱི། དཱི་པ་དྷི་པ་ཡ། ལ་ལཱི་ཏ་བཛྲ། སོའུ་སུ༷་ར་པ། ཤེ་ན་པ། ཨ་བ་ལི་ན་པ། ཡོན་ཏན་བཟང་པོ། ངག་དབང་གྲགས་པ། དེ་བ་ཨ་ཀ་ར་ཙནྡྲ། དོན་ཡོད་རྡོ་རྗེ། ཤེས་རབ་བླ་མ། དགེ་འདུན་བཟང་པོ། སྲས་སངྒ་བྷ་ཏྲ། གཅེན་གཙང་འོད། གཅུང་རྡོ་རྗེ་རྩེ་མོ། རྩིབས་རི་བ་ཉི་མ་འོད། རྒྱལ་བ་བསྟན་བཟང་པ། ཞང་གཡུལ་རྒྱལ། འཛིམས་པ་རིན་ཆེན་ཤེས་རབ། བླ་མ་སངས་རྒྱས་བཟང་པོ། གློ་ཆེན། དེ་གཉིས་ཀ་ལ་རྒྱལ་བཟང་དཔལ། སྤང་ཁང་པ་མན་དབང་མདོར་བསྟན་གྱི་བརྒྱུད་པ་སྔ་མ་དང་གཅིག་གོ །གཤིན་རྗེའི་གཤེད་དམར་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་དགུ་པ་པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་ཏྲ་དང༌། ཤོང་ལོས་བསྒྱུར་བ་ལ། དགེ་སློང་ཙནྡྲ་ཤྲཱིས་ཞལ་སྔ་ནས་ཞུས་ཤིང༌། པཎྜི་ཏ་ཙནྟྲ་ཀཱིརྟི་དང༌། ཡར་ཀླུངས་པ་གྲགས་པ་རྒྱལ་མཚན་གྱིས་ཡམ་བུའི་གྲོང་ཁྱེར་དུ་བསྒྱུར་བ། འདི་ལ་དཀྱིལ་འཁོར་བཅུ་ཡོད། བརྒྱུད་པ་ནི། གཤིན་རྗེ་གཤེད། བྲམ་ཟེ་དཔལ་འཛིན། བི་ར་ཌི་བ། གམྦྷི་ར་མ་ཏི། ནིསྐ་ལམ་ཀ་དེ་ཝ། རེ་ཝཎྡྲཔྲ་བྷ། ཆག་ལོ་ཆོས་རྗེ་དཔལ། བླ་མ་དཔལ་གྱི་རྒྱལ་མཚན། ཀློག་སྐྱ་པ། དོན་རི་པ་གྲགས་པ་དཔལ། སྤང་ཁང་པ་གྲགས་པ་དཔལ། ས་བཟང་མ་ཏི་པཎ་ཆེན་མན་བཤད་མ་ཐག་པའི་དབང་མདོར་བསྟན་བཞིན་ནོ། །འདིའི་འོག་ཏུ་གཤེད་དམར་གྱི་རྒྱུད་ལེའུ་ཉེར་གཉིས་པ་བུ་སྟོན་ཐམས་ཅད་མཁྱེན་པས་འགྱུར་མཛད་པ་ཞིག་འདུག་ཀྱང་ལུང་མ་ཐོབ། བཅོམ་ལྡན་འདས་རལ་གཅིག་པའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་པཎྜི་ཏ་ཤྲཱི་ཁ་ལ་རུ་ཏྲ་དང༌། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བ། འདི་ལ་དངོས་སུ་དཀྱིལ་འཁོར་གཅིག་གསལ། མི་ཕམ་སྦས་པའི་བཤེས་གཉེན་གྱིས་གཉིས་སུ་བཀྲལ་ལོ། བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། ཇོ་བོ་ཁརྶཱ་པཱ་ཎི། བྱང་སེམས་བློ་གྲོས་རིན་ཆེན། ཏེ་ལོ་པ། ནིསྐ་ལམ་ཀ་ཤྲཱི། གྲུབ་ཆེན་མི་ཏྲ་ཛོ་ཀི །ཁྲོ་ལོ་གནུབས་བྱམས་པའི་དཔལ། བླ་མ་དབོན་སྟོན་པ། ཡང་རྩེ་བ་རིན་ཆེན་སེངྒེ་། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། བླ་མ་རིན་ཆེན་དོན་འགྲུབ་ལེགས་པ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། དཀའ་བཞི་པ་རིན་ཆེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། མངའ་རིས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་རྡོ་རྗེ། བླ་མ་ཨོ་རྒྱན་རྒྱལ་པོ། པཎ་ཆེན་ཀུན་དགའ་བཀྲ་ཤིས་བསོད་ནམས་མཆོག་ལྡན། དེ་གཉིས་ཀ་ལ་རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ཟླ་བཟང་ཐིག་ལེ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བའི་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་རྒྱས་པ་མཆོག་ཏུ་གསང་བའི་རྒྱུད་ལོ་ཙཱ་བ་རིན་བཟང་གིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་ལྔ་ཡོད་དོ། །བརྒྱུད་པ་ནི། སངས་རྒྱས་མཉམ་སྦྱོར་སོར་བཞག་གོ །ཡོ་ག་རྩ་བའི་རྒྱུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་རིགས་བཞིར་བསྡུས་ནས་མཉམ་པར་སྟོན་པ་རྩ་བའི་རྒྱུད་དུམ་བུ་བཞི། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། རྒྱུད་ཉེ་བར་བསྡུས་པ་དང་བཅས་པ་བམ་པོ་དགུ་པ་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བ། འདི་ལ་དཀྱིལ་འཁོར་ཉིས་བརྒྱ་དང་གསུམ་ཡོད། བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། རྒྱལ་པོ་སྒྲ་གཅན་འཛིན་བཟང་པོ། སྭསྟི་ཕ་ལ། ཡེ་ཤེས་རྡོ་རྗེ། པྲ་ཛྙཱ་སིདྡྷི། དེ་བཞི་ཀ་ལ་སློབ་དཔོན་ཀུན་དགའ་སྙིང་པོས་གསན། དེ་ནས་པྲཛྙཱ་ཝ་ལི་ཏ། པྲ་ཛྙཱ་བོ་དྷི། རབ་འབྱོར་བསྐྱངས། དྷརྨ་ཕ་ལ། ལོ་ཆེན་རིན་བཟང༌། མང་ནད་གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་བ་ཉི་མ་ཤེས་རབ། སྣུར་ཉི་མ་སེངྒེ་། རྩ་སྐྱ་སྟོན་གྲགས། མཉམ་གད་པ་ཆེན་པོ། གླན་ཆོས་འབྱུང༌། རྩ་སྐྱ་ཤཱཀ་འབུམ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་མན་སངས་རྒྱས་མཉམ་སྦྱོར་བཞིན་ནོ། །

   ༼ཐ༽པར་བཤད་པའི་རྒྱུད་རྡོ་རྗེ་རྩེ་མོའི་རྒྱུད་རྟོག་པ་བཅུ་ལས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཡན་ཆད་རྫོགས་ནས། ཕྱི་རོལ་རྡོ་རྗེ་རིགས་ཀྱི་མཚན་བརྒྱ་རྩས་གསོལ་བ་བཏབ་པ་ཡན་ཆད་པཎྜི་ཏ་ཀརྨ་བཛྲ་དང༌། གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་བ། འདི་ཡན་ལ་དཀྱིལ་འཁོར་དངོས་སུ་གསུངས་པ་དགུ་ཡོད། འདིའི་འཕྲོས་ད་དུང་རྟོག་པ་ཕྱེད་དང་ལྔ་མ་ཚང༌། བམ་པོ་བཅུ་གཉིས་སོ། བརྒྱུད་པ་ནི། སངས་རྒྱས། བྱམས་པ། ག་གཱ་དྷ་ར། ས་མཱནྟ་བྷ་ཏྲ། ཁ་ཆེ་ཛྙཱ་ན་ཤྲཱི། གཉལ་བ་ཉི་མ་ཤེས་རབ། སྣུར་ཉི་མ་སེངྒེ་། སྣུར་རྡོ་རྗེ་སེངྒེ་། གླན་ཆོས་འབྱུང༌། རྩ་སྐྱ་ཤཱཀ་འབུམ། འཛིམས་པ་རིན་ཆེན་ཤེས་རབ། ལོ་ཙཱ་བ་མཆོག་ལྡན། གློ་ཆེན་སངས་རྒྱས་སྲས་མན་རྩ་རྒྱུད་དེ་ཉིད་བསྡུས་པ་སོར་བཞག་གོ །ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་པཎྜི་ཏ་པདྨ་ཀ་ར་ཝརྨ་དང༌། ལོ་ཆེན་རིན་བཟང་གི་འགྱུར། འདིས་དཀྱིལ་འཁོར་གཅིག་སྟོན། འདི་དུམ་བུ་དང་པོའི་བཤད་རྒྱུད་དེ་བཞིན་གཤེགས་པའི་རིགས་གཙོ་བོར་སྟོན་པའོ། །བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། དེའི་སློབ་མ་ལྔ་ནི། པད་དཀར་ཡེ་ཤེས། ཁ་ཆེ་ཛྙཱ་ན་ཤྲཱི། སྒྲ་གཅན་འཛིན་བཟང་པོ། ཉི་མའི་སྙིང་པོ། རྒྱལ་རིགས་ས་ར་ཧ་དང་ལྔ། དེ་ལྔ་ཀ་ལ་སློབ་དཔོན་ཀུན་དགའ་སྙིང་པོས་གསན། དེ་ནས་ཏ་ཐཱ་ག་ཏ་བཛྲ། ཤྲཱདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། གློ་ཆེན་སངས་རྒྱས་སྲས་མན་དེ་ཉིད་བསྡུས་པ་བཞིན་ནོ། །

    འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་རྩ་བའི་རྒྱུད། རྒྱུད་ཕྱི་མ་དང་བཅས་པ་རྨ་ལོ་ཙཱ་བ་རིན་ཆེན་མཆོག་གིས་བསྒྱུར་པ། འདི་ལ་དཀྱིལ་འཁོར་བཞི་བཅུ་རྩ་དྲུག་ཡོད། འདི་དུམ་བུ་གཉིས་པའི་བཤད་རྒྱུད་རྡོ་རྗེའི་རིགས་གཙོ་བོར་སྟོན་པའོ། བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ སྒྲ་གཅན་འཛིན། ཀུན་དགའ་སྙིང་པོ། པྲཛྙཱ་ཝ་ལི་ཏ། པྲཛྙཱ་བོ་དྷི། རབ་འབྱོར་བསྐྱངས། དྷརྨ་པ་ལྭ། ལོ་ཆེན། མང་ནང་གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་བ་ཉི་མ་ཤེས་རབ། རྩ་སྐྱ་སྟོན་གྲགས། མཉམ་གད་པ་ཆེན་པོ། གླན་ཆོས་འབྱུང༌། རྩ་སྐྱ་ཤཱཀྱ་འབུམ། འཛིམས་པ་རིན་ཆེན། མཆོག་ལྡན། གློ་ཆེན། བླ་མ་གཞོན་ཚུལ། རྡོ་རྗེ་གླིང་པ། མགོན་པོ་འབུམ། རི་ཕུག་པ། མ་ཏི་པཎ་ཆེན་མན་རྩ་རྒྱུད་དང་གཅིག་གོ །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་བམ་བོ་གསུམ་པ། རྒྱ་གར་གྱི་མཁན་པོ་ཤཱནྟིཾ་གརྦྷ་དང༌། ལོ་ཙཱ་བ་བནྔྷེ་ཛ་ཡ་རཀྵི་ཏས་བསྒྱུར་པ་ལ། སླར་ཨཱ་ཙརྱ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་བཅོས་ཏེ་གཏན་ལ་ཕབ་པ། འདི་ལ་དཀྱིལ་འཁོར་བཅུ་གཉིས་ཡོད། བརྒྱུད་པ་ནི། ཤཱཀྱའི་རྒྱལ་པོ། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། རབ་འབྱོར་བསྐྱངས། ཀུན་དགའ་སྙིང་པོ། ཤེས་རབ་བསྐྱངས། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། དད་བྱེད་གོ་ཆ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ། རྗེ་བཙུན་ས་ཆེན། གཉགས་སྟོན་དབང་རྒྱལ། རྗེ་བཙུན་གྲགས་པ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་བརྟན། དཔལ་ལྡན་ཚུལ་ཁྲིམས། ཤང་ཆེན། ངོར་ཆེན་ཀུན་བཟང༌། རྒྱལ་ཚབ་ཀུན་དབང༌། ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེངྒེ་མན་སངས་རྒྱས་མཉམ་སྦྱོར་དང་གཅིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་པཎྜི་ཏ་རེ་ཝེནྡྲ་དེ་ཝ། མ་ནི་ཀ་ཤྲཱི་ཛྙཱ་ན། ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གསུམ་གྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་བཅུ་གཅིག་ཡོད། བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རྡོ་རྗེ་གདན་པ་གསུམ། པུཎྱཻ་ཤྲཱི། སྟེང་ལོ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོ་ནག་རལ་གྲི། ཇོ་གདན་ཟས་གཙང༌། ཤངས་པ་གྲགས་སེང༌། རིན་ཆེན་འབུམ། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། མཁན་ཆེན་བྲག་རྡོར་བ། ཆོས་རྗེ་གྲགས་པ་དོན་འགྲུབ། རྔོག་བྱང་ཆུབ་དཔལ། མཁན་ཆེན་ཀུན་དགའ་རྒྱལ་མཚན། ཆོས་རྗེ་ནམ་མཁའ་དབང་ཕྱུག །འབུམ་རམ་པ་རིན་ཆེན་ཆོས་དབང༌། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །མང་ཐོས་ཆོས་རྒྱལ་དོན་འགྲུབ། སྤྱན་སྔ་དཀོན་མཆོག་འབངས། སེམས་པ་གྲགས་པ་དོན་འགྲུབ། སྡོམ་བརྩོན་ཚོགས་གཉིས་དཔལ་གྲུབ། སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག །མཁས་གྲུབ་བློ་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ཡང་ན་གྲགས་དོན་པ་ནས། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ། མཁས་གྲུབ་རིགས་པའི་གློག་ཕྲེང༌། བླ་མ་བསྟན་པ་རྒྱ་མཚོ། རྒྱ་ངག་དབང་ཆོས་རྒྱལ། གཅུང་ངག་དབང་གྲགས་པ། མཁས་པ་ངག་དབང་ནོར་བུ། བླ་མ་ངག་དབང་བཟང་པོ། བླ་མ་ཀུན་བློ། ཁུ་སྟོན་ངག་དབང་རྣམ་རྒྱལ། བསོད་ནམས་མཆོག་ལྡན་མན་བཤད་མ་ཐག་པ་བཞིན་ནོ། །

    རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད་པཎྜི་ཏ་ཛྙཱ་ན་བཛྲ་དང༌། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་བ། བརྒྱུད་པ་ནི། སངས་རྒྱས། བྱམས་པ། གཾ་ག་དྷ་ར། ཀུན་ཏུ་བཟང་པོ། ཁ་ཆེ་ཡེ་ཤེས་དཔལ། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། སྣུར་རྡོ་རྗེ་སེངྒེ་། གླན་ཆོས་འབྱུང༌། རྩ་སྐྱ་ཤཱཀྱ་འབུམ། འཛིན་པ་རིན་ཆེན་ཤེས་རབ། ཤར་པ་འཇམ་དབྱངས་ཆེན་པོ། བག་སྟོན། རྡོ་རྗེ་གླིང་པ། མགོན་པོ་འབུམ། བྲམ་ནམ་མཁའ་རྒྱལ་མཚན། ས་བཟང་མ་ཏི་མན་སངས་རྒྱས་མཉམ་སྦྱོར་དང་འདྲའོ། །མངོན་སྤྱོད་ཀྱི་ལས་ཀྱི་རྒྱུད་རྒྱ་གར་གྱི་མཁན་པོ་ཤཱནྟི་གརྦྷ་དང༌། ལོ་ཙཱ་བ་བནྔྷེ་ཛ་ཡ་རཀྵི་ཏས་བསྒྱུར་པ། སླར་ཨཱ་ཙརྱ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་བཅོས་ཏེ་གཏན་ལ་ཕབ་པ། འདི་རྒྱལ་དབང་མཆོག་གི་གསན་ཡིག་དང༌། ཆོས་རྗེ་རིན་ཆེན་རྒྱ་མཚོའི་གསན་ཡིག་གཉིས་ཀར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་བམ་པོ་གསུམ་པའི་རྗེས་སུ་ཡོད་པར་གསུངས་འདུག་ནའང༌། བཀའ་འགྱུར་འདིར་ཅུང་གོ་རིམ་མི་མཐུན་པ་འདི་ལྟར་སྣང༌། བརྒྱུད་པ་ནི། བཤད་མ་ཐག་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་བམ་པོ་གསུམ་པ་དང་འདྲའོ། །

   ༼ད༽པར་དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ་དུམ་བུ་དང་པོ་ཤེར་ཕྱིན་གྱི་དུམ་བུ་པཎྜི་ཏ་ཨཱ་ཙརྱ་ཤྲཱདྡྷ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དུམ་བུ་གཉིས་པ་རྩ་བའི་རྒྱུད། རྒྱུད་ཕྱི་མ་དུམ་བུ་དང་པོ་དང་གཉིས་པའི་རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད་དུམ་བུ་གཉིས་པ་ཉིད་ཀྱི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་དང༌། གསང་བ་རས་བྲིས་ཀྱི་ཆོ་ག་དང༌། ཕྱག་རྒྱའི་རྒྱུད། རྟོག་པ་ཐམས་ཅད་ཀྱི་རྒྱུད། ཕྱི་མའི་རྩ་བའི་རྟོག་པ་དང༌། རྟོག་པ་ཐམས་ཅད་སྒྲུབ་པའི་ཆོ་ག་དང༌། ཕྱག་རྒྱའི་རྒྱུད་ཐམས་ཅད་ཀྱི་དོན་གཏན་ལ་འབེབས་པ་རྟོག་པ་ཐམས་ཅད་བསྡུས་པའི་མཆོག་ཏུ་གསང་བའི་ཆོ་ག་དང༌། རྒྱུད་ཉེ་བར་སྡུད་པ་དང་བཅས་པ་རྣམས་པཎྜི་ཏ་མཎྜ་ཀ་ལ་ཤ་དང༌། ལོ་ཙཱ་བ་ལྷ་བཙད་པོ་ཞི་བ་འོད་ཀྱིས་བསྒྱུར་བ། འདི་ལ་སློབ་དཔོན་ཀུན་སྙིང་དཀྱིལ་འཁོར་བརྒྱད་ཅུ་རྩ་བཞིར་བཞེད། སློབ་དཔོན་པདྨ་བཛྲ་ཞབས་དཀྱིལ་འཁོར་བདུན་ཅུ་རྩ་བརྒྱད་དུ་བཞེད། བརྒྱུད་པ་ནི། རྩ་རྒྱུད་དེ་ཉིད་བསྡུས་པ་ཇི་ལྟ་བ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ། འདི་ལ་དཀྱིལ་འཁོར་བཅོ་ལྔ། དེ་ལ་ཕྱེ་ན་ཉི་ཤུར་འགྱུར་བ་འགྲེལ་བས་བཤད་ཅིང་དཔལ་མཆོག་ཤེར་དུམ་དང་འདྲ། འདི་ཤེར་ཕྱོགས་ཀྱི་ཁྲོད་དུའང་ཡོད་ཅིང༌། བརྒྱུད་པ་ཡང་ཤེར་ཕྱོགས་ན་ཡོད་པ་དེ་ཁའི་བརྒྱུད་པས་འཐུས་པ་འདུག།།རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆོས་རྗེ་ས་པཎ་གྱི་བསྒྱུར་མ་རྫོགས་པ་ཤོང་བརྟན་གྱིས་བསྒྱུར་བ་འདུག་ཀྱང་ལུང་མ་བྱུང༌། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་རྒྱལ་པོ་པཎྜི་ཏ་བདེ་བར་གཤེགས་པའི་དཔལ་དང༌། ཆོས་རྗེ་ས་པཎ་གྱི་བསྒྱུར་འཕྲོ་སྤང་བློ་གྲོས་བརྟན་པས་བསྒྱུར་བ་ལ་བུ་སྟོན་གྱིས་འགྱུར་བཅོས་མཛད་པ་འདི་ལ་དཀྱིལ་འཁོར་སུམ་བཅུ་རྩ་གཉིས་ཡོད

   ༼ན༽པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཉི་ཤུ་རྩ་ལྔ་པ་ཤེར་ཕྱོགས་ཁྲོད་དུའང་ཡོད། འདི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ན་ཡོད་པའི་སྒོ་ཉི་ཤུ་རྩ་ལྔ་པ་ལོགས་སུ་ཕྱུང་བའི་ཆ་མཐུན་པའི་རྒྱུད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། མཁན་པོ་བདེ་བར་གཤེགས་པའི་དཔལ་དང༌། དཔལ་ལྡན་ས་སྐྱ་པཎྜི་ཏའི་འགྱུར། འདི་ལ་དཀྱིལ་འཁོར་བདུན་ནོ། །གསང་བ་ནོར་བུ་ཐིག་ལེ་ཞེས་བྱ་བའི་མདོ་མཁན་པོ་སུ་ག་ཏ་ཤྲཱི་དང༌། དཔལ་ལྡན་ས་སྐྱ་པཎྜི་ཏའི་འགྱུར། འདི་ལ་དཀྱིལ་འཁོར་གཅིག །འདི་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། མ་ཏཾ་གི་པ། བི་ཁྱཱ་ཏ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། སུ་ག་ཏ་ཤྲཱི། རྗེ་བཙུན་ས་པཎ། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །ལོ་ཙཱ་བ་མཆོག་ལྡན། གློ་ཆེན་སངས་རྒྱས་སྲས། རྒྱལ་བཟང་དཔལ། སྤང་ཁང་པ། མ་ཏི་པཎ་ཆེན་མན་རྩ་རྒྱུད་དེ་ཉིད་བསྡུས་པ་དང་གཅིག་གོ །སྤྱོད་པའི་རྒྱུད་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་རྣལ་འབྱོར་འཕྲུལ་པ་བྱིན་གྱིས་བརློབ་པའི་རྒྱུད་རིམ་པར་ཕྱེ་བ་ཉི་ཤུ་རྩ་དྲུག་དང༌། རྒྱུད་ཕྱི་མ་གསང་བ་མཆོག་གི་རིམ་པར་ཕྱེ་བ་བདུན་པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་འདི་ལ་རྩ་བའི་རྒྱུད་ལ། དབང་སྐུར་བའི་དཀྱིལ་འཁོར་གསུམ་དང༌། རྒྱུད་ཕྱི་མ་ལ་གཅིག་ཡོད་ཅིང༌། རྒྱུད་ཕྱི་མ་ད་དུང་མ་རྫོགས་པ་འདྲ་སྟེ། འགྲེལ་བར་རྒྱུད་ཕྱི་མ་ནས་དྲངས་པའི་ལུང་རྣམས་མ་བྱུང་པའི་ཕྱིར་རོ། །བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་རྗེ། བ་རི་བ། མཆིམས་བརྩོན་སེང༌། དོན་ནེ། ཆོས་སེང༌། བློ་བརྟན། ནམ་མཁའ་གྲགས་ཏེ་མཆིམས་ལྔ། འཕགས་པ་རིན་པོ་ཆེ། ཁང་གསར་པ། གློ་ཆེན། སེང་རྒྱལ། གར་ཐིག་པ། ཤེར་རྡོར། ཆོས་ཤེ །གྲགས་རྡོར་བ། དབུས་གླིང་གྲགས་དོན་པ། རྔོག་བྱང་ཆུབ་དཔལ། ཀུན་རྒྱལ་བ། ནམ་མཁའ་དབང་ཕྱུག །འབུམ་རམ་པ་རིན་ཆེན་ཆོས་དབང༌། ལྷ་ལུང་པ་ཚུལ་དབང༌། ཆོས་རྒྱལ་དོན་འགྲུབ། དཀོན་མཆོག་འབངས། རྒྱལ་ཚབ་གྲགས་དོན། ཚོགས་གཉིས་དཔལ་གྲུབ། དྷི་ཚ་འཇིག་རྟེན་དབང་ཕྱུག །སྨན་ལུང་པ་བློ་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་དེའི་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པ་འདུལ་བ་གསུངས་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་པཎྜི་ཏ་ཨུ་པ་ཤ་མ་རཀྵི་དང༌། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་ལ་ཞ་ལུ་ལོ་ཆེན་གྱིས་བཅོས་པ། འདི་ལ་དཀྱིལ་འཁོར་གསུམ་ཙམ་ཡོད་ཅིང༌། རྣམ་སྣང་མངོན་བྱང་དང་ཆ་མཐུན་པ་སྤྱོད་པའི་རྒྱུད་དོ། །བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ་དབྱངས། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། མཆིམས་དོན་རྒྱལ་བ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། དབུས་པ་བློ་གསལ། ལོ་ཙཱ་བ་མཆོག་ལྡན། གློ་ཆེན་པ། བག་སྟོན་གཞོན་ཚུལ། མགོན་པོ་འབུམ། རི་ཕུག་པ། ས་བཟང་མ་ཏི་མན་རྩ་རྒྱུད་དེ་ཉིད་བསྡུས་པ་བཞིན་ནོ། །ཡང་ན། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ས་མཱནྟ་བྷ་དྲ། འགྲོ་བཟང་སྙིང་པོ། རཏྣ་བཛྲ། ཏེ་ཛ་དེ་ཝ། ཟངས་མཁར་ལོ་ཙཱ་བ་འཕགས་པ་ཤེས་རབ། སྨུས་ནག་བདེར་གཤེགས། སྨྲས་དཀར་སངས་རྒྱས། ལང་པ་སྟོན་ནག །ལྷ་རྗེ་དཔལ་གྱི་རྒྱལ་མཚན། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། ལོ་མཆོག་པ། གློ་ཆེན་པ་མན་བཤད་མ་ཐག་པ་དང་འདྲ། ཡང་ན། གློ་ཆེན་པ་ནས། རྒྱལ་བཟང་དཔལ། གངས་ཁྲོད་པ། མ་ཏི་པཎ་ཆེན་མན་གོང་བཞིན་ནོ། །

   ༼པ༽པར་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུམ་བུ་གསུམ་པ་འོག་མིན་དུ་གསུངས་པ་དང༌། གྲོང་ཁྱེར་དཔལ་ཡོན་ཏན་འབྱུང་བའི་གནས་སུ་གསུངས་པ་གཉིས་བམ་པོ་བཅུ་གཉིས་པ་པཎྜི་ཏ་ཤཱི་ལནྡྲ་བོ་དྷི་དང༌། ལོ་ཙཱ་ཡེ་ཤེས་སྡེའི་འགྱུར། འདི་ལ་དཀྱིལ་འཁོར་བཞི་ཡོད་ཅིང་ད་དུང་ཅུང་མ་རྫོགས་པ་འདྲའོ། །བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་རྗེ། ཇོ་བོ་པུནྱ་ཤྲཱི། སྟེང་པ་ལོ་ཙཱ་བ། སོ་ཆོས་ཀྱི་ཤེས་རབ། ལྷོ་པ་ཀུན་མཁྱེན། ཏིང་འཛིན་དཔལ་བཟང༌། དབུས་པ་སངས་རྒྱས་འབུམ། རྒྱལ་ཚ་ཆོས་དབང༌། དེ་གཉིས་ཀ་ལ་ལོ་མཆོག་པས་གསན། དེ་ནས། རྭ་སྟོན་ཤཱཀྱ། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། བྲམ་ནམ་མཁའ་རྒྱལ་མཚན། ས་བཟང་པཎ་ཆེན་མན་དེ་ཉིད་བསྡུས་པ་བཞིན་ནོ། །

འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས་ཡེ་ཤེས་སྡེའི་འགྱུར་གྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྡོ་རྗེ་གདན་པ་ཆེ་ཆུང་གསུམ། པུཎྱ་ཤྲཱི། སྟེང་ལོ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོ་ནག་རལ་གྲི། ཇོ་གདན་ཟས་གཙང༌། མཁན་པོ་གྲགས་སེང༌། རིན་ཆེན་འབུམ། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ་བསོད་ནམས་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། མཁན་ཆེན་གྲགས་རྡོར་བ། ཆོས་རྗེ་གྲགས་དོན་པ། རྔོག་བྱང་ཆུབ་དཔལ། ཞལ་སྔ་ནས་ཀུན་དགའ་རྒྱལ་མཚན། ཐེལ་མཁན་ཆེན་སྨན་རྒྱལ་བ་ནམ་མཁའ་དབང་ཕྱུག །འབུམ་རམ་པ་རིན་ཆེན་ཆོས་དབང༌། རྗེ་བསྟན་པ་རྒྱ་མཚོ། ངག་དབང་ཆོས་ཀྱི་རྒྱལ་པོ། གཅུང་སྨྱོན་ངག་དབང་ཀུན་དགའ། པདྨ་དཀར་པོ། ངག་དབང་བཟང་པོ། པཎ་ཆེན་ཆོས་རྗེ། ཀུན་དགའ་བློ་གྲོས། སེམས་དཔའ་ཆེན་པོ་ངག་དབང་རྣམ་རྒྱལ། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    འདིའི་འོག་ཏུ་ཕྱག་རྡོར་གོས་སྔོན་ཅན་གྱི་རྒྱུད་ལེའུ་བཅུ་གསུམ་པ་ཞིག་འདུག་ཀྱང་ལུང་མ་ཐོབ ཕྱག་ན་རྡོ་རྗེ་གོས་སྔོན་ཅན་རྡོ་རྗེ་ས་འོག་གི་རྒྱུད་ལེའུ་བདུན་པ་པཎྜི་ཏ་དཱི་པཾ་ཀ་ར་དང༌། ལོ་ཙཱ་བ་བྱའི་གདོང་ཅན་གྱི་འགྱུར་འདི་ལ་དཀྱིལ་འཁོར་གཅིག་གོ །བརྒྱུད་པ་ནི། འཇམ་དཔལ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། བར་པ། བ་རི་ལོ་ཙཱ་བ། གོང་མ་ལྔ། གློ་ཆེན། རྒྱལ་བཟང་དཔལ། སྤང་ཁང་པ། མ་ཏི་མན་དེ་ཉིད་བསྡུས་པ་བཞིན་ནོ། །ཡང་ན་ཡོ་ག་རྡོ་རྗེ་སྙིང་པོ་རྒྱན་གྱི་བརྒྱུད་པ་སོར་གནས་སོ། །འདིའི་རྗེས་སུ་རྡོ་རྗེ་ས་གསུམ་དུ་རྒྱུ་བའི་རྟོག་པ་འདུག་ཀྱང་ལུང་མ་ཐོབ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་ཆོ་ག་ལོ་ཙཱ་བ་བརྩོན་སེང་གིས་བསྒྱུར་བ། བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །འདིའི་རྗེས་སུ་འཇིག་རྟེན་གསུམ་གྱི་རྒྱུད་ཅེས་བྱ་བ་འདུག་ཀྱང་ལུང་མ་ཐོབ་ཅིང༌། རྡོ་རྗེ་ས་འོག །རྡོ་རྗེ་ས་གསུམ་དུ་རྒྱུ་བའི་རྟོག་པ། འཇིག་རྟེན་གསུམ་འདུལ་གསུམ་པོ་འདི་ལ་ཐེ་ཚོམ་གྱི་གཞིར་ཡང་མཛད་དོ། །

    བྱ་བའི་རྒྱུད་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་ལེའུ་བཅུ་དགུ་པ་ཀྲྀཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། འདི་ལ་དཀྱིལ་འཁོར་གཅིག་ཡོད། བརྒྱུད་པ་ནི། རྡོ་རྗེ་བྲག་སྤྲུལ་སྐུ་ཡན་སླར་འཚོལ་རྒྱུ། དེ་ནས་རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཤོ་ལོ་ཀ་བརྒྱད་བརྒྱ་པ། ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར། སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ནཱ་ཤཱི་ལ་དང༌། ལོ་ཙཱ་བ་བནྔྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ། འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻཌཱུརྻའི་འོད་ཅེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ། སུ་རཏྣ་བོ་དྷི། བནྔྷེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ་ལས། ཕྱིས་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། སྨན་ལ་སྔགས་ཀྱིས་གདབ་པ། འདི་ཉིད་སྨན་བླའི་སྙིང་པོ་ལོགས་སུ་བྱུང་བ་ཡིན་པས་རྒྱུད་ཐ་དད་དུ་མི་བགྲང་ངོ༌། །འདི་རྣམས་ཀྱི་བརྒྱུད་པ་ནི། འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས་ཀྱི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །

    འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་ཆོ་ག་ཞིབ་མོ་ཞེས་བྱ་བའི་རྒྱུད་ལེའུ་བདུན་པ་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་ཝ་དང་ལོ་ཙཱ་བ་དཔལ་གྱི་ལྷུན་པོས་བསྒྱུར་བ་ལ། སླད་ཀྱི་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། བརྒྱུད་པ་ནི། སེམས་དཔའ་ཆེན་པོ་ངག་དབང་རྣམ་རྒྱལ་ཡན་ཆད་བཤད་མ་ཐག་པའི་ལྷ་མོ་བརྒྱད་ཀྱི་གཟུངས་ལྟར་ལ། དེ་ནས་བསོད་ནམས་མཆོག་ལྡན། དེ་གཉིས་ཀ་ལ་རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོས་གསན། དེ་ནས་དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

   ༼ཕ༽པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་རང་བསྲེལ་གྱི་ཟ་མ་ཏོག་ཅེས་བྱ་བའི་གཟུངས། པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་ཝ་དང༌། ལོ་ཙཱ་བ་རྩངས་དེ་ཝནྡྲ་རཀྵི་ཏས་བསྒྱུར་བ། བྱང་ཆུབ་སྙིང་པོ་རྒྱན་འབུམ་ནས་བཏུས་པའི་གཟུངས། འདི་གཉིས་ཀྱི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་བརྒྱུད་སོར་བཞག་གམ། ཡང་ན་སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། ས་ཆེན་ཀུན་སྙིང༌། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། རྒ་ལོ་རྣམ་རྒྱལ་རྡོ་རྗེ། སྲས་ཤེར་སེང༌། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། སྤུ་སྟོན་བསོད་རྒྱལ། མཁན་ཆེན་ཤེར་རྡོར། ཆོས་སྒོ་བ་ཆོས་ཤེ །སློབ་དཔོན་བསོད་སེང༌། དབུས་གླིང་གྲགས་དོན་པ། རཏྣ་ཀིརྟི། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། མཁྱེན་པའི་རྩེ་མོ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རཏྣ་ས་མུ་ཏྲ། དྲིན་ཆེན་རྩ་བའི་བླ་མ་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    སངས་རྒྱས་བཅུ་གཉིས་པའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེ་གསུམ་གྱིས་བསྒྱུར་ཅིང༌། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ། སངས་རྒྱས་བདུན་པ་ཞེས་བྱ་བའི་མདོ། སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངས་འགྱུར་གོང་འདྲ། སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འགྱུར་གོང་འདྲ། འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས། འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་གཟུངས།

    འཕགས་པ་ཙནྡྲ་གྱི་ཡན་ལག་ཅེས་བྱ་བའི་གཟུངས་འགྱུར་སངས་རྒྱས་སྙིང་པོ་དང་འདྲ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས་དགེ་སློང་ནེར་བན་རཀྵི་ཏས་ཐོ་གར་གྱི་ཡུལ་ནས་རྙེད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འདིའི་འོག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་དང༌།.....འདིའི་དཔེ་མ་བྱུང༌། ཡེ་ཤེས་ཏ་ལའི་གཟུངས་ཞེས་བྱ་བ་གཉིས་འདུག་ཀྱང་ལུང་མ་བྱུང༌། འཕགས་པ་སའི་དབང་པོའི་གཟུངས་ཡེ་ཤེས་སྡེའི་འགྱུར།.....འདི་ལ་རྡོ་རྗེ་གདན་པའི་གསན་ཡིག་བཞིན། རྒྱལ་བའི་གསན་ཡིག་ན་སའི་སྙིང་པོའི་གཟུངས་གསུང་བ་དང༌། མཁྱེན་བརྩེའི་གསན་ཐོར་ས་པའི་དབང་པོ་ཞེས་སྣང་ངོ༌། །གདོན་མི་ཟ་བའི་གཟུངས། གཞན་གྱིས་མི་ཐུབ་པའི་རིག་པ་ཆེན་པོ། འཕགས་པ་སྒོ་མཐའ་ཡས་པར་སྒྲུབ་པའི་གཟུངས། འདི་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས་ཡུམ་དུ་བཤད་མོད་ཀྱི་འགྲེལ་བར་ཐུབ་པས་གཙོ་བྱས་པའི་དཀྱིལ་འཁོར་བཤད་པས་དེ་བཞིན་གཤེགས་པའི་རྒྱུད་དུའང་མི་འགལ་ལོ། །

    འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས། འདི་རྣམས་ཀྱི་བརྒྱུད་པ་ནི་ལྷ་མོ་བརྒྱད་ཀྱི་གཟུངས་ཀྱི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་གཟུངས་རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། སུ་རེནྡྲ་བོ་དྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདིའི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། ཤཱཎྟི་པ། སཽ་རི་བ། ཨ་བྷ་ཡཱ་ཀ་ར། དགེ་བའི་འབྱུང་གནས། རྡོ་རྗེ་གདན་པ་གསུམ། པུ་ཎྱཻ་ཤྲཱི། སྟེང་པ་ལོ་ཙཱ་བ། སོ་ཀུན་མཁྱེན། སོ་འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། ཀོ་ནག་པ། གྲགས་སེང་བ། ཀུན་དགའ་འབུམ། ཀུན་ཡེ། གཞོན་ཚུལ། མགོན་པོ་འབུམ། བསོད་རྒྱལ་བ། ཤར་རྡོར་བ། ཆོས་དཔལ་ཤེས་རབ། བསོད་ནམས་སེངྒེ་། གྲགས་དོན་པ། བཀའ་འགྱུར་བ། རྡོ་རྗེ་གདན་པ། རིག་པའི་གློག་ཕྲེང༌། བསྟན་པའི་རྒྱ་མཚོ། ངག་དབང་ཆོས་རྒྱལ། ངག་དབང་གྲགས་རྒྱན། ངག་དབང་ནོར་བུ། ངག་དབང་བཟང་པོ། ཀུན་དགའ་བློ་གྲོས། དཔལ་གླིང་ངག་དབང་རྣམ་རྒྱལ། བསོད་ནམས་མཆོག་ལྡན། ཆོས་རྗེ་འཇམ་དབྱངས་རྣམ་རྒྱལ། དྲིན་ཆེན་རྩ་བའི་བླ་མ་པཎ་ཆེན་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    རིག་སྔགས་ཀྱི་རྒྱལ་མོ་སྒྲོལ་མ་མཆོག་གི་གཟུངས། འཕགས་པ་གཟུངས་ཆེན་མོ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ཡ། བནྡེ་ཡེ་ཤེས་སྡེ་གསུམ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཤེར་ཕྱིན་ཡི་གེ་ཉུང་ངུ༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། པཎྜི་ཏ་བི་མ་ལ་མི་ཏྲ་དང༌། ལོ་ཙཱ་བ་བགྲོ༷་རིན་ཆེན་སྡེའི་འགྱུར། བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཤཱཀྱ་ཐུབ་པའི་གཟུངས། རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས། ཟླ་འོད་ཀྱི་མཚན་རྗེས་སུ་དྲན་པའི་གཟུངས། དེ་བཞིན་གཤེགས་པ་སྤྱིའི་མཚན་རྗེས་སུ་དྲན་པ། རིན་ཆེན་གཙུག་ཏོར་ཅན་གྱི་མཚན་རྗེས་སུ་དྲན་པ། མཆོད་པའི་སྤྲིན་གྱི་གཟུངས། འདིའི་རྗེས་སུ་པདྨའི་སྤྱན་ཞེས་བྱ་བའི་གཟུངས་དང༌། སུ་རུ་པའི་གཟུངས་གཉིས་འདུག་པ་མ་ཐོབ། འཇིགས་པ་བརྒྱད་ལས་བསྒྲོལ་བའི་གཟུངས། ཁྱད་པར་ཅན་གྱི་གཟུངས་ཞེས་བྱ་བ་འདི་རྣམས་ཀྱི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །

    འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོག་པ་སུམ་ཅུ་རྩ་དྲུག་པ་པཎྜི་ཏ་གཞོན་ནུ་འབུམ་པ་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་གསུམ་ཡོད། བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། རབ་གསལ་ཟླ་བ། སྒྲ་གཅན་འཛིན། སྭ་སྟི་ཕ་ལ། ཡེ་ཤེས་རྡོ་རྗེ། ཤེས་རབ་གྲུབ། ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ཤེས་རབ་བསྐྱངས། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། དད་བྱེད་གོ་ཆ། རིན་ཆེན་བཟང་པོ། རྐྱང་པོ་ཆོས་བློ། བྲའོ་ལྷ་འབུམ། བྲའོ་མི་མཉམ་རྡོ་རྗེ༷། ལྡོང་སྟོན་ཡེ་ཤེས་རྡོ་རྗེ། ཞང་བྱ་རུ་བ། གློ་ཆེ༷ན་སངས་རྒྱས་སྲས། རྒྱལ་བཟང་དཔལ། སྤང་ཁང་བ། མ་ཏི་པཎ་ཆེན་མན་དེ་ཉིད་བསྡུས་པ་བཞིན་ནོ། །

    དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་པ། པཎྜི་ཏ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ལ་ནག་ཚོས་འགྱུར་བཅོས་མཛད་པ། འདིའི་ཞབས་ན་འཇམ་དཔལ་རྣོན་པོའི་བསྟོད་པ་དང༌། འཇམ་དབྱངས་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ་གཉིས་བཀའ་འགྱུར་འགའ་ཞིག་ན་ཡོད་པ་འདུག་རུང༌། འདིར་དཔེ་མ་བྱུང་བས་ལུང་མ་ཐོབ། འཇམ་དཔལ་གྱི་ཞལ་ནས་གསུངས་པའི་གཟུངས་ཕན་ཡོད་དང་བཅས་པ་པྲཛྙཱ་གརྦྷ་དང༌། ཀླུའི་དབང་པོས་བསྒྱུར་བ། འཇམ་དབྱངས་ཀྱིས་དམོད་གཙུགས་པའི་གཟུངས། འཇམ་དཔལ་གྱིས་དམ་བཅས་པའི་གཟུངས། འཇམ་དཔལ་གྱི་མཚན་གྱི་གཟུངས། འཇམ་དཔལ་ཤེས་རབ་བློ་འཕེལ་གྱི་གཟུངས། འཇམ་དཔལ་གྱི་ཡིག་འབྲུ་གཅིག་པའི་གཟུངས། འཕགས་པ་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ།.....འདིའི་ལུང་རྒྱུན་ཡོད་མེད་སླར་བརྟག །འདི་རྣམས་ཀྱི་བརྒྱུད་པ་ནི། འཇམ་དཔལ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། བར་པ། བ་རི་ལོ་ཙཱ་བ། ས་སྐྱ་པ་ལྔ། གློ་ཆེན་པ་མན་སྔར་དང་འདྲ། ཡང་ན་ངན་སོང་སྦྱོང་བའི་རྟོག་པ་ཆག་ཆོས་རྗེ་དཔལ་གྱིས་བསྒྱུར་བའི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །

   ༼བ༽པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་དང༌། ཤེར་ཕྱིན་ཀོའུ་ཤི་ཀ་འདི་གཉིས་ཀྱི་བརྒྱུད་པ་ནི་བཤད་མ་ཐག་པའི་འཇམ་དཔལ་གྱི་མདོ་ཆུང་རྣམས་དང་འདྲ། འདིའི་རྗེས་སུ་གསེར་འོད་མཆོག་ཏུ་རྣམ་པར་རྒྱལ་བ་ལེའུ་སོ་གཅིག་པ་འདུག་ཀྱང་ལུང་མ་བྱུང༌། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་བམ་པོ་བཅུ་པ་ལེའུ་ཉེར་དགུ་པ་ཡེ་ཤེས་སྡེའི་འགྱུར། འདི་ལ་དཀྱིལ་འཁོར་དྲུག་ཡོད། བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཀུན་དགའ་བོ། ཀྲྀཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་བཤེས་གཉེན། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀཱ་ར་ཤཱནྟི། རྡོ་རྗེ་གདན་པ་གསུམ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་བཟང༌། དཔྱལ་པདྨ་ཅན། མཁན་ཆེན་གཞོན་སེང༌། རོང་པ་ཤེར་སེང༌། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། བསོད་རྒྱལ། མཁན་ཆེན་ཤེས་རྡོར། ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་སེང༌། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། ཆོས་རྗེ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཆེན་པོ་བློ་གྲོས་རྒྱལ་མཚན། མཁས་པའི་དབང་པོ་རིན་ཆེན་ཆོས་དབང༌། ཚུལ་ཁྲིམས་དབང་ཕྱུག །རྗེ་གཙུག་ལག་ཕྲེང་བ། རྒྱལ་བ་དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་དོན། བླ་མ་ཚོགས་གཉིས་དཔལ་གྲུབ། སྨན་ལུང་པ་བློ་གྲོས་མཆོག་གི་སྡེ། བསོད་ནམས་མཆོག་ལྡན། མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    འདིའི་རྗེས་སུ་གསེར་འོད་དམ་པ་བམ་པོ་ལྔ་ལེའུ་ཉེར་གཅིག་པ་འདུག་ཀྱང་ལུང་མ་ཐོབ། སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ་ཤཱི་ལེནྡྲ་བོདྷི་དང༌། ཛྙཱ་ན་སིངྡྷི་དང༌། ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ཤཱི་ལེནྡྲ་བོདྷི་དང༌། ཛྙཱ་ན་སིདྡྷི་དང༌། ཤཱཀྱ་པྲ་བྷ་དང༌། ཡེ་ཤེས་སྡེས་བསྒྱུར་ཅིང༌སྐད་གསར་བཅད་ཀྱིས་ཀྱང་བཅོས་པ། རྨ་བྱའི་ཡང་སྙིང་རིག་པ་དང་བཅས་པ། རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོ་འགྱུར་སྟོང་ཆེན་དང་འདྲ། བསིལ་བའི་ཚལ་ཆེན་མོའི་མདོ་རྨ་བྱ་ཆེན་མོ་འདྲ་བ། གསང་སྔགས་ཆེན་མོ་རྗེས་སུ་འཛིན་པའི་མདོ་འགྱུར་གོང་འདྲ། དེ་ལྔའི་བརྒྱུད་པ་ནི། པཎ་ཆེན་བྷཱུ་མི་ཀཱིརྟི་ཡན་སླར་འཚོལ། དེ་ནས་མར་དོ་ཆོས་དབང༌། གཟེ་བ་བློ་ལྡན། གཟེ་བ་ཇོ་བདེ། དོན་འགྲུབ་ཡེ་ཤེས། དེ་གཉིས་ཀ་ལ་ཁམས་པ་ཤཱཀ་རྡོར་བས་གསན། དེ་ནས་དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། སྒྲ་ཚད་པ་རིན་རྣམ། ཆོས་རྒྱལ་བ། གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ། རྗེ་ཆོས་དཔལ་ཤེས་རབ། མཁན་ཆེན་གྲགས་པ་རྡོ་རྗེ། ཚལ་གྲགས་དོན་པ། སེམས་དཔའ་ཆེན་པོ་ཤཱཀྱ་རྒྱལ་མཚན། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། མཁྱེན་པའི་རྩེ་མོ། དབང་ཕྱུག་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་པོ། སེམས་དཔའ་ཆེན་པོ་ངག་དབང་རྣམ་རྒྱལ། བསོད་ནམས་མཆོག་ལྡན། དེ་གཉིས་ཀ་ལ་མཁས་གྲུབ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

   ༼མ༽པར་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་བམ་པོ་བརྒྱད། ལེའུ་བཅུ་གསུམ་པ་པཎྜི་ཏ་ཤཱི་ལེཎྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། གཉན་སྟོན་གྲགས་པ་རྒྱལ་མཚན། གཉན་རིན་ཆེན་གྲགས། གནས་བརྟན་དཀོན་མཆོག་སེངྒེ་། དེའི་སྲས་རྔོག །དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། གློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བདེ་བ་ཅན་པ་སེངྒེ༌རྒྱལ་མཚན། གར་ཐིག་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་གསེར་འོད་དམ་པ་དང་འདྲའོ། །

    འཕགས་པ་འོད་ཟེར་ཅན་མ་ཞེས་བྱ་བའི་གཟུངས་པཎྜི་ཏ་ཨ་མོ་གྷ་དང༌། ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱིས་བསྒྱུར་བ། འདིའི་སྒོས་བརྒྱུད་ནི། གསང་བ་རིང་བསྲེལ་གྱི་སྒོས་བརྒྱུད་རྣམས་དང་གཅིག།།འདིའི་རྗེས་སུ་འོད་ཟེར་ཅན་མའི་རྒྱུད་དམ། སྒྱུ་མ་འོད་ཟེར་ཞེས་བྱ་བ་དང༌། འོད་ཟེར་ཅན་གྱི༷་དཀྱིལ་འཁོར་གྱི་རྒྱུན་མ་ཐོབ། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བྱ་བ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། བནྡྷེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ། འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས། འཕགས་པ་དབང་བསྐུར་བ་ཞེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ། །དཱ་ན་ཤཱི་ལ། ཡེ་ཤེས་སྡེ་གསུམ་གྱིས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ། འཕགས་པ་དབྱིག་ལྡན་མ་ཞེས་བྱ་བའི་གཟུངས་འགྱུར་གོང་འདྲ། འཕགས་པ་དུག་སེལ་བ་ཞེས་བྱ་བའི་རིག་སྔགས། བཀླགས་པས་འགྲུབ་པ་སོར་མོའི་ཕྲེང་བ་ཅན་གྱི་རིག་སྔགས། ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས། འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས། ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པའི་གཟུངས། ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གཟུངས། ཤེར་ཕྱིན་བརྒྱད་སྟོང་པའི་གཟུངས། ཕར་ཕྱིན་དྲུག་གི་སྙིང་པོའི་གཟུངས། ཕར་ཕྱིན་དྲུག་ཐོབ་པར་འགྱུར་བའི་གཟུངས། ཕར་ཕྱིན་བཅུ་ཐོབ་པར་འགྱུར་བའི་གཟུངས། ཚད་མེད་བཞི་ཐོབ་པར་འགྱུར་བའི་གཟུངས། ཕར་ཕྱིན་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བའི་གཟུངས། ཕལ་ཆེན་གཟུང་བར་འགྱུར་བའི་གཟུངས། འཕགས་པ་སྡོང་པོ་བཀོད་པ་གཟུང་བར་འགྱུར་བའི་གཟུངས། ཏིང་ངེ་འཛིན་གྱི་རྒྱལ་པོ་གཟུང་བར་འགྱུར་བའི་གཟུངས། རྨ་བྱ་ཆེན་མོ་གཟུང་བར་འགྱུར་བའི་གཟུངས། སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་བའི་གཟུངས། ལངྐར་གཤེགས་པའི་མདོ་གཟུང་བར་འགྱུར་བའི་གཟུངས། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རྟོག་པ་དང་བཅས་པ་ཆེ་བ། འདི་རྣམས་ཀྱི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །

    འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ། སུ་རེཎྡྲ་བོ་དྷི༌། ཡེ་ཤེས་སྡེ་གསུམ་གྱིས་བསྒྱུར་བ་འདིའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། གོང་མ་ལྔ། གློ་ཆེན། བག་སྟོན་གཞོན་ཚུལ། ཐོག་སྟོན་ཤེས་རབ་རྡོ་རྗེ། མཁན་རིན་ཆེན་འཕེལ། རྒྱ་མ་ཡོན་ཏན་འོད། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་ཝ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། འགོས་སྟོན་རྡོ་རྗེ་སེངྒེ་། བླ་ཆེན་ནམ་མཁའ་གཟི་བརྗིད། རྗེ་མཁྱེན་བརྩེའི་དབང་ཕྱུག །མཆོད་དཔོན་ཀུན་དགའ་ལེགས་པ། རྗེ་དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། རྗེ་བཙུན་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་པཎྜི་ཏ་ཆོས་ཀྱི་སྡེ་དང༌། བ་རི་ལོ་ཙཱ་བས་བསྒྱུར་བ། འདིའི་བརྒྱུད་པ་སླར་འཚོལ་རྒྱུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་རྟོག་པའི་རབ་བྱེད་དང་པོ་ཐར་ལོའི་འགྱུར། འདིའི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་གཅིག་གོ །ཡང་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་རྟོག་པ་དང་བཅས་པ་ཆུང་བ་འགྱུར་བྱང་མེད་པ། འདིའི་བརྒྱུད་པ་ནི། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་དང་འདྲ། འདིའི་རྗེས་སུ་གདུགས་དཀར་ཕྱིར་བཟློག་ཆེན་མོ་ཞེས་བྱ་བ་འདུག་ཀྱང་ལུང་མ་བྱུང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་པཎྜི་ཏ་པ་ར་ཧེ་ཧ་དང༌། ལོ་ཙཱ་བ་གཟུས་དགའ་བའི་རྡོ་རྗེས་བསྒྱུར་བ། བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། གོང་མ་ལྔ། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། བག་སྟོན་གཞོན་ཚུལ། ཐོག་སྟོན་ཤེས་རབ་རྡོ་རྗེ་མན་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་དང་འདྲ། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པའི་གཟུངས།

    དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ལྷ་ཡུལ་མ་ཆུང་བ་པཎྜི་ཏ་མ་ཧཱ་ཛ་ནའི་རང་འགྱུར། ཀུན་ནས་སྒོར་འཇུག་པ་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཡེ་ཤེས་སྡེའི་འགྱུར། འདི་ལ་འགྲེལ་བས་དཀྱིལ་འཁོར་བརྒྱད་གསུངས། ཤེས་པ་ཐམས་ཅད་མཐར་ཕྱིན་པ་སྒྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས། མཆོད་རྟེན་གཅིག་བཏབ་ན་བྱེ་བར་འགྱུར་བའི་གཟུངས་དང་ཆོ་ག །འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་པཎྜི་ཏ་བདྱི་ཀ་ར་སིདྷ་དང༌། ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་བ། སྙིང་རྗེ་མཆོག་ཅེས་བྱ་བའི་གཟུངས། ཁྲོ་བོ་རྣམ་པར་རྒྱལ་བ་ཤིན་ཏུ་གསང་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ་དང་བཅས་པ་ལེའུ་ཉེར་གཉིས་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། སྐྱོ་འོད་འབྱུང་གི་འགྱུར། འཕགས་པ་བེ་ཅོན་ཆེན་པོ་ཞེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཡེ་ཤེས་སྡེའི་འགྱུར། གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་གཟུངས་པཎྜི་ཏ་སུ་རེནྡྲ་བོ་དྷི་དང༌། ཡེ་ཤེས་སྡེའི་འགྱུར། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཡེ་ཤེས་སྡེ་གསུམ་གྱི་འགྱུར། འཕགས་པ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ་བསྒྱུར་བྱེད་ཀྱི་ལོ་པཎ་གོང་དང་འདྲ། འཕགས་པ་འགྲོ་ལྡིང་པའི་གཟུངས་འགྱུར་གོང་དང་འདྲ། ཚིགས་སུ་བཅད་པ་གཉིས་པའི་གཟུངས། འདི་རྣམས་ཀྱི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་ཀྱི་བརྒྱུད་པ་སོར་གནས་སོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུངས་འགྱུར་གོང་མཚུངས། བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རྡོ་རྗེ་གདན་པ་གསུམ། པུནྱ་ཤྲཱི། སྟེང་པ་ལོ་ཙཱ་བ། སོ་ཀུན་མཁྱེན། སོ་འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། ཀོ་ནག་པ། ཇོ་གདན་ཟས་གཙང༌། གྲགས་སེང༌། རིན་ཆེན་འབུམ། བདེ་བ་ཅན་པ། གར་ཐིག་པ། ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། གྲགས་རྡོར་བ། གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ། རྒྱལ་སྟོན་བྱང་དབང༌། མཁྱེན་པའི་རྩེ་མོ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། བསོད་ནམས་མཆོག་ལྡན། རྗེ་པད་དཀར་འཛིན་པ་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ལྷ་མོ་བསྐུལ་བྱེད་མའི་གཟུངས། འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། འཕགས་པ་བུ་མང་པོ་སྟོན་པ་ཞེས་བྱ་བའི་གཟུངས། རོ་ལངས་བདུན་ཞེ༷ས་བྱ་བའི་གཟུངས། མཚན་མོ་བཟང་པོ་ཞེས་བྱ་བའི་མདོ་འགྱུར་སྒོ་བཟང་པོ་དང་འདྲ། མདངས་ཕྱིར་འཕྲོག་པ་ཞེས་བྱ་བའི་གཟུངས། མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བ། གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ་པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། རིམས་ནད་ཞི་བར་བྱེད་པའི་གཟུངས། རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས། ཀྵ་ཡའི་ནད་སེལ་བའི་གཟུངས། འདིའི་རྗེས་སུ་འབྲུམ་ནད་སེལ་བའི་གཟུངས་འདུག་ཀྱང་ལུང་མ་བྱུང༌། འདིའི་རྗེས་སུ་བཀའ་འགྱུར་ལ་ལར་དུག་སེལ་བའི་གཟུངས་ཞེས་པ་འདུག་ཀྱང་བཀའ་འགྱུར་འདི་ལ་མེད་པས་མ་ཐོབ། མདངས་ཕྱིར་མི་འཕྲོག་པ་ཞེས་བྱ་བའི་གཟུངས།

   ༼ཙ༽པར་འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་མི་རྒོད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། བར་དུ་གཅོད་པ་ཐམས་ཅད་སེལ་བའི་གཟུངས། འདི་རྣམས་ཀྱི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །འཕགས་པ་མི་གཡོ་བའི་གཟུངས་ལེའུ་དགུ་པ་པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བ། འདིའི་བརྒྱུད་པ་ནི། སྤྱན་རས་གཟིགས། ཨ་ཝ་དྷུ་ཏི་པ། ཨ་དྷྭ་གུཔྟ། ཨ་ཤྭ་ཀ་ཤྲཱི། བྲམ་ཟེ་དྷརྨ་ཤྲཱི། འགར་ལོ་ཙཱ་བ། སྟོན་པ་ཤེས་རབ་རྒྱལ་མཚན། བྱང་སེམས་ཤེས་རབ་རྡོ་རྗེ། རྒྱ་ཡོན་ཏན་བཟང་པོ། ས་ཕུག་པ་ཤཱཀྱ་རྡོ་རྗེ། སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ། བག་སྟོན་པ། ཤེར་རྡོར་པ། ཆོས་སྒོ་པ། གྲགས་རྡོར་བ། ཚལ་གྲགས་དོན་པ། ཤཱཀྱ་རྒྱལ་མཚན། རིག་པའི་གློག་ཕྲེང༌། བསྟན་པ་རྒྱ་མཚོ། རྒྱ་ངག་དབང་ཆོས་རྒྱལ། ངག་དབང་གྲགས་རྒྱན། ངག་དབང་ནོར་བུ། ངག་དབང་བཟང་པོ། བླ་མ་ཀུན་བློ། ཁུ་སྟོན་ངག་དབང་རྣམ་རྒྱལ། བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་ཐུབ་པ། འཇམ་དཔལ། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། མཆིམས་དོན་ནེ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། དབུས་པ་སངས་རྒྱས་འབུམ་མན་བཤད་མ་ཐག་པ་དང་འདྲ། ཡང་ན་བཤད་མ་ཐག་པ་ལྟར་ལྷ་མོ་བརྒྱད་ཀྱི་གཟུངས་ཀྱི་བརྒྱུད་པ་སོར་གནས་སོ། །

    ཁྲོ་བོའི་རྒྱལ་པོ་རྟོག་པ་བསྡུས་པའི་རྒྱུད་ཅེས་བྱ་བ་ལེའུ་བཅུ་པ་འགྱུར་བྱང་མེད་པ། འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། སིདྷ་དེ་ཡཾ། ཌོམ་བྷི་པ། དྷརྨ་ཀཱིརྟི། ཇོ་བོ་རྗེ། འབྲོམ་སྟོན་པ། དགོན་པ་པ། སྣེའུ་ཟུར་པ། བྱ་ཡུལ་བ། བླ་མ་བསོད་ནམས་སེངྒེ་། མགོན་པོ་གྲགས། དབང་ཕྱུག་མགོན་པོ། དབུས་པ་སངས་རྒྱས་འབུམ་མན་གོང་དུ་བཤད་མ་ཐག་པའི་མི་གཡོ་བའི་གཟུངས་དང་འདྲ། ཡང་ན་མི་གཡོ་བའི་གཟུངས་ཀྱི་བརྒྱུད་པ་ཕྱི་མ་ཇི་ལྟ་བའོ། །རྣམ་པ་གཅིག་ཏུ་ན་གོང་གི་ལྷ་མོ་བརྒྱད་ཀྱི་གཟུངས་དང་ཡང་འདྲའོ། །འཕགས་པ་གསེར་ཅན་ཞེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤི་ལ། ཡེ་ཤེས་སྡེའི་འགྱུར། སྤྱན་རས་གཟིགས། བྱམས་པ། ནམ་མཁའི་སྙིང་པོ། ཀུན་ཏུ་བཟང་པོ། ལག་ན་རྡོ་རྗེ། འཇམ་དཔལ། སྒྲིབ་པ་རྣམ་སེལ། སའི་སྙིང་པོ་རྣམས་ཀྱི་མཚན་བརྒྱ་རྩ་བརྒྱད་གཟུངས་དང་བཅས་པ། འདི་རྣམས་ཀྱི་བརྒྱུད་པ་ནི་སྔར་གྱི་ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲ་ཞིང༌། ལག་ན་རྡོ་རྗེ་མཚན་བརྒྱ་རྩ་བརྒྱད་པའི་སྒོས་བརྒྱུད་ལུགས་གཅིག་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རྡོ་རྗེ་གདན་པ་གསུམ། པུཎྱེ་ཤྲཱི། སྟེང་ལོ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། ཀོ་ནག་པ། ཇོ་གདན་ཟས་གཙང༌། ཤངས་པ་གྲགས་སེང༌། རིན་ཆེན་འབུམ། བདེ་བ་ཅན་པ་སེང་རྒྱན། གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། གྲགས་པ་རྡོ་རྗེ། དབུས་གླིང་གྲགས་དོན། བཀའ་འགྱུར་བ། རྡོ་རྗེ་གདན་པ། རྔོག་ཤེས་རབ་གྲགས། ཁམས་པ་བྲག་པོ་ཆེ་བ། ཀུན་དགའ་རྒྱ་མཚོ། རྔོག་དཔལ་འབྱོར་དོན་འགྲུབ། རྔོག་འཇམ་དབྱངས་འོད་ཟེར། བསོད་ནམས་མཆོག་ལྡན། མཁས་གྲུབ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    བྱམས་པས་དམ་བཅས་པའི་གཟུངས། འདིའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། གོང་མ་ལྔ། རྒ་ལོ་ཡབ་སྲས། བག་སྟོན་པ། མགོན་པོ་འབུམ། སྤུ་སྟོན་པ། ཤེར་རྡོར་བ། ཆོས་སྒོ་བ། བསོད་ནམས་སེངྒེ་། ཚལ་གྲགས་དོན་པ་ནས། བསོད་ནམས་མཆོག་ལྡན་ཡན་འཕགས་པ་མི་གཡོ་བའི་གཟུངས་ལེའུ་དགུ་པའི་བརྒྱུད་པ་བཞིན་ལ། དེ་ནས་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་མདོ་པཎྜིཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ། ཡེ་ཤེས་སྡེའི་འགྱུར། འདིའི་བརྒྱུད་པ་ལུགས་གཅིག་ནི་ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲ་ཞིང༌། ལུགས་གཅིག་ལ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཇི་ལྟ་བའོ། །འདིའི་འོག་ཏུ་བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས་འདུག་ཀྱང་མ་ཐོབ། ཡི་དྭགས་ཁ་ནས་མེ་འབར་མ་ལ་སྐྱབས་མཛད་པའི་གཟུངས། འདིའི་རྗེས་སུ་འཇུར་བགེགས་སེལ་བའི་གཟུངས་འདུག་ཀྱང་མ་ཐོབ། ཡེ་ཤེས་སྐར་མདའི་སྙིང་པོ། ཤེས་རབ་བསྐྱེད་པའི་གཟུངས། ཐོས་པ་འཛིན་པའི་གཟུངས། འདིའི་བར་དུ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་འདུག་ཀྱང་དཔེ་མ་བྱུང་བས་ལུང་མ་ཐོབ། རྒྱལ་བ་བླ་མའི་གཟུངས། འདི་རྣམས་ཀྱི་བརྒྱུད་པ་ཡང་ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་ཛི་ན་མི་ཏྲ་དང༌། པྲཛྙཱ་ཝརྨ་དང༌། ཡེ་ཤེས་སྡེའི་འགྱུར། བརྒྱུད་པ་ནི་གསེར་འོད་དམ་པ་ལེའུ་ཉེར་དགུ་པའི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །འཕགས་པ་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་གཟུངས། བགེགས་སེལ་བའི་གཟུངས། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པ་ཞེས་བྱ་བའི་མདོ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སྤྲིན་ཆེན་མོ་རླུང་གི་དཀྱིལ་འཁོར་ལས་ཆར་དབབ་པའི་ལེའུ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ་པཎྜི་ཏ་ཛི་ན་མི་ཏྲ། སུ་རེཎྡྲ་བོ་དྷི། ཡེ་ཤེས་སྡེ་གསུམ་གྱིས་བསྒྱུར་ཅིང༌། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འགྱུར་གོང་འདྲ། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པའི་གཟུངས། འདི་རྣམས་ཀྱི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲ་ལ། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ་སྤྲིན་ཆེན་མོ་གཉིས་ཏེ། དེ་གསུམ་གྱི་སྒོས་བརྒྱུད་ལུགས་གཅིག་ནི། གསེར་འོད་དམ་པ་ལེའུ་ཉི་ཤུ་རྩ་དགུ་པ་དང་འདྲའོ། །གཟའ་ཡུམ་གྱི་གཟུངས། བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་བ། གོང་མ་ལྔ། རྒ་ལོ་ཡབ་སྲས། བག་སྟོན་པ། མགོན་པོ་འབུམ། བསོད་རྒྱལ་བ། ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། བསོད་ནམས་སེངྒེ་། ཚལ་གྲགས་དོན་པ། རིན་ཆེན་གྲགས་པ། ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་མན་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང་གཅིག།།

    ནོར་རྒྱུན་མའི་གཟུངས། ནོར་རྒྱུན་མའི་རྟོག་པ། འདིའི་འོག་ཏུ་ནོར་རྒྱུན་མའི་རྟོག་ཆུང་ཞིག་འདུག་པ་མ་ཐོབ། ཚོགས་བདག་གི་སྙིང་པོ། ཚོགས་བདག་གི་རྒྱུད་ལེའུ་བཅོ་ལྔ་པ་ཇོ་བོ་རྗེ་དང་འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་བསྒྱུར་བ། གོང་གསལ་བཞི་ཀའི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲ་ལ། ཕྱི་མ་གཉིས་ཀྱི་སྒོས་བརྒྱུད་ལུགས་གཅིག་ནི། རྒྱལ་པོ་ཨིནྡྲ་བྷཱུ་ཏི། རྒྱལ་པོ་གྲགས་པ། བོ་དྷི་ཨ་ཀ་ར། རིན་ཆེན་འོད་ཟེར། ཡང་དག་སྦྱིན། རིན་འབྱུང་ཞི་བ། དཔལ་མར་མེ་མཛད། རྒྱ་བརྩོན་སེང༌། གྲུབ་ཐོབ་ཤོལ་པོ་བ། སངས་རྒྱས་དབོན་སྟོན། སངས་རྒྱས་སྟོན་ཚུལ། ཁྱུང་ཚང་པ་ཚུལ་ཁྲིམས་རྒྱལ་མཚན། མཁན་ཆེན་ཉི་མ་རྒྱལ་མཚན། དབུ་མ་པ་གྲུབ་པ་བརྩོན་འགྲུས། དཀའ་བཅུ་པ་གཞོན་ནུ་སེངྒེ་། གུང་ཆེན་པ་བཀྲ་ཤིས་བཟང་པོ། ཚལ་མིན་བསོད་ནམས་བཟང་པོ། མཁན་ཆེན་སེངྒེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་པ་ཆོས་རྗེ། ཀུན་མཁྱེན་བརྩེ་བའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། མཁས་གྲུབ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་ཕུར་བུ་འོད་གྱིས་བསྒྱུར་བ་འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཤ་ཝ་རི། མཻ་ཏྲི་པ། ཁྱུང་པོ་ལོ་ཙཱ་བ། རྨོག་ཅོག་པ། སྐྱེར་སྒང་པ། གཉན་སྟོན་པ། སངས་རྒྱས་སྟོན་པ། ཤངས་སྟོན་ཆེན་པོ། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། གྲུབ་ཆེན་ངག་དབང་བློ་གྲོས། མར་སྟོན་སེམས་དཔའ་ཆེན་པོ། རྡོ་རྗེ་འཆང་དགེ་འདུན་བཀྲ་ཤིས། བླ་མ་རིན་ཆེན་བཟང་པོ། བླ་མ་སངས་རྒྱས་བསམ་འགྲུབ། ཆོས་རྗེ་དཔལ་འབྱོར་དར་རྒྱས། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་ཤངས་སྟོན་ནས། མུས་ཆེན་རྒྱལ་མཚན་དཔལ་བཟང༌། སྔགས་འཆང་རྡོ་རྗེ་གཞོན་ནུ། ནམ་མཁའི་རྣལ་འབྱོར་པ། མཁས་གྲུབ་ཐམས་ཅད་མཁྱེན་པ། གྲུབ་ཆེན་བཟང་པོ་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། རྗེ་ཐུབ་བསྟན་པ། རྗེ་ཕྱོགས་ལས་རྣམ་རྒྱལ། སྔགས་རམ་པ་དགེ་འདུན་བཀྲ་ཤིས་མན་འདྲ། ཡང་ན་མཁས་གྲུབ་རྗེ་ནས། བ་སོ་ཆོས་རྒྱན། ཀུན་མཁྱེན་ཤེས་རབ་སེངྒེ་། རྒྱུད་པ་སྦྱིན་པ་དཔལ་བ། སེ་ར་རྗེ་བཙུན་པ། བླ་མ་རིན་ཆེན་བཟང་པོ་མན་འདྲ། ཡང་ན་རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། ལ་ལཱི་ཏ། ནག་པོ་རོ་ཟན། གྱི་ལྗང་ལོ་ཙཱ་བ། གཤེན་རྡོ་རྗེ་སེངྒེ་། འབྲོམ་རྡོ་རྗེ་རྒྱལ་མཚན། སྒོམ་རིན་ཆེན་སེངྒེ་། སེངྒེ་དཔལ། ཆོས་ཀྱི་རིན་ཆེན། དམར་བསོད་ནམས་འཕེལ། དབུས་པ་སངས་རྒྱས་འབུམ། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། བག་སྟོན་གཞོན་ཚུལ། ཐོག་སྟོན་ཤེར་རྡོར། རིན་ཆེན་འཕེལ། རྒྱ་མ་ཡོན་ཏན་འོད། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་ཝ། རི་ཁྲོད་པ་བསོད་རྒྱམ། འཇམ་དབྱངས་ཤེར་རྒྱམ། རྗེ་དཔལ་ལྡན་རྡོ་རྗེ། བྱ་འགྱུར་པ་བསོད་ནམས་སེངྒེ་། འགོས་སྟོན་རྡོ་རྗེ་སེངྒེ་། རུ་ཐོག་པ་ནམ་མཁའ་གཟི་བརྗིད། འཇམ་དབྱངས་མཁྱེན་བརྩེ། དེ་ལ་རིན་པོ་ཆེ་བསོད་ནམས་ཆོས་འཕེལ་དང༌། མཆོད་དཔོན་ཀུན་དགའ་ལེགས་པ་གཉིས་ཀྱིས་གསན། གཉིས་ཀ་ལ་རྗེ་དབང་ཕྱུག་རབ་བརྟན། དེ་ནས་བསོད་ནམས་མཆོག་ལྡན། ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    དཔལ་ནག་པོ་ཆེན་པོ་ཞེས་བྱ་བའི་གཟུངས། འཕགས་པ་ནག་པོ་ཆེན་པོའི་གཟུངས། རིམས་ནད་ཐམས་ཅད་ལས་ཐར་པར་བྱེད་པ་ཡེ་ཤེས་སྡེའི་འགྱུར། ལྷ་མོ་ནག་མོའི་གཟུངས། དཔལ་ལྷ་མོ་ནག་མོའི་བསྟོད་པ་བརྒྱད་པའི་རྒྱུད། ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་མོ་ལ་བསྟོད་པ། འདི་རྣམས་ཀྱི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། མཁའ་འགྲོ་མ་རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲདྡྷ་ཀ་ར། ལོ་ཆེན་རིན་བཟང༌། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། རྒྭ་ཨཱ་ནནྡ་པ། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། རྗེ་བྲག་ཐོག་པ། མཐུ་ཆེན་རྡོ་རྗེ་གདན་པ། རིག་འཛིན་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེ། རིན་ཆེན་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན། གྱི་ལྗང་ལོ་ཙཱ་བ་བརྒྱུད་པར་བཞུགས་པ་ལྟར་གྱི་མགོན་པོའི་རྒྱུད་ལེའུ་བརྒྱད་པ་དང་འདྲའོ། །མགོན་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་པ་དང༌། དེ་ནས་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་བ། མཇུག་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་སྐྱེ་བར་འགྱུར་རོ་རྫོགས་སོ་ཞེས་མཐའ་ཅན་གྱི་གཟུངས་ཤིག་དང༌། ཆབ་ལ་བསྔགས་ནས་དབང་བསྐུར་ན་ཚེ་ནུར་བར་འགྱུར་བའི་གཟུངས་.....གཟུངས་གཉིས་པོ་འདི། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པའི་གཟུངས་དང༌། བདེ་ལྡན་གྱི་སྙིང་པོ་ཞེས་པ་འདུག་པ་དང༌། གཅིག་མི་གཅིག་བརྟག །མི་གཅིག་ཚེ་དེ་གཉིས་ཀྱི་ལུང་མ་བྱུང༌། གཉིས་འདུག་པའི་ལུང་བྱུང་ཡང་བརྒྱུད་པ་མ་རྙེད་པས་སླར་འཚོལ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཨོཾ་གསུམ་བྱས་པར་བར་ན་པུ་ནྱེ་ཡོད་པ་པཎྜི་ཏ་པུཎྱེ་སཾ་བྷ་ཝ་དང་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ་འདིའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། དོན་ཡོད་རྡོ་རྗེ་མཆེད། བ་རི་ལོ་ཙཱ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག རོང་པ་ཤེར་སེང༌། ངག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། ནམ་མཁའ་རྒྱལ་མཚན། ས་བཟང་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན། ཀུན་དགའ་དབང་ཕྱུག །དཀོན་མཆོག་འཕེལ། དཀོན་མཆོག་ལྷུན་འགྲུབ། ནམ་མཁའ་དཔལ་བཟང༌། དཔལ་ལྡན་དོན་འགྲུབ། བསོད་ནམས་མཆོག་ལྡན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། ཆོས་རྗེ་བྱམས་པ་རིན་ཆེན། སློབ་དཔོན་བློ་བཟང་འཕྲིན་ལས། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན། ཐུབ་པ། འཇམ་དཔལ། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། ཤཱཎྟི་པ། ཨ་བྷ་ཡ་ཀ་ར། དགེ་འབྱུང་སྦས་པ། རྡོ་རྗེ་གདན་པ་གསུམ། པུཎྱེཤྲཱི། སྟེང་པ་ལོ་ཙཱ་བ། ཆོས་ཀྱི་ཤེས་རབ། འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། ཀོ་ནག་པ། གྲགས་སེང༌། ཀུན་དགའ་འབུམ། ཕག་ཁུར་བ་ཀུན་ཡེ། དཀོན་མཆོག་བླ་མ། བག་སྟོན་པ་མན་འདྲ། ཡང་ན། བག་སྟོན་པ་ནས། ཐོག་སྟོན་པ། རིན་ཆེན་འཕེལ། ཆོས་རྗེ་རྒྱལ་བ། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཟླ་བའི་ལྷ། རི་ཁྲོད་པ་བསོད་རྒྱམ། འཇམ་དབྱངས་ཤེར་རྒྱམ། རྗེ་དཔལ་ལྡན་རྡོ་རྗེ། ངོར་ཆེན་དཀོན་མཆོག་འཕེལ། ལྷ་མཆོག་སེངྒེ་། དགེ་ལེགས་པ་བཤེས་གཉེན། ཤར་ཁང་པ། བྲང་ཏི་ནམ་མཁའ་དཔལ་བཟང་མན་གོང་ལྟར་རོ། །ཡང་ན་ནམ་མཁའ་དཔལ་བཟང་ནས། ནམ་མཁའ་སངས་རྒྱས་མན་གོང་ལྟར་རོ། །ཡང་ན་སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། གོང་མ་ལྔ། རྒྭ་ལོ་ཡབ་སྲས། བག་སྟོན་མན་འདྲ། ཡང་ན་མཁས་གྲུབ་དཔལ་ལྡན་རྡོ་རྗེ་ནས། བྱ་འགྱུར་བ་བསོད་ནམས་སེངྒེ་། འགོས་སྟོན་རྡོར་སེང༌། རུ་ཐོག་བླ་ཆེན། ཀུན་མཁྱེན་མཁྱེན་བརྩེ། རྗེ་དབང་རབ། བསོད་ནམས་མཆོག་ལྡན། རྒྱལ་དབང་མཆོག་མན་འདྲ། ཡང་ན། སྣང་བ་མཐའ་ཡས། ཛེ་ཏཱ་རི། བོ་དྷི་བྷ་ཏྲ། ས་མ་དྷི་བྷ་ཏྲ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། མཆིམས་ཐམས་ཅད་མཁྱེན་པ། བདེ་བའི་རྡོ་རྗེ། སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ། བག་སྟོན་མན་གོང་བཞིན་ནོ། །ཡང་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ཨོཾ་གཉིས་བྱས་པ། བར་ན་པུཎྱེ་མེད་པ། བརྒྱུད་པ་ནི་བསོད་ནམས་མཆོག་ལྡན་ཡན་ཚེ་མདོ་ཨོཾ་གསུམ་མའི་བརྒྱུད་པ་སྔ་མ་ལྟར་ལ། དེ་ནས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་སྙིང་པོ། འཆི་མེད་རྔ་སྒྲའི་གཟུངས་སྒྱུར་བྱེད་ཀྱི་ལོ་པཎ་ཨོཾ་གསུམ་མ་དང་འདྲ་བ། འདིའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་བ། གོང་མ་ལྔ། རྒ་ལོ་ཡབ་སྲས། བག་སྟོན། མགོན་པོ་འབུམ། བསོད་རྒྱལ་བ། ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། བསོད་ནམས་སེངྒེ་། ཚལ་གྲགས་དོན་པ། རིན་ཆེན་གྲགས་པ། ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ། རྒྱ་སྟོན་བྱང་དབང༌། མཁྱེན་པའི་རྩེ་མོ། ཀུན་བཟང་རྩེ་པ། ཉི་མ་གླིང་པ། བསོད་ནམས་མཆོག་ལྡན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    སྣང་བ་མཐའ་ཡས་ཀྱི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས། འདི་གཉིས་ཀྱི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཛེ་ཏཱ་རི། བྱང་ཆུབ་བཟང་པོ། ཏིང་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། མཆིམས་ཐམས་ཅད་མཁྱེན་པ། བདེ་བའི་རྡོ་རྗེ། དབུས་པ་བློ་གསལ། ལོ་མཆོག་པ། གློ་ཆེན་པ། བག་སྟོན་མན་མི་གཡོ་བའི་གཟུངས་ལེའུ་དགུ་པའི་བརྒྱུད་པ་ཇི་ལྟ་བ་ཡིན་ཅིང༌། ཡང་ན། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །

སྤྱན་རས་གཟིགས་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཅན་ཞེས་བྱ་བ་ལེའུ་བཅུ་གཉིས་པ་པཎྜི་ཏ་སོ་མ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཀྱུ་ར་ཚུལ་ཁྲིམས་འོད་ཟེར་གྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་ཉི་ཤུ་རྩ་བདུན་ཡོད། བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། དོན་འགྲུབ་རྒྱལ་བ། ཆོས་ཀྱི་སེངྒེ་། བློ་གྲོས་བརྟན་པ། སངས་རྒྱས་འབུམ། གློ་ཆེན་པ། གར་ཐིག་པ། མཁན་ཆེན་ཤེར་རྡོར། ཆོས་དཔལ་ཤེས་རབ། གྲགས་རྡོར་བ། གྲགས་དོན་པ། བཀའ་འགྱུར་བ། རྡོ་རྗེ་གདན་པ། རིག་པའི་གློག་ཕྲེང༌། བསྟན་རྒྱམ། ངག་དབང་ཆོས་རྒྱལ། རྒྱ་ངག་གི་དབང་ཕྱུག །རྗེ་ངག་དབང་ནོར་བུ། བླ་མ་ངག་དབང་བཟང་པོ། ཀུན་དགའ་བློ་གྲོས། ཁུ་ངག་དབང་རྣམ་རྒྱལ། བསོད་ནམས་མཆོག་ལྡན། ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན། སྤྱན་རས་གཟིགས། བྱམས་པ། གསེར་གླིང་པ། པཎ་ཆེན་དྷརྨ་ཤྲཱི་བྷ་དྲ། འགར་ལོ་ཆོས་བཟང༌། གླན་སྟོན་ཤེར་རྒྱམ། དབས་བྱང་སེམས། གར་དམར་བ། ཡོལ་དར་མ་ཡེ་ཤེས། ཡོལ་ཆོས་དབང༌། ལོ་མཆོག་པ་མན་གོང་དང་འདྲ། ཡང་ན། ཐུགས་རྗེ་ཆེན་པོ། ཤཱི་ལ་ཨཱ་ཀ་ར། བཻ་རོ་ཙཱ་ན། རྡོ་རྗེ་གདན་པ་ཆེ་ཆུང༌། བིཀྵ་ཏ་དེ་ཝ། ཁ་ཆེ་པཎ་ཆེན། སྤུག་དར་མ་བྱང་ཆུབ། ཞང་ཆོས་རྒྱལ། བྱ་རིན་ཆེན་འོད། གློ་ཆེན་མན་གོང་བཞིན་ནོ། །

    དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་པཎྜི་ཏ་ཨ་མོ་གྷ་བཛྲ་དང༌། ལོ་ཙཱ་བ་རིན་ཆེན་གྲགས་གྱིས་བསྒྱུར་བ། དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས། འདི་སྔར་གྱི་གཟུངས་ལས་སྙིང་པོ་ལོགས་སུ་བཀོལ་ནས་ཁྲུས་ཆོག་བྱེད་ཚུལ་དང་བཅས་ནས་བོད་ཀྱིས་ཕྱུང་བར་སྣང་ངོ༌། །འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས་ཆེན་པོ་པཎྜི་ཏ་མཉྫུཤྲཱི་ཝརྨ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ་སླད་ཀྱི་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ། འདི་གསུམ་གྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། ས་ཆེན། རྗེ་བཙུན་གྲགས་པ། ས་པཎ། རྒྱལ་ཚ་ཆོས་དབང༌། རོང་པ་ཤེར་སེང༌། ལོ་མཆོག་པ། གློ་ཆེན་པ། བག་སྟོན་གཞོན་ཚུལ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་མི་གཡོ་བའི་གཟུངས་ལེའུ་དགུ་པ་དང་གཅིག།།ཡང་ན། བ་རི་ལོ་ཙཱ་བ་ནས། སུམ་པ་ལོ་ཙཱ་བ། འབུམ་ལྔ་ལོ་ཙཱ་བ། སྤང་ཁང་གྲགས་རྒྱན། གྲགས་པ་སེངྒེ་། ཞལ་སྔ་བསོད་རིན། མཁན་པོ་གཞོན་ཡེ། རོང་པ་ཤེར་སེང་མན་བཤད་མ་ཐག་པ་བཞིན་ནོ། །

    འདི་འོག་ཏུ་ས་བཅུ་པའི་གཟུངས་ཕན་ཡོན་དང་བཅས་པ་དང༌། དོན་ཞགས་ཀྱི་རྟོག་པའི་རྒྱལ་པོའི་ཆོ་ག་གཉིས་འདུག་པའི་ལུང་མ་ཐོབ། གོང་གསལ་གསུམ་གྱི་བརྒྱུད་པ་ལུགས་གཅིག་ཡང་ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས། དེའི་བརྒྱུད་པ་ནི། སྤྱན་རས་གཟིགས། འཕགས་པ་ཀླུ་སྒྲུབ་ཡབ་སྲས། ཟླ་བ་གྲགས་པ། ལ་ལཱི་ཏ། ཙརྱ་བཛྲ། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། རྒྱ་ལྕགས་རི་བ། འལ་པ་ཙ་རི་གོང་པ། ཡོལ་ཆོས་དབང༌། གཉན་སྟོན་ཁུག་པ། གནས་བརྟན་གཞོན་སེང༌། ལ་སྟོད་དབང་རིན། ཤཱཀྱ་རྡོ་རྗེ། སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ། བག་སྟོན་གཞོན་ཚུལ་མན་མི་གཡོ་བའི་གཟུངས་ལེའུ་དགུ་པ་དང་གཅིག །ཡང་ན། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །

    འདིའི་འོག་ཏུ་བཅུ་གཅིག་ཞལ་གྱི་རིག་སྔགས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་འདུག་ཀྱང་ལུང་མ་བྱུང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང༌། མིག་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ་འདི་ལ་དཀྱིལ་འཁོར་གཅིག་ཡོད། འདིའི་བརྒྱུད་པ་ནི། དོན་ཞགས་ཀྱི་སྙིང་པོའི་མདོ་སོགས་ཀྱི་བརྒྱུད་པ་དང་འདྲ་ཞིང༌། ལྷ་མོ་བརྒྱད་ཀྱི་གཟུངས་དང་ཡང་འདྲའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་འགོས་ཆོས་གྲུབ་ཀྱིས་རྒྱ་དཔེ་ལས་བསྒྱུར་བ། འདི་དང་སྔ་མ་གཉིས་འདྲ་ལ་མི་འདྲ་ཞིག་སྣང་ངོ༌། །འདིའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། སུམ་པ་ལོ་ཙཱ་བ། རྒྱ་དྷརྨ། ཞང་གྲགས་སེང༌། རིན་ཆེན་འབུམ། ཕག་ཁུར་བ། དཀོན་མཆོག་བླ་མ། བག་སྟོན་པ་མན་མི་གཡོ་བའི་གཟུངས་ལེའུ་དགུ་པ་སོར་བཞག་ཡིན་ཅིང༌། ཡང་ན་ལྷ་མོ་བརྒྱད་ཀྱི་གཟུངས་དང་ཡང་འདྲའོ། །

   ༼ཚ༽པར་འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་འགྱུར་འཕྲོས་བམ་པོ་ཉི་ཤུ་རྩ་བཞི་པ། ཧོར་ཁོང་ཆད་པ་རྣམས་བསབས་ཤིང་འཕྲོས་རྣམས་བུ་སྟོན་རིན་པོ་ཆེས་བསྒྱུར་ཏེ་ཚང་བར་བཞུགས་པ། བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། སུམ་པ་ལོ་ཙཱ་བ། ཞང་གྲགས་སེང༌། རིན་ཆེན་འབུམ། དཀོན་ཡེ། དཀོན་བློ། བག་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་མི་གཡོ་བའི་གཟུངས་ལེའུ་དགུ་པའི་བརྒྱུད་པ་བཞིན་ནོ། །

   ༼ཛ༽པར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསང་བའི་མཛོད་ཐོགས་པ་མེད་པ་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ལེའུ་དྲུག་པ་འགོས་ཆོས་གྲུབ་གྱི་འགྱུར། འདིའི་བརྒྱུད་པ་ནི། སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས་ཀྱི་བརྒྱུད་པ་དང་འདྲ་ཞིང༌། ལྷ་མོ་བརྒྱད་ཀྱི་གཟུངས་དང་ཡང་འདྲའོ། །

འདིའི་འོག་ཏུ་སྤྱན་རས་གཟིགས་ཀྱི་གཟུངས་དང་སྙིང་པོ། པདྨ་ཅོད་པན་གྱི་རྒྱུད་རྣམས་འདུག་ཀྱང་ལུང་མ་བྱུང༌། འཇིག་རྟེན་དབང་ཕྱུག་གི་རྟོག་པ་བ་རིའི་འགྱུར། འདིའི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲ། ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས་ཡེ་ཤེས་སྡེའི་འགྱུར། འདིའི་འོག་ཏུ་ནཱ་ལ་ཀན་པ༷འི་གཟུངས་འདུག་པ་མ་ཐོབ། སྙིང་རྗེ་མི་བཤོལ་བ་ཞེས་བྱ་བའི་གཟུངས། འདི་གཉིས་ཀྱི་བརྒྱུད་པ་ལུགས་གཅིག་ལ་ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲ་ཞིང༌། ཡང་ན་དོན་ཞགས་ཀྱི་སྙིང་པོའི་མདོ་སོགས་ཀྱི་བརྒྱུད་པ་དང་གཅིག་གོ །སྤྱན་རས་གཟིགས་སེངྒེ་སྒྲའི་རྒྱུད་པཎྜི་ཏ་ཛྙཱ་ན་ཀ་ར་དང༌། ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བ། སྤྱན་རས་གཟིགས་དབང་ཕྱུག་སེངྒེ་སྒྲའི་གཟུངས་རྗེ་བཙུན་མ་རྡོ་རྗེ་སེམས་མ་དང༌། ལོ་ཙཱ་བ་འགར་ཤེས་རབ་འབྱུང་གནས་ཀྱིས་བསྒྱུར་བ། སེངྒེ་སྒྲས་དམ་བཅས་པའི་གཟུངས་པཎྜི་ཏ་ངག་གི་དབང་ཕྱུག་དང༌། ལོ་ཙཱ་བ་ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་བསྒྱུར་བ། འདི་གསུམ་གྱི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲ་ཞིང༌། ཕྱི་མའི་སྒོས་བརྒྱུད་ནི། སྤྱན་རས་གཟིགས། ཙནྡྲ་གོ་མི། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཨ་དྷཱུ་ལ་དྷ་ས་བཛྲ། མེཉྫ་གླིང་བ། མལ་ལོ་ཙཱ་བ། རྗེ་བཙུན་ཡབ་སྲས། རྗེ་ས་པཎ། རྒྱལ་ཚ་ཆོས་དབང༌། རོང་པ་ཤེར་སེང༌། བག་སྟོན་མན་མི་གཡོ་བའི་གཟུངས་ལེའུ་དགུ་པའི་བརྒྱུད་པ་དང་གཅིག་གོ །

    འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ། ཡང་འདི་དང་འགྱུར་ཁྱད་མི་གཅིག་ལ་ངོ་བོ་གཅིག་པ་མཚན་བརྒྱ་ཟ་མ་ཏོག་ཅེས་པ་འདུག་པ་མ་ཐོབ། འཕགས་པ་ལུས་ཀྱི་དབྱིབས་མཛེས་པ་ཞེས་བྱ་བའི་གཟུངས་པཎྜི་ཏ་པྲ་ཛྙཱ་ཝརྨ་དང་ཡེ་ཤེས་སྡེའི་འགྱུར། འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་གཟུངས་འགྱུར་གོང་འདྲ། སྟོང་འགྱུར་ཞེས་བྱ་པའི་གཟུངས། ཤོ་ལོ་ཀ་བརྒྱ་ལོབས་པའི་གཟུངས་གཉིས། སྟོང་ལོབས་པའི་གཟུགས་གཅིག །འདིའི་འོག་ཏུ་སུམ་སྟོང་ལོབས་པའི་གཟུངས་ཡོད་འདུག་ནའང་དཔེ་མ་བྱུང་བས་ལུང་མ་ཐོབ། མི་བརྗེད་པའི་གཟུངས། ཤེས་རབ་བསྐྱེད་པའི་གཟུངས་གཉིས། ཐོས་པ་འཛིན་པའི་གཟུངས། འདི་རྣམས་ཀྱི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཤིང་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་གཟུངས་ཀླུའི་རྒྱལ་མཚན་གྱི་འགྱུར། འདིའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཇམ་དབྱངས། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། རཏྣ་ཨཱ་ཀཱ་ར་ཤཱནྟི། སེའུ་རི་པ། ཨ་བྷ་ཡ་ཀཱ་ར། དགེ་བའི་འབྱུང་གནས་སྦས་པ། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། པཎ་ཆེན་པུཎྱེ་ཤྲཱི། སྟེང༌ལོ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོ་ནག་རལ་གྲི། ཤངས་པ་གྲགས་སེང༌། ཞང་ཀུན་དགའ་འབུམ། ཕག་ཁུར་ཀུན་ཡེ། བག་སྟོན་གཞོན་ཚུལ། བླ་མ་མགོན་འབུམ། སྤུག་སྟོན་བསོད་རྒྱལ། མཁན་ཆེན་ཤེར་རྡོར། ཆོས་དཔལ་ཤེས་རབ། བསོད་ནམས་སེངྒེ་། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས། བླ་མ་དམ་པ་ཤཱཀྱ་རྒྱལ་མཚན། མཐུ་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་གདན་པ་མན་གསེར་འོད་དམ་པ་ལེའུ་ཉེར་དགུ་པའི་བརྒྱུད་པ་སོར་བཞག་གོ །

    སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་རྟོག་པ་ལས་སྨོན་ལམ་འབྱུང་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་དང་བཅས་པ་ཞེས་བྱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་པ་ཞེས་བྱ་བའི་གཟུངས་རྒྱུད་ལེའུ་སུམ་ཅུ་སོ་ལྔ་པ་པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ཆོས་བཟང་གིས་བསྒྱུར་བ། སྤྱན་རས་གཟིགས་གྱིས་གསུངས་པའི་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། ཡང་རྗེ་བཙུན་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་སྒྲོལ་མ་མཆོག་ཅེས་བྱ་བ། འཕགས་མ་སྒྲོལ་མའི་གཟུངས། སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས། འཕགས་པ་གྲགས་ལྡན་མའི་གཟུངས། འདི་རྣམས་ཀྱི་བརྒྱུད་པ་ནི་ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲ་ལ། མཚན་བརྒྱ་རྩ་བརྒྱད་པ་གཉིས་ཀྱི་བར་དུ་ལྷ་མོ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞིག་འདུག་ཀྱང་ལུང་མ་ཐོབ། སྒྲོལ་མ་ལས་སྣ་ཚོགས་པའི་རྒྱུད་ལེའུ་སོ་ལྔ་པའི་སྒོས་བརྒྱུད་ནི། སངས་རྒྱས། སྒྲོལ་མ། ཀུན་དགའ་བོ། ཉི་མ་གུང་པ། ཤ་ནའི་གོས་ཅན། ཀྲྀཥྞའི་གོས་ཅན། ཉི་མ་སྦས་པ། སྒྲ་གཅན་དཔལ། བོ་དྷི་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ། རིན་ཆེན་འབུམ། དབུས་པ་སངས་རྒྱས་འབུམ། མཆོག་ལྡན་པ། གློ་ཆེན་པ། རྒྱལ་བཟང་དཔལ། སྤང་ཁང་པ། མ་ཏི་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་དང་གཅིག །ཡང་ན། སྤྱན་རས་གཟིགས། ཨ་ཝ་དྷུ་ཏི་པ། གཉིས་མེད་སྦས་པ། རྡོ་རྗེ་གདན་པ་ཨ་ཤྭ་ཀ །འཆི་མེད་དྷརྨ་ཤྲཱི། འགར་ལོ་ཆོས་བཟང༌། གླན་ཤེས་རབ་རྒྱལ་མཚན། དབས་ཤེས་རབ་རྡོ་རྗེ། རྒྱ་རྣལ་འབྱོར་པ་ཡོན་ཏན་བཟང་པོ། ས་ཕུག་པ་ཤཱཀ་རྡོར། དབུས་པ་སངས་རྒྱས་འབུམ་མན་གོང་ལྟར་རོ། །ཡང་ན། སྒྲོལ་མ། ཌཱ་ཀི་སོ་མ་པྲ་བྷ། ཤྲཱི་ཨ་ཝརྟ། བྲམ་ཟེ་དྷརྨ་ཤྲཱི། འགར་ལོ་ཆོས་བཟང་མན་འདྲ། ཡང་ན། འགར་ལོ་ནས། གཤེན་རིན་ཆེན་དངོས་གྲུབ། དམར་ཆོས་ཀྱི་རྒྱལ་མཚན། སྒང་སྟོན་ཡབ་སྲས། ཁུ་སྟོན་ཤེར་འབུམ། གྲུ་རྡོར་སེང༌། རོང་པ་ཆོས་མགོན། ལོ་མཆོག་པ་མན་འདྲ། མཚན་བརྒྱ་རྩ་བརྒྱད་པ་ཕྱི་མའི་སྒོས་བརྒྱུད་ལུགས་གཅིག་ནི། སྤྱན་རས་གཟིགས། ཨ་ཝ་དྷཱུཏི་པ། ཨདྷྭ་གུཔྟ། ཨ་ཤྭ་ཀ་ཤྲཱི། དྷརྨ་ཤྲཱི། འགར་ཆོས་བཟང༌། གླན་ཤེས་རབ་རྒྱལ་མཚན། དབས་ཤེས་རབ་རྡོ་རྗེ། རྒྱ་ཡོན་ཏན་བཟང་པོ། ཤཱཀྱ་རྡོ་རྗེ། སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ། བག་སྟོན་པ། ཤེར་རྡོར་བ་ནས། ཆོས་རྗེ་རིན་ཆེན་རྒྱ་མཚོ་ཡན་མི་གཡོ་བའི་གཟུངས་ལེའུ་དགུ་པའི་བརྒྱུད་པ་ལྟར་ལ། དེ་ནས། ཁྲ་ཚང་པ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། འདི་འོག་ཏུ་རལ་བ་གྱེན་རྫེས་ཀྱི་རྟོག་པ་བུ་སྟོན་ཐམས་ཅད་མཁྱེན་པའི་འགྱུར་ཞིག་འདུག་པ་མ་ཐོབ

   ༼ཝ༽པར་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ། མདོ་མང་སྐབས་སོང་བས་བརྒྱུད་པ་ཡང་དེར་ཡོད་ཅིང༌།.....སྤྱན་རས་གཟིགས་དབང་ཕྱུག་ཧ་ཡ་གྲཱི་བའི་གཟུངས། ཕྱིར་བཟློག་རྣམ་རྒྱལ་པརྞ་ཤ་ཝ་རིའི་མདོ། འཕགས་མ་རི་ཁྲོད་མ་ལོ་གྱོན་མ་ཞེས་བྱ་བའི་གཟུངས་སྠ་བཾ་ར་དང༌། བ་རིའི་འགྱུར། འཕགས་པ་ཕྱིར་བཟློག་པ་སྟོབས་ཆེན་ཞེས་བྱ་བའི་གཟུངས། ལྷ་མོ་སྒྲ་དབྱངས་མ་ལ་བསྟོད་པ། ལྷ་མོ་དཔལ་ལུང་བསྟན་པའི་མདོ། འཕགས་པ་དཔལ་ཆེན་མོའི་མདོ། དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། བནྡེ་ཡེ་ཤེས་སྡེའི་འགྱུར། མཆོག་ཐོབ་པའི་རིག་སྔགས་ཞེས་བྱ་བ། ལྷ་མོ་དུང་ཅན་མའི་སྙིང་པོ། འདི་རྣམས་ཀྱི་བརྒྱུད་པ་ནི། ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲ་ཞིང༌། ཧ་ཡ་གྲཱི་ཝའི་གཟུངས་ཀྱི་སྒོས་བརྒྱུད་ལུགས་གཅིག་ནི་དོན་ཡོད་ཞགས་པའི་སྙིང་པོའི་མདོ་དང་གཅིག །ལོ་མ་གྱོན་མའི་སྒོས་བརྒྱུད་ལུགས་གཅིག་ནི། རིག་པའི་ལྷ་མོ། དེས་བྱིན་གྱིས་རླབས་པའི་པཎ་ཆེན་རཏྞ་ཀ་ར་གུཔྷ། མཉྫུ་ཀཱིརྟི། ས་མཱནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེངྒེ༌། རྭ་འབུམ་སེང༌། རྒ་ལོ་ཡབ་སྲས། བག་སྟོན། ཤེར་རྡོར། ཆོས་སྒོ་བ། བསོད་ནམས་སེངྒེ་། ཚལ་གྲགས་དོན་པ་མན་མི་གཡོ་བའི་གཟུངས་ལེའུ་དགུ་པ་དང་གཅིག་གོ །ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བ་ཞེས་བྱ་བ་མི་འཁྲུགས་པའི་གཟུངས། འདིའི་བརྒྱུད་པ་ནི། སངས་རྒྱས། ཀུན་དགའ་བོ། དགྲ་བཅོམ་པ་རཀྵི་ཏ། ཀྲྀཥྞ་བཱ་ས། ཤཱ་ན་བཱ་ས། སུརྱ་དྷ་བ། སརྦ་ཛྙཱ་མི་ཏྲ། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། ཨ་ཝ་དྷཱུ་ཏི་པ། གསེར་གླིང་པ། ཇོ་བོ་ཨ་ཏི་ཤ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། རྒྱ་ཡེ་སྒོམ། གྲུབ་ཐོབ་ཧཱུཾ་འབར། ཞང་དགེ་སློང་དཀོན་མཆོག་ཡེ་ཤེས། མཁན་ཆེན་འབྲོམ། རིན་ཆེན་བླ་མ། བག་སྟོན་པ་ནས། ཁུ་སྟོན་ངག་དབང་རྣམ་རྒྱལ་གྱི་བར་འཕགས་པ་མི་གཡོ་བའི་གཟུངས་ལེའུ་དགུ་པའི་བརྒྱུད་ཚུལ་ལྟར་ལ། དེ་ནས་བསོད་ནམས་མཆོག་ལྡན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་ལེའུ་མེད་པ་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང༌། དཔལ་བརྩེགས་ཀྱི་འགྱུར། འདི་ཅུང་མ་རྫོགས་པ་འདྲའོ། །བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་རྗེ། ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། གོང་མ་གསུམ། ཆོས་རྗེ་ས་པཎ། སློབ་དཔོན་པདྨ་མགོན་པོ། སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ། བག་སྟོན་པ། མགོན་པོ་འབུམ། བྲམ་ནམ་མཁའ་རྒྱལ་མཚན། མ་ཏི་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་སོར་བཞག་གོ །ཡང་ན། སངས་རྒྱས། ཕྱག་རྡོ་བ། རབ་གསལ་ཟླ་བ། ཛྙཱ་ན་བཛྲ། ཨ་ནནྡ་གརྦྷ། བྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། ཤྲདྡྷ་ཀ་ར། ལོ་ཆེན་རིན་བཟང༌། ལོ་ཆུང་ལེགས་ཤེ །སུམ་སྟོན་ཡེ་འབར། འོར་སྟོན་ལྷ་དབང༌། འོར་སངས་རྒྱས་འབར། ལྷོ་པ་ཏིང་འཛིན་དཔལ་བཟང༌། ཀིག་ཆོས་སེང༌། ཀིག་ཆོས་མགོན། སངས་རྒྱས་འབུམ་མན་གོང་དང་འདྲ། ཡང་ན། མི་གཡོ་བའི་སྟོབས་དཔག་ཏུ་མེད་པ་བརྟུལ་ཕོད་པ་འདུལ་བར་གསུངས་པའི་རྒྱུད་དང་འདྲའོ། །

   ཞ༽པ་ལ་རྡོ་རྗེ་ས་འོག་གི་རྒྱུད་ལེའུ་ཉེར་ལྔ་པ་པཎྜི་ཏ་དེ་བཞིན་གཤེགས་པའི་དཔལ་དང༌། ཆོས་རྗེ་ས་སྐྱ་བའི་འགྱུར། འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ་ཡབ་སྲས། མ་ཏཾ་གི་བ། བི་ཁྱཱ་ཏ་དེ་ཝ། ཁ་ཆེ་པཎ་ཆེན། སུ་ག་ཏ་ཤྲཱི། ས་སྐྱ་པཎ་ཆེན། སྐྱོབ་པ་དཔལ། རྒྱལ་ཚ་ལུང་མང་པོ། ལོ་མཆོག་པ། གློ་ཆེན་པ། རྒྱལ་བཟང་དཔལ། སྤང་ཁང་བ། ས་བཟང་མ་ཏི་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་སོར་བཞག་གོ །ཡང་ན། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་རྗེ། ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། གོང་མ་གསུམ། ཆོས་རྗེ་ས་པཎ་མན་གོང་དང་འདྲ། ཡང་ན། བ་རི་ལོ་ཙཱ་བ་ནས། མཆིམས་བརྩོན་སེང༌། མཆིམས་དོན་ནེ། མཆིམས་ཆོས་སེང༌། བློ་གྲོས་བརྟན་པ། དབུས་པ་སངས་རྒྱས་འབུམ། ལོ་མཆོག་པ་མན་གོང་བཞིན། ཡང་ན། ཕུར་བ་རྩ་དུམ་དང་མཐུན་ཞིང༌། ལྷ་མོ་བརྒྱད་ཀྱི་གཟུངས་དང་ཡང་འདྲའོ། །ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་ཇི་སྙེད་པ་རིག་པར་ཕྱེ་བ་གཉིས་པ་པཎྜི་ཏ་བུདྡྷ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འདིའི་བརྒྱུད་པ་ནི་ལག་ན་རྡོ་རྗེ་བེ་ཅོན་ཅན་དང་འདྲའོ། །ལག་ན་རྡོ་རྗེ་གོས་སྔོན་ཅན་ཀྱི་ཆོ་ག་དང་བཅས་པའི་གཟུངས་པཎྜི་ཏ་ཛྙཱན་གརྦྷ་དང༌། ལོ་ཙཱ་བ་ཀླུའི་དབང་པོས་བསྒྱུར་བ། འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ལག་ན་རྡོ་རྗེ། ཇོ་བོ་རྗེ། རྒྱ་བརྩོན་སེང༌། རོང་པ་འགར་དགེ །འཛང་ཉང་ཕུ་བ། མལ་ལོ་ཙཱ་བ། རྗེ་བཙུན་ཡབ་སྲས། ཆོས་རྗེ་ཁུ་དཔོན། རྒྱལ་ཚ་ཆོས་དབང༌། རོང་པ་ཤེར་སེང༌། བག་སྟོན་མན་མི་གཡོ་བའི་གཟུགས་ལེའུ་དགུ་པའི་བརྒྱུད་པ་དང་གཅིག །ཡང་ན་ལྷ་མོ་བརྒྱད་ཀྱི་གཟུགས་དང་འདྲའོ། འདིའི་འོག་ཏུ་རྨི་ལམ་མཐོང་བའི་གཟུངས་འདུག་ཀྱང་ལུང་མ་ཐོབ། ལག་ན་རྡོ་རྗེའི་མཚན་བརྒྱད་གསང་སྔགས་དང་བཅས་པའི་བརྒྱུད་པ་ནི་ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །ལག་ན་རྡོ་རྗེའི་སྙིང་པོ་བརྒྱད་ཀྱི་ཡ་གྱལ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ་པ། འདིའི་བརྒྱུད་པ་ནི། ཐུབ་པ། འཇམ་དཔལ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། ས་ཆེན། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ཁུ་དཔོན། འུ་ཡུག་པ་བསོད་ནམས་སེངྒེ་། རི་ཕུག་བ་ཤཱཀྱ་སེངྒེ་། ལྷ་སྡིངས་པ་དབང་ཕྱུག་རྒྱལ་མཚན། ས་བཟང་མ་ཏི། ས་བཟང་འཕགས་པ། འཇམ་དཔལ་གྲགས་པ། རི་ཁྲོད་པ་བསོད་རྒྱམ། འཇམ་དབྱངས་ཤེར་རྒྱམ། དཔལ་ལྡན་རྡོ་རྗེ། བྱ་འགྱུར་བ་བསོད་ནམས་སེངྒེ་། རུ་ཐོག་པ་ནམ་མཁའ་གཟི་བརྗིད། རྗེ་མཁྱེན་བརྩེའི་ཞབས། རྗེ་དབང་རབ། བསོད་ནམས་མཆོག་ལྡན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་བའི་རྡོ་རྗེ་ལའོ། །ཡང་ན་དཔལ་ལྡན་རྡོ་རྗེ་ནས། ངོར་པ་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེངྒེ་། དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་བ་ཁུ་དབོན་གཉིས། བསོད་ནམས་མཆོག་ལྡན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མན་འདྲ། ཡང་ན་བསོད་ནམས་མཆོག་ལྡན་ནས། ཟུར་ཆོས་དབྱིངས་རང་གྲོལ་དང༌། ཞ་ལུ་པ་གཉིས་ཀས་གསན། དེ་གཉིས་ལས་རྒྱལ་དབང་མཆོག་མན་འདྲའོ། །

    དེའི་བཤད་རྒྱུད་རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོ་ཁང་པ་བརྩེགས་པའི་གཟུངས་པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང༌། ཛྙཱ་ན་སིདྡྷི། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། བརྒྱུད་པ། སངས་རྒྱས། འཇམ་དཔལ། འཕགས་པ་ཀླུ་སྒྲུབ། འཕགས་པ་ལྷ། འཇམ་དཔལ་གྲགས་པ། ཤཱནྟི་པ། སཽ་རི་བ། ཨ་བྷ་ཡཱ་ཀ་ར། དགེ་བའི་འབྱུང་གནས། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། ས་སྐྱ་པ་གོང་མ་ལྔ། རྒྭ་ལོ་ཡབ་སྲས། བག་སྟོན་པ། ཐོག་སྟོན། མཁན་རིན་པ། ཆོས་རྗེ་རྒྱ་མ་བ། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་ཝ། རི་ཁྲོད་པ་བསོད་རྒྱམ། ཆོས་རྗེ་དཔལ་ལྡན་རྡོ་རྗེ། ཆོས་རྗེ་དཀོན་མཆོག་འཕེལ། ལྷ་མཆོག་སེངྒེ་། དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང༌། ནམ་མཁའ་སངས་རྒྱས། བསོད་ནམས་མཆོག་ལྡན། ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ་མན་གོང་བཞིན། ཡང་ན་ལྷ་མོ་བརྒྱད་ཀྱི་གཟུངས་དང་ཡང་འདྲའོ། །

    རྡོ་རྗེ་མི་ཕམ་པ་མེ་ལྟར་འབར་བ་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། བནྡེ་ཡེ་ཤེས་སྡེའི་འགྱུར། བརྒྱུད་པ་ནི། བག་སྟོན་ཡན་རྣམ་འཇོམས་ཀྱི་བཤད་རྒྱུད་ཀྱི་བརྒྱུད་པ་ཕྱི་མ་ལྟར་ལ། དེ་ནས་ཤེར་རྡོར་བ། ཆོས་སྒོ་བ། གྲགས་རྡོར་བ། ཚལ་གྲགས་དོན་པ་མན་མི་གཡོ་བའི་གཟུངས་ལེའུ་དགུ་པའི་བརྒྱུད་པ་དང་གཅིག །ཡང་ན་ལྷ་མོ་བརྒྱད་ཀྱི་གཟུངས་ཀྱི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །འདིའི་རྗེས་སུ་རྡོ་རྗེ་ཕྲ་མོ་ཐོགས་མེད་ཀྱི་གཟུངས་འདུག་ཀྱང་མ་ཐོབ། ལག་ན་རྡོ་རྗེ་བཅུའི་སྙིང་པོ་ཡེ་ཤེས་སྡེའི་འགྱུར། བདུད་རྩི་ཐབས་སྦྱོར་གྱི་སྙིང་པོ་བཞི་པ་ཞེས་བྱ་བའི་གཟུངས། འདི་གཉིས་ཀྱི་བརྒྱུད་པ་ནི་ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །འདིའི་འོག་ཏུ་ཁྲོ་བོ་སྨེ་བརྩེགས་ལ་བསྟོད་པའི་གཟུངས་སྔགས་འདུག་པ་མ་ཐོབ།

    འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བའི་མདོ། འདིའི་བརྒྱུད་པ་ནི། ཚལ་གྲགས་དོན་པ་ཡན་གཟའ་ཡུམ་ལྟར་ལ། དེ་ནས་རྔོག་བྱང་ཆུབ་དཔལ། ཀུན་དགའ་རྒྱལ་མཚན། ནམ་མཁའ་དབང་ཕྱུག །འབུམ་རམ་པ་ཚུལ་ཁྲིམས་དབང་ཕྱུག །དཔའ་བོ་ཆོས་རྒྱལ་དོན་འགྲུབ། རྗེ་དཀོན་མཆོག་ཡན་ལག །དྲུང་པ་གྲགས་པ་དོན་འགྲུབ། ཚོགས་གཉིས་དཔལ་གྲུབ། གྲུབ་པའི་རྡོ་རྗེ། ཁྲ་ཚང་པ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལེའུ་བཞི་པ། མར་པ་ཆོས་དབང་གིས་བསྒྱུར་བ། བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། སྦྱོང་མཛད་ཆོས་ཀྱི་རྡོ་རྗེ། འགྲོ་བཟང་སྙིང་པོ། མ་ཎི་བཛྲ། ཁ་ཆེ་ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ་བ། གཉན་ཚུལ་འབར། འགོས་བཟང་འབར། རི་ནང་བ་གཞོན་ནུ་སེངྒེ་། ལ་སྟོད་དབང་རིན། དབུས་པ་སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ། བག་སྟོན་པ། ཤེར་རྡོར་བ་མན་མི་གཡོ་བའི་གཟུངས་ལེའུ་དགུ་པའི་བརྒྱུད་པ་དང་འདྲ་ལ། ཡང་ན་ལྷ་མོ་བརྒྱད་ཀྱི་གཟུངས་ཀྱི་བརྒྱུད་པ་བཞིན་ནོ། །

    རྡོ་རྗེ་མཆུ་ཞེས་བྱ་བ་ཀླུའི་དམ་ཚིག་གི །གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས། འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས། འཕགས་པ་ལྕགས་ཀྱི་མཆུའི་གཟུངས། འཕགས་པ་ལྕགས་མཆུ་ནག་པོ་ཞེས་བྱ་པའི་གཟུངས། འདི་རྣམས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ། གོང་མ་ལྔ། རྒ་ལོ་ཡབ་སྲས་གཉིས། བག་སྟོན། ཤེར་རྡོར་བ་མན་མི་གཡོ་པའི་ལེའུ་དགུ་པའི་བརྒྱུད་པ་དང་གཅིག །ཡང་ན་ལྷ་མོ་བརྒྱད་ཀྱི་གཟུངས་དང་ཡང་འདྲའོ། །

    ནོར་བུ་བཟང་པོའི་གཟུངས་ཤོ་ལོ་ཀ་བཅོ་ལྔ་པ་པཎྜི་ཏ་བིདྱ་ཀ་ར་སིདྷ་དང༌། ལོ་ཙཱ་བ་བནྡེ་ཀླུའི་དབང་པོའི་འགྱུར། འདིའི་བརྒྱུད་པ་ནི་གོང་དུ་བཤད་པའི་ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲ་ཞིང༌། སྒོས་བརྒྱུད་ལ། རྨུགས་འཛིན། ཛ་མ་རི་བ། ན་རི་པ། ཨ་དྷུ་ལ་དྷ་ས་བཛྲ། བལ་པོ་ཐུགས་རྗེ་ཆེན་པོ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ། རྭ་ཆོས་རབ། རྭ་དྷརྨ་སེངྒེ་། རྭ་དཀོན་མཆོག་སེངྒེ་། རྭ་ཤེས་རབ་རྒྱལ་མཚན། གློ་ཆེན་པ། བག་སྟོན། ཤེར་རྡོར་བ་མན་མི་གཡོ་བའི་གཟུངས་ལེའུ་དགུ་པ་དང་གཅིག་གོ །ནོར་བུ་བཟང་པོའི་རྟོག་པ་པཎྜི་ཏ་མཉྫུ་ཤྲཱི་དང༌། བ་རིའི་འགྱུར། གནོད་སྦྱིན་གྱི་སྡེ་དཔོན་གར་མཁན་མཆོག་གི་བརྟག་པ་སྔ་ཕྱི་གཉིས་ལ་ལེའུ་བཅུ་དྲུག་པ་པཎྜི་ཏ་དྷ་ན་གུཔྟ་དང༌། རབ་ཞི་ལོ་ཙཱ་བའི་འགྱུར། གནོད་སྦྱིན་དཔལ་ཞེས་བྱ་བའི་གཟུངས། འདིའི་སྒོས་བརྒྱུད་ནི་ནོར་བུ་བཟང་པོའི་གཟུངས་ཀྱི་སྒོས་བརྒྱུད་བཞིན་ནོ། །གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུུངས། འདིའི་སྒོས་བརྒྱུད་ཀྱང་ནོར་བུ་བཟང་པོའི་གཟུངས་དང་འདྲ། འཕགས་པ་གནོད་གནས་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ་ཞེས་བྱ་བ་པཎྜི་ཏ་སྒེག་པའི་རྡོ་རྗེ་དང༌། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་འདིའི་སྒོས་བརྒྱུད་ནི་ནོར་བུ་བཟང་པོའི་གཟུངས་ཀྱི་སྒོས་བརྒྱུད་སོར་བཞག་གོ །འདིའི་རྗེས་སུ་འཕགས་པ་མེ་ཁ་ལ་ཞེས་བྱ་བའི་གཟུངས་འདུག་པ་མ་ཐོབ། རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་པོ་ཞེས་བྱ་བ་པཎྜི་ཏ་པྲཛྙཱ་ཝརྨ་དང༌། བནྡེ་ཡེ་ཤེས་སྡེའི་འགྱུར། རིན་པོ་ཆེ་བརྡར་པའི་གཟུངས། སྟོང་ཆེན་མོ་ལས་བྱུང་བའི་སྨན་ལ་སྔགས་ཀྱིས་གདབ་པ་ཞེས་བྱ་བའི་དཔེ་མ་བྱུང་བས་ལུང་མ་ཐོབ། སྨན་གཏོང་བའི་གཟུངས། བསྐོར་བ་བྱ་བའི་གཟུངས། མཆོད་རྟེན་བསྐོར་བའི་གཟུངས། ཡོན་སྦྱོང་བའི་གཟུངས། ཡོན་ཡོངས་སུ་སྦྱོང་བའི་གཟུངས། ཕྱག་བྱ་བའི་གཟུངས། གོས་བརྒྱ་ཐོབ་པའི་གཟུངས། འདིའི་འོག་ཏུ་མི་དགའ་བར་བྱེད་པའི་གཟུངས། སྤྱན་རྣམ་པར་དག་པ་ཞེས་བྱ་བའི་གཟུངས། ངན་སོང་སྦྱོང་བ་ཞེས་བྱ་བའི་གཟུངས་གསུམ་གྱི་དཔེ་མ་བྱུང་བས་ལུང་མ་ཐོབ། སྐྲན་ཞི་བའི་གཟུངས། མ་ཞུ་བའི་ནད་ཞི་བའི་གཟུངས། སྣང་བ་རབ་ཏུ་ཞི་བར་བྱེད་པའི་གཟུངས། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། ཁྲོས་པ་ཞི་བའི་གཟུངས། ཁྲོས་པ་ཞི་བར་བྱེད་པའི་གཟུངས། ཚིག་བཙན་པའི་གཟུངས། བདག་བསྲུང་བའི་གཟུངས། ཡིད་དུ་འོང་བའི་གཟུངས། མགྲིན་པ་སྙན་པའི་གཟུངས། དོན་ཐམས་ཅད་འགྲུབ་པའི་གཟུངས། ལས་འགྲུབ་པའི་གཟུངས། དུག་ཐམས་ཅད་ཞི་བར་བྱེད་པའི་གཟུངས། བཅིངས་པ་ལས་གྲོལ་བའི་གཟུངས། བདུད་སྐྲག་པར་བྱེད་པའི་གཟུངས། རྨ་འབྱོར་བར་བྱེད་པའི་གཟུངས། མེའི་ཟུག་རྔུ་ཞི་བར་བྱེད་པའི་གཟུངས། མཁྲིས་པའི་ནད་སེལ་བའི་གཟུངས། བད་ཀན་གྱི་ནད་སེལ་བའི་གཟུངས། ཀྵ་ཡའི་ནད་སེལ་བའི་གཟུངས། རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པའི་གཟུངས། འདི་རྣམས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྡོ་རྗེ་གདན་པ་ཆེ་ཆུང་གསུམ། པུཎྱེ་ཤྲཱི། སྟེང་པ་ལོ་ཙཱ་བ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོ་ནག་རལ་གྲི། རལ་ནག་རལ་གྲི། ཇོ་གདན་ཟས་གཙང༌། མཁན་པོ་གྲགས་སེང༌། རིན་ཆེན་འབུམ། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། མཁན་ཆེན་གྲགས་རྡོར་བ། ཆོས་རྗེ་གྲགས་དོན་པ། རྔོག་བྱང་ཆུབ་དཔལ། མཁན་ཆེན་ཀུན་དགའ་རྒྱལ་མཚན། སྨན་རྒྱལ་ཆོས་རྗེ་ནམ་མཁའ་དབང་ཕྱུག །འབུམ་རམ་པ་རིན་ཆེན་ཆོས་དབང༌། བླ་མ་བསྟན་པ་རྒྱ་མཚོ། ངག་དབང་ཆོས་རྒྱམ། ངག་དབང་ཀུན་དགའ། པདྨ་དཀར་པོ། ངག་དབང་བཟང་པོ། ཆོས་རྗེ་ཀུན་དགའ་བློ་གྲོས། སེམས་དཔའ་ཆེན་པོ་ངག་དབང་རྣམ་རྒྱལ། ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་གྲགས་དོན་པ་ནས། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ། རིག་པའི་གློག་ཕྲེང༌། བླ་མ་བསྟན་པ་རྒྱ་མཚོ། ངག་དབང་ཆོས་རྒྱམ། ངག་དབང་གྲགས་པ་རྒྱལ་མཚན། མང་ཐོས་ངག་དབང་ནོར་བུ། གྲུབ་ཆེན་ངག་དབང་བཟང་པོ་མན་འདྲའོ། །འདིའི་འོག་ཏུ་ཆུ་སྦྱིན་པ། མཆིལ་མ། སྣབས། དྲི་ཆེན། དྲི་ཆུ་སྦྱིན་པར་གཏོང་བའི་གཟུངས་འདུག་ཀྱང་ལུང་མ་ཐོབ། འཇུག་པའི་སྤྱོད་པ་དཀྱིལ་འཁོར་དུ་དབང་བསྐུར་བ་སྟོན་པ་གསང་བ་སྤྱི་རྒྱུད་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང༌།.....རྒྱལ་རྩེའི་བཀའ་འགྱུར་ལས། དཔལ་བརྩེགས་ཀྱི་འགྱུར།.....འདི་མན་ཆོས་ཚན་བཞི་ལ་འགྱུར་བྱང་མི་འདུག།།བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། པྲ་ཀཱ་ཤ་ཙནྟྲ། རྒྱལ་བུ་རཱ་ཧུ་ལ། ཨཱ་ནནྟ་གརྦྷ། ཏ་ཐཱ་ག་ཏ་བཛྲ། ཤྲཱདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་བཟང༌། ལོ་ཆུང་ལེགས་པའི་ཤེས་རབ། གྲགས་འབྱོར་ཤེས་རབ། ས་ཆེན། རྗེ་བཙུན་ཡབ་སྲས། ཆོས་རྗེ་ཁུ་དབོན། གློ་ཆེན་པ། རྒྱལ་བཟང་དཔལ། འཕགས་པ་རིན་པོ་ཆེ། མ་ཏི་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་དང་གཅིག།།ཡང་ན། སངས་རྒྱས། ཕྱག་རྡོར། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། རྗེ་བཙུན་ས་ཆེན། རྗེ་བཙུན་གྲགས་རྒྱན། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཁང་སྟོན་འོད་ཟེར་རྒྱལ་མཚན། གློ་ཆེན་པ་མན་འདྲ། ཡང་ན། བཤད་མ་ཐག་པའི་ནོར་བུ་བཟང་པོའི་རྟོག་པ་སོགས་ཀྱི་གཟུངས་ཕྲན་མང་པོའི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །

    ཏིང་ངེ་འཛིན་གྱི་སྤྱོད་པ་ཁྱད་པར་ཅན་སྟོན་པར་བསམ་གཏན་ཕྱི་མའི་རྒྱུད། འདིའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། སྐྱུ་ར་ཨ་སྐྱབས། རྡོ་རྗེ་རྒྱལ་པོ། དོན་འགྲུབ་ཡེ་ཤེས། ཤཱཀྱ་རྡོ་རྗེ། སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། གློ་ཆེན་པ། རྒྱལ་བཟང་དཔལ། གངས་ཁྲོད་པ། མ་ཏི་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་དང་གཅིག །ཡང་ན། འོག་ནས་འབྱུང་བའི་དཔུང་བཟང་གི་བརྒྱུད་པ་བར་མ་དང་འདྲ། རྣམ་པ་གཅིག་ཏུ་ན་གསང་བ་སྤྱི་རྒྱུད་ཀྱི་བརྒྱུད་པ་ཕྱི་མ་དང་འདྲའོ། །

    སྒྲུབ་པའི་སྤྱོད་པ་ལེགས་པར་སྟོན་པ་ལེགས་པར་གྲུབ་པ་རིམ་པར་ཕྱེ་བ་དཔལ་བརྩེགས་ཀྱི་འགྱུར། བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། ཨ་ཤྭ་ཀ་ཤྲཱི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ། ཁང་སྟོན་འོད་ཟེར་རྒྱལ་མཚན། གློ་ཆེན་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། སྤང་ཁང་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། འཇམ་དབྱངས་གྲགས་པ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། ཤེས་རབ་རྒྱ་མཚོ། དཔལ་ལྡན་རྡོ་རྗེ། དཀོན་མཆོག་འཕེལ། ལྷ་མཆོག་སེངྒེ་། དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང༌། ནམ་མཁའ་སངས་རྒྱས། བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན། ཆོས་རྒྱལ་འཕགས་པ་ནས། པདྨ་མགོན་པོ། ལོ་ཙཱ་བ་མཆོག་ལྡན། གློ་ཆེན་པ་མན་གོང་བཞིན། ཡང་ན། ནོར་བུ་བཟང་པོའི་རྟོག་པ་སོགས་གཟུངས་ཕྲན་མང་པོའི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །

    གསང་སྔགས་ཀྱི་སྤྱོད་པ་ཐམས་ཅད་སྤྱིར་སྟོན་པ་དཔུང་བཟང་གིས་ཞུས་པའི་རྒྱུད་ལེའུ་བཅུ་གཅིག་པ། འདིའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། ཤུ་ནྱཱ་ཏ་ས་མ་དྷི། རྡོ་རྗེ་གདན་པ་ཆེ་ཆུང༌གཉིས། བི་ཀྵ་ཏ། ཁ་ཆེ་པཎ་ཆེན། དཱ་ན་ཤཱི་ལ། ལོ་མཆོག་པ། གློ་ཆེན་པ། བག་སྟོན་པ། མགོན་པོ་འབུམ། བྲམ་ནམ་མཁའ་རྒྱལ་མཚན། མ་ཏི་པཎ་ཆེན་མན་སངས་རྒྱས་མཉམ་སྦྱོར་དང་གཅིག།།ཡང་ན་སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། གོང་མ་ལྔ། གློ་ཆེན་པ་མན་གོང་ལྟར་རོ། །ཡང་ན་བ་རི་བ་ནས། མཆིམས་བརྩོན་སེང༌། མཆིམས་དོན་ནེ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། དབུས་པ་སངས་རྒྱས་འབུམ། ལོ་མཆོག་པ། གློ་ཆེན་པ་མན་གོང་དང་འདྲ། ཡང་ན་ལྷ་མོ་བརྒྱད་ཀྱི་གཟུངས་དང་འདྲའོ། །

    ཡོངས་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ་ཇི་སྙེད་པ་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་ཡེ་ཤེས་སྙིང་པོ་དང་དཔལ་བརྩེགས་ཀྱི་འགྱུར། བརྒྱུད་པ་ནི། གསེར་འོད་དམ་པ་ལེའུ་ཉེར་དགུ་པའི་བརྒྱུད་པ་སོར་བཞག་གོ །ཡོངས་སུ་བསྔོ་བའི་འཁོར་ལོ་ཞེས་བྱ་བ་ལོ་ཙཱ་བ་རྣམ་པར་མི་རྟོག་པའི་འགྱུར། དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་པར་ངེས་པ་ཆེན་པོ་བསྟན་པ་ལས། ནོར་བུ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་པཎྜི་ཏ་དྷརྨ་ཀ་ར་དང༌། ལོ་ཙཱ་བ་དཔལ་འབྱོར་གྱིས་བསྒྱུར་བ་ལས། སླར་ཡང་བིདྱཱཀ་ར་པྲ་བྷ་དང༌། བནྡེ་དཔལ་རྩེགས་ཀྱིས་བཅོས་པ། འདི་གཉིས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཀུན་དགའ་བོ། ཀྲྀཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་བཤེས་གཉེན། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། རཏྣ་ཨ་ཀཱ་ར་ཤཱནྟི། རྡོ་རྗེ་གདན་པ་གསུམ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་བཟང༌། དཔྱལ་པདྨ་ཅན། མཁན་ཆེན་གཞོན་སེང༌། རོང་པ་ཤེར་སེང༌། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། བསོད་རྒྱལ། ཤེར་རྡོར། ཆོས་དཔལ་ཤེས་རབ། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། ཆོས་རྗེ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ། བློ་གྲོས་རྒྱལ་མཚན། རིན་ཆེན་ཆོས་དབང༌། ཚུལ་ཁྲིམས་དབང་ཕྱུག །གཙུག་ལག་འཕྲེང་བ། དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་དོན། ཚོགས་གཉིས་དཔལ་གྲུབ། ཁྲ་ཚང་པ་ཆེན་པོ། བསོད་ནམས་མཆོག་ལྡན། མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ་དཔལ་བཟང་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་པ་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ཁྱིམ་བདག་དེས་པ་ལ་གསུངས་པའི་བཀྲ་ཤིས་ཡེ་ཤེས་སྡེའི་འགྱུར་རྣམས་ཀྱི་བརྒྱུད་པ་ནི། མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ་ཡན་གྱི་བརྒྱུད་པ་སླར་འཚོལ་རྒྱུ། དེ་ནས། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ་དཔལ་བཟང་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། 

                                                                                                                                                  རྩོམ་སྒྲིག་པ། མང་ར་བ།

       གསལ་འདེབས། 
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།