ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསན་ཡིག་ཐོར་བུ་གང་རྙེད་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས་ཚན་པ་དང་པོ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-13 20:49:15     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 97058295108396316.jpg 

    དེ་ལ་འདིར་མདོ་རྒྱུད་གཉིས་ཀྱི་ཆོས་ཐོབ་སྐོར་ལ། སྨིན་བྱེད་དབང་དང་བཀའ། རྒྱབ་རྟེན་ཁྲིད་དང་ལུང་སོགས་ཐོབ་པའི་རིམ་པ་ལ། མདོར་བསྟན་གྱི་ཚུལ་དུ། བླ་མ་སོ་སོ་ལས་ཆོས་སྣ་ཚོགས་ཐོབ་པའི་ཐོ་འགོད་པ། རྒྱས་བཤད་ཀྱི་ཚུལ་དུ་སོ་སོའི་བརྒྱུད་པ་དང་བཅས་པ་འགོད་པ་གཉིས་ལས། དང་པོ་ནི། རྒྱལ་བ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་པདྨ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའི་ཞབས་སེན་དབང་གི་རྒྱལ་པོའི་དྲུང་ནས་བླ་མའི་རྣལ་འབྱོར་དམིགས་བརྩེ་མ་ལ་བརྟེན་པའི་ཟབ་ཁྲིད། མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་རྗེས་གནང༌། ཕྱག་རྡོར་འབྱུང་འདུལ་བླ་མེད་ལུགས་ཀྱི་རྗེས་གནང༌། སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་སྐྱེར་སྒང་ལུགས་ཀྱི་རྗེས་གནང༌། སྒྲོལ་ལྗང་ཇོ་བོ་དང་བ་རི་ལུགས་ཀྱི་རྗེས་གནང༌། སྨན་བླ་བདེ་གཤེགས་བརྒྱད་མཐོ་བརྩེགས་ཀྱི་རྗེས་གནང༌། དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ནས་གསུངས་པའི་འཇམ་དབྱངས་ཨ་ར་པ་ཙ་ན་བ་རི་ལུགས་ཀྱི་རྗེས་གནང༌། ཚེ་དཔག་མེད་ལོངས་སྐུ་དཀར་པོའི་རྗེས་གནང༌། དགེ་ཚུལ་དང་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་རྣམས་ཀྱི་བཀའ་དྲིན་བྱིན་རླབས་ཀྱི་ཆར་དང་ལྷན་ཅིག་བསྩལ་པས་གཏན་འདུན་བཟང་པོའི་མྱུ་གུ་བྱང་ཆུབ་སེམས་ཀྱིས་གཡུར་དུ་དུད་པར་གྱུར་ཏོ། །

    ཤར་གྱི་ཕྱོགས་ནས་ཉིན་བྱེད་དང་ལྷན་ཅིག་པར་བློ་གྲོས་ཀྱི་འོད་སྟོང་སྐྱེས་སུ་འཛིན་པར་གནང་བས། རྩོད་དུས་སྙིགས་མའི་མུན་ཚོགས་བསལ་ནས་རྫོགས་ལྡན་འདབ་བརྒྱའི་དགའ་སྟོན་ལ་ཆས་པར་གྱུར་པ། རྒྱལ་བའི་ཡབ་གཅིག་འཇམ་དབྱངས་མིའི་གར་མཁན་ཐམས་ཅད་མཁྱེན་པ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས་ཀྱི་ཞབས་དྲུང་ནས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཟ་མ་ཏོག །དབྱངས་གསལ་གྱི་མཐའ་ཅན་གྱི་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་གསུམ་གྱི་རྩ་བ་དམ་པ། ཁྱད་པར་གཉིས་མེད་ཀྱི་རྒྱུད་ལས་ཕ་རྒྱུད་བྱེ་བ་ཕྲག་དྲུག་དང༌། མ་རྒྱུད་བྱེ་བ་ཕྲག་བཅུ་གཉིས་དང་བཅས་པ་ཐམས་ཅད་ཀྱི་རྩེ་མོ། མཚན་ཙམ་གྱིས་ཀྱང་སྲིད་ཞིའི་རྒུད་སེལ་དམ་པ་དཔལ་གསང་བ་འདུས་པའི་རིམ་གཉིས་ཀྱི་འཇུག་སྒོ་དབང་བཞི་རྣམ་པར་དག་པ་སྐུ་བཞིའི་ས་བོན་ཐེབ་ངེས་ཀྱི་རྟེན་འབྲེལ་བསྒྲིག་པ་གནང་བ་དང༌། རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་བཤད་གཞིར་བྱས། འགྲེལ་པ་སྒྲོན་གསལ་དང་དེའི་མཆན་དང་བཅས་པ། མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ །བསྡུས་དོན་ཏེ། རྡོ་རྗེ་འཆང་གི་ཞལ་རླངས་ཆིལ་ལེ་བ་ལྟ་བུའི་རྒྱུད་འཆད་བྱེད་ཀྱི་འགྲེལ་བ་བཞི་སྦྲག་ལན་གསུམ་ཕྱེད་དང་བཞི། རྒྱུད་ཀྱི་ཊཱིཀྐ་ཐུན་མོང་མ་ཡིན་པའི་ཟིན་བྲིས་བཅུ་གསུམ་པའི་མཚམས་སྦྱོར་ཡན་ཆད་ཀྱང་དེ་ལྟར་དང༌། འདུས་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་དང༌། དེའི་རྣམ་བཤད་རྗེ་བདག་ཉིད་ཆེན་པོས་མཛད་པ་གཉིས་ཀྱི་བཤད་ལུང་ཕལ་ཆེར། གསང་འདུས་ཀྱི་སྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང༌། རྫོགས་རིམ་ངོ་སྤྲོད་ཆེན་མོ་རིམ་པ་ལྔ་གསལ་བའི་སྒྲོན་མེ་རྣམས་ཀྱི་གཟབ་བཤད་ཚར་གསུམ་གསུམ། རྗེ་ནམ་གྲགས་ཀྱི་བསྐྱེད་རིམ་ཡོངས་རྫོགས་འཛིན་ཆོས་ལ་ལན་གསུམ་དང༌། རྗེ་དེའི་རྫོགས་རིམ་ཕལ་ཆེར་གནང༌། དཔལ་གསང་བ་འདུས་པའི་རིམ་ལྔའི་དམར་ཁྲིད་ཁྱད་པར་ཅན་གྱི་ཉམས་ཁྲིད་སྨིན་རྒྱས་ཟླ་བཅད་མ་ལན་གཉིས་དང་ཁྲིད་གྲོལ་ནས་ལག་རྗེས་དང་ངོ་སྤྲོད་ཀྱི་ཚུལ་དུ་ལན་གཉིས། གསང་འདུས་མངོན་རྟོགས་མདུན་སྐྱེད་སྒྲུབ་པ་དཀྱིལ་ཆོག་དང་བཅས་པའི་ལྷན་ཐབས་པར་མའི་ལུང་དང༌། རྒྱལ་བའི་བརྟན་བཞུགས་འདུས་པའི་རིམ་གཉིས་ལ་སྦྱར་བ་རྒྱུད་པ་ལ་གནང་བའི་ལུང་རྣམས་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་བཞི་ཡོངས་རྫོགས། བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་རིན་པོ་ཆེ་ཕྲེང་བའི་ལུང༌། འཇིགས་བྱེད་ཀྱི་བསྐྱེད་རིམ་པཎ་ཆེན་ཐམས་ཅད་མཁྱེན་པས་གནང་བ་དེ་འཛིན་ཆོས་སུ་ལན་གཉིས་ཐོབ། འཕོ་ཁྲིད་ཆེན་མོའི་ལུང༌། རྒྱལ་བའི་བདག་པོ་ཆེན་པོས་མཛད་པའི་ཞི་བའི་སྦྱིན་སྲེག་རབ་དཀར་བདུད་རྩིའི་བུམ་བཟང་གི་ཁྲིད་དང་ལུང༌། རྒྱས་པའི་སྦྱིན་སྲེག་ཉིན་བྱེད་འབར་བ། དབང་གི་སྦྱིན་སྲེག་ཁམས་གསུམ་འགུག་པའི་ལྕགས་ཀྱུ། དྲག་པོའི་སྦྱིན་སྲེག་བསྐལ་པའི་མེ་དཔུང་གསུམ་གྱི་ལྗགས་ལུང༌། དམིགས་བརྩེ་མའི་ཊཱིཀྐ་ཁྱད་འཕགས་ཚིག་དོན་གསལ་བའི་ལུང༌། གཙང་པར་གྱི་འོད་དཔག་མེད་ཀྱི་འཕོ་བ་མདོ་ལུགས་མ་དང་མྱུར་ལམ་གཉིས་ཀྱི་ཁྲིད། བྱམས་མགོན་ལ་བརྟེན་པའི་འཕོ་བ། འཇིགས་བྱེད་ལ་བརྟེན་པའི་འཕོ་བ་ཚིགས་བཅད་མ་གསུམ་གྱི་ལུང༌། ཉིད་ཀྱིས་མཛད་པའི་འོད་དཔག་མེད་ཀྱི་འཕོ་བ་རང་དོན་དང༌། གཞན་ལ་འདེབས་ཚུལ་ཅན་གྱི་ཟབ་ཁྲིད། ཉིད་ཀྱིས་མཛད་པའི་བླ་མའི་རྣལ་འབྱོར་རྗེ་ལ་བརྟེན་པ་རྣམས་ཀྱི་ལུང༌། བཀའ་བརྒྱད་སྟོང་པའི་ལུང༌། མངོན་རྟོགས་རྒྱན་རྩ་འགྲེལ་གཉིས། དབུས་མཐའ་རྣམ་འབྱེད། ཆོས་དབྱིངས་རྣམ་འབྱེད། བླ་མ་ལྔ་བཅུ་པའི་ཊཱིཀྐ་རྗེ་བདག་ཉིད་ཆེན་པོས་མཛད་པ་༝དབུ་མ་འཇུག་པ། གཞི་གསུམ་ཆོ་ག །རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་ཡི་དམ་སྒྲུབ་སྐོར། ཆོས་སྐྱོང་སྒྲུབ་སྐོར། བསྟན་གསོལ། རྒྱལ་གསོལ་སྐོར་རྣམས་པར་མ་ལྟར་གྱི་ལུང་དང༌། པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་དྲུག་ཅུ་པ་ཆེན་མོའི་ཁྲིད་དང་ལུང་ཡོངས་སུ་རྫོགས་པ་ཐོབ། བྱམས་པས་དམ་བཅས་པའི་གཟུངས། འཇམ་དབྱངས་ཤེས་རབ་བློ་འཕེལ་གྱི་གཟུངས། སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་གཟུངས་གསུམ་གྱི་ལུང༌། ཆོས་སྤྱོད་རབ་གསལ་སྐལ་བཟང་མགྲིན་རྒྱན་ནང་ནས་སྐྱབས་འགྲོ་སེམས་སྐྱེད། སྤྱན་འདྲེན་ཁྲུས་གསོལ། སྐབས་གསུམ་པ། རྟེན་འབྲེལ་བསྟོད་པ། བདེ་གཤེགས་མ། ཉི་གཞོན་འཆར་ཀ་མ། བྱམས་བསྟོད་ཚངས་པའི་ཅོད་པན། བྱམས་བསྟོད་ཟབ་ཡངས་མ། འཇམ་བསྟོད་བསྟོད་སྤྲིན་རྒྱ་མཚོ། གཙུག་ཏོར་རྣམ་རྒྱལ་བསྟོད་པ་འཆི་མེད་གྲུབ་པ། གདུགས་དཀར་བསྟོད་པ་རྒྱལ་བ་བྱེ་བ་མ། མཁྱེན་སྲིད་མ། ས་གསུམ་མ། འཇམ་དབྱངས་ཆོས་རྗེས་མཛད་པའི་གསང་བའི་རྣམ་ཐར། ཐུབ་དབང་ཞལ་པད་མ། བློ་བཟང་རྒྱལ་བ་མ། རབ་འབྱམས་སྐྱོབ་པ་མ། སྒྲོལ་མ་ཕྱག་འཚལ་ཉེར་གཅིག །ལེགས་བྲིས་མ། ལམ་རིམ་གསོལ་འདེབས། ལམ་མཆོག་སྒོ་འབྱེད། རྗེའི་རྟོགས་བརྗོད་འདུན་ལེགས་མ། ཕུང་པོ་གསུམ་པ། སེངྒེ་གདོང་ཅན་གཙོ་འཁོར་གསུམ་པའི་བསྐུལ་བཟློག །བཟང་སྤྱོད། བྱམས་སྨོན། ཐོག་མཐའ་བར་དགེ །བདེ་སྨོན། གསང་འདུས་སྨོན་ལམ། བྱམས་པའི་སྐུ་གཟུགས་མ། བདེ་ཆེན་ལྷུན་གྲུབ། ཇ་མཆོད་འདྲེན་པ་མཉམ་མེད་མ། བདག་སོགས་འཁོར་བཅས་མ། ཤེས་རབ་སྙིང་པོ། བསྟན་འབར་མ། ཆོས་ཀྱི་རྒྱལ་པོ་མ་དང་བཅས་པ་རྣམས་ཀྱི་ལུང་དང༌། རྒྱལ་བའི་དབང་པོས་མཛད་པའི་སཙྪའི་རྣམ་བཞག་པར་མའི་ལུང༌། ཁྲོ་བོ་སྨེ་བརྩེགས་རྗེས་གནང༌། རིགས་གསུམ་མགོན་པོའི་རྗེས་གནང༌། རྟ་མགྲིན་གསང་སྒྲུབ་རྗེས་གནང༌། མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་རྗེས་གནང༌། འཇམ་དབྱངས་དཀར་པོའི་རྗེས་གནང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང༌། འཇིགས་བྱེད་སྔགས་བཏུའི་རྗེས་གནང༌། མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་རྣམས་ཐོབ། ཕ་དམ་པ་ནས་བརྒྱུད་པའི་འཇམ་དབྱངས་སྨྲ་སེང་གསང་སྒྲུབ་དམར་པོ། ཡུམ་དབྱངས་ཅན་མ་སྔོན་མོ་སྦྲག་མའི་རྗེས་གནང༌། འཇམ་དབྱངས་ཆོས་སྐོར་བཀའ་སྡོད་གསུམ་བཅས་ཀྱི་རྗེས་གནང་ལུང་དང་བཅས་པ། སྒྲུབ་ཐབས་རྒྱ་མཚོའི་གཞུང༌དང༌། དེའི་ལྷན་ཐབས་ཐར་རྩེའི་གཞུང་མཆན་ཅན་གྱི་ལུང་དང་རྗེས་གནང༌། བ་རི་བརྒྱ་རྩའི་རྒྱ་གཞུང༌། ལྷན་ཐབས་དཀོན་མཆོག་ལྷུན་གྲུབ་གྱིས་མཛད་པ། བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་དགེ་སློང་མ་དཔལ་མོས་མཛད་པ་སོགས་རྒྱ་གཞུང་འགའ་ཞིག །འགྲོ་མགོན་འཕགས་པས་མཛད་པའི་ཨརྒའི་ཆོ་ག །རྗེ་བསོད་ནམས་མཆོག་གྲུབ་ཀྱི་རབ་གནས་བཤད་པ་བསྡུས་པ། བླ་མ་རང་གིས་མཛད་པའི་རྗེའི་བསྟོད་པ། ཧོར་རིན་པོ་ཆེའི་བསྟོད་པ། བླ་མའི་རྣལ་འབྱོར་སོགས་ལེགས་པར་ཐོབ་པས་ཐུབ་བསྟན་པད་ཚལ་མ་ལུས་རྒྱས་ཤིང་གཏི་མུག་མུན་ཚོགས་འཇོམས་པའི་ལུང་རིགས་ཀྱི་ཉི་མ་ཆེན་པོས་ཕྱོགས་ཀུན་ཁྱབ་པར་གྱུར་ཏོ། །

    རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་འཕྲིན་ལས་ལྷུན་འགྲུབ་ཞབས་དྲུང་ནས། གསང་བདེ་འཇིགས་གསུམ་གྱི་དབང་བཞི་ཡོངས་སུ་རྫོགས་པ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་དང༌། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་དེའི་མངོན་རྟོགས་ཀྱི་ཁྲིད། བྱང་ཆུབ་ལམ་རིམ་གྱི་ཁྲིད། སྤྱན་རས་གཟིགས་ཚེམ་བུ་ལུགས་ཀྱི་ཁྲིད་དང་ལུང༌། གླང་རི་ཐང་པའི་ཚིག་རྐང་བརྒྱད་པའི་ཁྲིད་ལུང༌། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་བསྙེན་བསྒྲུབ་ལས་གསུམ་གྱི་ལུང་དང་ཁྲིད། བེ་བུམ་དཀར་ནག་གི་ལུང་དང་ཁྲིད། འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཡོད། ཡིག་ཆུང་དམར་ནག་གི་ལུང་དང་ཁྲིད། མགོན་པོའི་ལྷ་བཞི་དྲིལ་སྒྲུབ་ཀྱི་ལུང་དང་ཁྲིད། རྟ་མགྲིན་གསང་སྒྲུབ་རྗེས་གནང༌། བཅུ་གཅིག་ཞལ་གྱི་རྗེས་གནང༌། ཐིག་ལེ་བཅུ་དྲུག་གི་དབང༌། འབྲོམ་གྱིས་མཛད་པའི་རང་རྒྱུད་ལ་བསྐུལ་འདེབས་དད་པའི་ལྗོན་ཤིང་གི་ལུང༌། གདུགས་དཀར་དབང་ཆེན། འཇམ་དབྱངས། རྣམ་འཇོམས། སྒྲོལ་ལྗང་རྣམས་ཀྱི་རྗེས་གནང༌། མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་དང་ཁྲིད་རྣམས་ལེགས་པར་ཐོབ་པས་དགེ་བསྟན་དབྱར་གྱི་ཆུ་བོ་གོང་ནས་གོང་དུ་འཕེལ་བར་གྱུར་ཏོ། །

    བླ་མ་བྱང་སེམས་ཆེན་པོ་རྒྱལ་སྲས་རིན་པོ་ཆེའི་ཞབས་དྲུང་ནས། རྟ་མགྲིན་གསང་སྒྲུབ་རྗེས་གནང༌། ཚེ་དཔག་མེད་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང༌། ཚེ་དཔག་མེད་ལྷ་དགུ་པ་ཅན་གྱི་རྗེས་གནང་རྣམས་ཐོབ། དམིགས་བརྩེ་མའི་ཊཱིཀྐ་ཚིག་དོན་.....རྒྱལ་བ། རྒྱལ་སྲས། གསལ་བ། འཇམ་བདག་.....དབྱངས་སྒྲུབ་ཐབས་སྐུ་ཞབས་ཆེན་པོ་ནས་མཛད་པ། སྤྱོད་འཇུག་སྨོན་ལམ། རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་གཅོད་ཚིགས་བཅད་མ། རྗེ་བླ་མའི་རྣལ་འབྱོར་སྒྲུབ་ཐབས་འཇམ་དབྱངས་ཀྱིས་གནང་བ། རིན་པོ་ཆེ་ཉིད་ཀྱིས་མཛད་པའི་རེ་མ་ཏིའི་གཏོར་འབུལ། ཉིད་ཀྱི་གསོལ་འདེབས་དགེ་སློང་བསྟན་དར་ལ་ཉིད་ཀྱིས་གནང་བ། སྐུ་ཞབས་ཆེན་པོས་མཛད་པའི་བླ་མ་མཆོད་པ། པཎ་ཆེན་རིན་པོ་ཆེས་མཛད་པའི་བླ་མ་མཆོད་པ། རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་ཞལ་གྱི་སྒྲུབ་ཐབས་རྣམས་ཀྱི་ལྗགས་ལུང་ལེགས་པར་ཞུས་པས་ཕན་བདེའི་པད་ཚལ་རྒྱས་པ་ལ་ཞུགས་པར་གྱུར་ཏོ། །

    མདོ་དང་རྒྱུད་སྡེ་མཐའ་དག་གི་བང་མཛོད་པཎ་ཆེན་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོའི་ཞལ་སྔ་ནས་ཀྱི་ཞབས་དྲུང་ནས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ། གནས་བརྟན་བཅུ་དྲུག་གི་རྗེས་གནང༌། སྨན་བླ་བདེ་གཤེགས་བརྒྱད་ཀྱི་རྗེས་གནང༌། མཁའ་འགྲོ་མ་སེངྒེའི་གདོང་ཅན་གྱི་རྗེས་གནང་གསེར་ཆོས། འཇམ་དབྱངས་ནག་པོ་དྲག་པོའི་རྗེས་གནང་གསེར་ཆོས། སྣར་ཐང་བརྒྱ་རྩའི་ནང་གི་ཁྲོ་བོ་སྨེ་བརྩེགས་དང༌། མི་གཡོ་བ་དཀར་པོ་པུས་བཙུག་གཉིས་ཀྱི་རྗེས་གནང༌། བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ཁྲིད་སྨིན་རྒྱས། ལམ་རིམ་ཆེན་མོ། སྔགས་རིམ་ཆེན་མོ། ལམ་ཁྲིད་འཇམ་དཔལ་ཞལ་ལུང༌། འཇིགས་བྱེད་མངོན་རྟོགས་ཟ་མ་ཏོག །བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་རིན་ཆེན་ཕྲེང་བ། ཟ་མ་ཏོག་གི་ལྷན་ཐབས་གཙང་པར་མ། བསྟོད་པ་འཇམ་དཔལ་གསེར་མདོག །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་སྨོན་ལམ་ཤིས་བརྗོད་གཉིས། པཎ་ཆེན་རིན་པོ་ཆེས་མཛད་པའི་བླ་བརྒྱུད་གསོལ་འདེབས་ཆུང་བ། འཇིགས་བྱེད་ཀྱི་རྩ་བའི་རྒྱུད་ཀྱི་དུམ་བུ་རྟོག་པ་བདུན་པ། མཁས་གྲུབ་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱིས་མཛད་པའི་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཆེན་མོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་འཇིགས་བྱེད་སྐྱེད་རིམ། འཇིགས་བྱེད་ཀྱི་ཞི་ཁྲོ་སྦྲག་སྒྲུབ་ཐུན་མོང་མ་ཡིན་པ་རེད་མདའ་བ་ལ་གནང་བ། པཎ་ཆེན་རིན་པོ་ཆེས་མཛད་པའི་འཇིགས་བྱེད་ཀྱི་རིམ་གཉིས་ཚིགས་སུ་བཅད་པ། རིམ་གཉིས་ཀྱི་སྙིང་པོ་ཞི་ཁྲོ་སྦྲག་སྒྲུབ་ཐུན་མོང་པ་རྣལ་འབྱོར་བཞིའི་ཁྲིད་ལག་རྗེས་དང་བཅས་པ། འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དབང་བཞི་ལེན་ཚུལ་འཕོ་བ་དང་བཅས་པ། གསང་འདུས་སྒྲུབ་ཐབས་རྣལ་འབྱོར་དག་རིམ། དེའི་དཀྱིལ་ཆོག་དབང་དོན་རབ་གསལ། དེའི་སྐྱེད་རིམ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པ། འདུས་པའི་དམར་ཁྲིད་རྒྱུད་སྨད་པ་ལུགས་ཀྱི་ལུང༌། བདེ་གསང་འཇིགས་གསུམ་སོགས་བླ་མེད་རྒྱུད་སྡེ་རྣམས་ཀྱི་རིམ་གཉིས་ཀྱི་དཀའ་གནས་ཞལ་ཤེས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིག་ཆུང་ཉེར་གཅིག་ཏུ་གྲགས་པ་མཁས་གྲུབ་ཐམས་ཅད་མཁྱེན་པ་སྐུ་མཆེད་གཉིས་ཀས་ཟིན་རིས་མཛད་པའི་ལུང༌། སྨོན་ལམ་ཤིས་བརྗོད། གསང་འདུས་རྩ་རྒྱུད་ཀྱི་ལུང་རྣམས་དང༌། བདེ་མཆོག་ལཱུ་ཨི་པའི་མངོན་རྟོགས་བདེ་ཆེན་གསལ་བ། དེའི་དཀྱིལ་ཆོག་བདེ་ཆེན་རོལ་མཚོ། དེའི་ལག་མཆོད་སོགས་རྗེ་འདུལ་འཛིན་གྱིས་མཛད་པ། དེའི་སྨོན་ལམ་ཤིས་བརྗོད་དང་མཆོད་ཕྲེང་དང་བཅས་པ། དེའི་སྐྱེད་རིམ་འདོད་འཇོའི་སྙིང་པོ། དེའི་དམར་ཁྲིད་དང་ལག་རྗེས་པཎ་ཆེན་རིན་པོ་ཆེས་མཛད་པ། དེའི་རྩ་རྒྱུད་ལེའུ་ང་གཅིག་པའི་ལུང༌། མགོན་པོའི་བསྙེན་བསྒྲུབ་ལས་གསུམ་གཏོར་མའི་རྣམ་བཞག་གི་ལུང༌། འཛམ་དཀར་འབྲུག་ཞོན་གྱི་སྒྲུབ་ཐབས་དབང་ཆོག་ལས་ཚོགས་དང་བཅས་པའི་ཡིག་རྙིང་གི་ལུང༌། བླ་མ་མཆོག་གིས་མཛད་པའི་དེའི་སྒྲུབ་ཐབས་ཆུ་སྦྱིན་དང་བཅས་པའི་ལུང༌། སྒྲོལ་དཀར་གྱི་ཚེ་ཁྲིད་ཆུ་རྒྱུན་གྱི་ཉམས་ཁྲིད་དང་ལུང༌། འོད་དཔག་མེད་ཀྱི་འཕོ་བ་གཉིས། བྱམས་པ་ལ་བརྟེན་པའི་འཕོ་བ། འཇིགས་བྱེད་ལ་བརྟེན་པའི་འཕོ་བ་བཞིའི་ཁྲིད་དང་ལུང༌། ཚད་མ་ཀུན་ལས་བཏུས་པ། རྩོད་རིག་མེ་ཏོག་ཕྲེང་རྒྱུད། འདུལ་བ་ཀ་རི་ཀ་ལྔ་བཅུ་པ། དབུ་མ་འཇུག་པ། བདུད་ཚར་གཅོད་པའི་གཟུངས། རྗེས་མཛད་པའི་སྟོབས་བཞི། རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོ། དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། དྲང་བ་དང་ངེས་པའི་དོན་རྣམ་པར་བཤད་པ་ལེགས་བཤད་སྙིང་པོ། འཇིགས་བྱེད་སྐྱེད་རིམ་པཎ་ཆེན་གྱིས་མཛད་པ། བཀའ་དྲིན་གསོལ་འདེབས་གྲུབ་པའི་སྤྲིན་སྒྲ་མ། བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་དང་བཅས་ལེགས་པར་ཐོབ་པས་ཐུབ་བསྟན་སྒོ་བརྒྱ་ཕྱེ་བའི་དགའ་སྟོན་གྱིས་སྐལ་བཟང་ཀུན་གྱི་དགའ་སྟོན་ལན་བརྒྱར་བྱས་པར་གྱུར་ཏོ། །མཚམས་འདི་ནས་མ་ཡིག་གི་ཤོག་བུ་བརྒྱད་མ་རྙེད། བཀའ་གདམས་གཞུང་དྲུག །པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་འབུམ་པོ་ཏི་ལྔ

    མཁན་ཆེན་དྲུང་ཡིག་རིན་པོ་ཆེ་བཀའ་དྲིན་ཟླ་མེད་པའི་ཞབས་དྲུང་ནས། རྭ་པོད། རྟ་པོད། རྣམ་སྲས་བཀའ་བཅོ་ལྔ། གུར་ཞལ། བེག་རྩེ་རྣམས་ཀྱི་རྗེས་གནང་ཐོབ། རྟ་མགྲིན་ཡང་གསང་གི་དབང༌། དེའི་ཚེ་དབང༌། བཀའ་སྲུང་གྱིང་ལྔ་གཟའ་གདོང་གི་སྲོག་གཏད་གསུམ་དང༌། ལུང་ལ་རྒྱལ་དབང་ཐམས་ཅད་མཁྱེན་པས་མཛད་པའི་ཡང་གསང་ལྷ་དགུའི་ལས་བྱང་ཆེན་མོ། དེའི་བསྙེན་ཡིག །རྭ་ལུགས་ཀྱི་ལས་གཤིན་དཔའ་གཅིག་ནག་པོའི་རྗེས་གནང༌། ལས་གཤིན་ནག་པོ་ལྷ་བཅུ་གསུམ་མའི་རྗེས་གནང༌། རྡོ་རྗེ་ཁྱུང་ཁྲའི་བྱིན་རླབས་དང༌། ལུང་ལ་བྱམས་པ་ངག་དབང་དཔལ་བཟང་གིས་མཛད་པའི་རྗེས་གནང་ཟུར་འདེབས་མ་གཏོགས་ཆོས་སྐོར་ཡོངས་རྫོགས་ཀྱི་ལུང་དང་བཅས་པ། སྒྲོལ་མ་མཎྜལ་བཞི་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ལུང༌། ཚར་ཆེན་གྱིས་མཛད་པའི་རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་དང་མངོན་རྟོགས་ཀྱི་ལུང༌། རྟ་མགྲིན་གསང་སྒྲུབ་ཀྱི་གཏེར་མའི་སྐོར་གྱི་ལུང༌། ལྕགས་ཟམ་ལུགས་ཀྱི་ཚེ་ཆོག་རྗེ་ངག་དབང་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པ། རྣལ་འབྱོར་རྫོགས་ཕྲེང་དང་སྦྱིན་སྲེག་འོད་སྙེའི་ལུང༌། བུ་སྟོན་རིན་པོ་ཆེས་མཛད་པའི་རབ་གནས་བཀྲ་ཤིས་རྒྱས་བྱེད་ཀྱི་ལུང༌། རྗེ་གྲགས་པས་མཛད་པའི་རབ་གནས་དོན་གསལ་གྱི་ལུང༌། ཀུན་མཁྱེན་བུས་མཛད་པའི་རྒྱུད་གསུམ་༼ཀ༽གཅེར་མཐོང༌། གཤེད་དམར་གྱི་ལས་བཞིའི་༼ཀ༽སྦྱིན་སྲེག །བདེ་མཆོག་༼ཁ༽ལཱུ་ཨི་པའི་མཆོད་ཆོག།།༼ཀ༽སམ་བུ་ཊའི་ཐོག་བསྲུང་རྣམས་༼ཀ༽ཀྱི་ལུང༌། བེག་རྩེ་ལྕམ་སྲིང་གི་རྗེས་༼ཀ༽གནང༌། ཐམས་ཅད་མཁྱེན་པ་༼ཀ༽དགེ་འདུན་རྒྱ་མཚོའི་ཡབ་༼ཀ༽རྡོ་རྗེ་འཆང་ཀུན་དགའ་༼སུ༽རྒྱལ་མཚན་གྱི་རྣམ་ཐར། ༼ཀ༽གསུང་མགུར་༼ཕ༽སྐོར། གསང་འདུས་སྐྱེད་༼ཕ༽རིམ། འཇིགས་བྱེད་སྐྱེད་༼ག༽རིམ། བདེ་མཆོག་༼ར༽ལཱུ་ཨི་པའི་བསྐྱེད་༼སུ༽རིམ། བདེ་མཆོག་དྲིལ་བུ་པའི་༼ཀ༽པའི་༼སུ༽རྫོགས་རིམ། དེའི་མངོན་རྟོགས། དེའི་སྦྱིན་སྲེག །༼ག༽གཏོར་མ་བརྒྱ་རྩ་ཆེ་ཆུང་གཉིས༼ག༽ནཱ་རོ་ཆོས་དྲུག །གླེགས་བམ་གྱི་བསྡུས་དོན། ཇ་མཆོད་རྩ་འགྲེལ། སྒྲོལ་མའི་ཊཱིཀྐ། བརྒྱ་བཞི། རྟ་མགྲིན་ཡང་གསང་གི་ཆོ་ག སྨོན་ལམ་བདུན་ཅུ་པའི་ཊཱིཀྐ། སྨན་བླའི་ཤིས་བརྗོད། དོན་རྒྱན་སོ་ལྔའི་དཔེར་བརྗོད་སྐོར། གྲུབ་མཐའི་རྣམ་བཞག །རྒྱལ་དབང་རིན་པོ་ཆེས་མཛད་པའི་གཡུ་ཐོག་སྙིང་ཐིག་གི་ལས་བྱང༌། ཐིག་ལེ་བཅུ་དྲུག་གི་ཆོ་ག །ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཊཱིཀྐ། ལྟ་ཁྲིད་འཇམ་དཔལ་སྙིང་པོའི་ཞལ་ལུང༌། ཞལ་གདམས་སྐོར་ཡོངས་རྫོགས། རྣམ་རྒྱལ་ཆོ་ག །འཇིགས་བྱེད་བརྒྱུད་འདེབས། རྒྱ་གཞུང་དྲིལ་བུ་སྐོར་གསུམ་གྱི་ལུང༌། གུར་མགོན་གྱི་མན་ངག་ལེ་ཚན་གྱི་ལུང༌། ཀུ་རུ་ཀུ་ལླེའི་རྗེས་གནང་ངོར་ཆེན་གྱིས་མཛད་པ། གསང་སྒྲུབ། ཌོམྦི་པའི་རྒྱ་གཞུང་གྲགས་པས་མཛད་པ། ཚོགས་བདག་གི་ཡི་གེ་ལེ་ཚན་རྣམས་ཀྱི་ལུང༌། རྗེ་གྲོལ་མཆོག་གིས་མཛད་པའི་ཁྲིད་བརྒྱའི་ཁྲིད་ཡིག་དངོས་གཞིའི་ལུང༌། སེང་གདོང་ལས་ཚོགས་རྫོང་ལུགས། གདོན་གྲོལ་ལེ་ཚན་གཉིས། ཟ་ཡིག་ནོར་བུའི་བང་མཛོད་ཀྱི་ལུང༌། གཏད་རུལ་ལེ་ཚན་གཉིས། འཇམ་དབྱངས་དཀར་པོའི་རྒྱ་གཞུང༌། ཚར་ཆེན་གྱིས་མཛད་པའི་གུར་ཞལ་ལས་མཁན་བཅས་པའི་གཏོར་ཆོག་ཕོ་ཉ་མྱུར་མགྱོགས། ཚེ་སྒྲུབ་བུ་སྟོན་གོང་ཕུག་མ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོས་གནང་བའི་གུར་ཞལ་ལས་མཁན་བཅས་པའི་གཏོར་ཆོག །པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་བས་མཛད་པའི་ལྷ་མོ་ཤྲ་མ་ཎ། ཚར་ཆེན་གྱིས་མཛད་པའི་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཀྱི་བྱིན་རླབས་ཡི་གེ །རྒྱལ་དབང་མཆོག་གིས་མཛད་པའི་རྟ་མགྲིན་ཡང་གསང་གི་ལོ་རྒྱུས་རྣམས་ཀྱི་ལུང༌། གསང་ཆེན་མངའ་བདག་དཔལ་ལྡན་བླ་མ་འཇམ་དབྱངས་མཚན་ཅན་གྱི་ཞབས་དྲུང་དུ། རྟ་མགྲིན་གསང་སྒྲུབ། ལྷ་མོ། སྲོང་བཙན་ལུགས་ཉེ་བརྒྱུད་རྗེས་གནང་གསུམ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་རྙིང་ལུགས་ཀྱི་རྗེས་གནང་དང་རྗེས་མངོན་གཉིས་ཀྱི་ལུང༌། བཤད་རྒྱུད་རྡོ་རྗེ་འཆང་བའི་རྡོ་རྗེ་འཆང་གི་ལམ་ལ་སློབ་ཚུལ་གྱི་རྣལ་འབྱོར་གྱི། བདག་བྱིན་རླབས་ཀྱི། དགོངས་པ་བླ་མེད་ཀྱི། ཡི་གེ་བཞིའི་བསྲུང་ཟློག་གསང་གསུམ་ཁྱད་པར་བའི་ལུང༌། བསང་མཆོད་བཀྲ་ཤིས་འཁྱིལ་བ་དང༌། དཔལ་ལྷ་ཚེ་རིང་མཆེད་ལྔའི་བསང་ཡིག་སྲོང་བཙན་སྒམ་པོའི་མཛད་པར་གྲགས་པ་རྣམས་ཀྱི་ལུང༌། རྗེའི་གསན་ཡིག་དུམ་བུ། བདེ་མཆོག་འདོད་འཇོའི་ལུས་དཀྱིལ་ཡན་ཆད་རྣམས་ཀྱི་ལུང༌། གུ་རུ་དྲག་དམར་ཡི་དམ་སྒྲུབ་སྐོར་ནང་གི་དེའི་ལུགས་ཀྱི་རྗེས་གནང༌། བློ་སྦྱོང་སེམས་པའི་རིམ་པ་ལེའུ་བཞིའི། བློ་སྦྱོང་མཚོན་ཆའི་འཁོར་ལོའི། བློ་སྦྱོང་རྨ་བྱ་དུག་འཇོམས་ཀྱི། མི་གཡོ་བ་དཀར་པོའི་རྒྱ་གཞུང་དཱ་ན་ཤི་ལས་མཛད་པའི། མཁས་པ་ཡོན་ཏན་ཁྲིས་མཛད་པའི་མངོན་རྟོགས་རྗེས་གནང་ཞལ་ཤེས་གསུམ། མཁས་པ་ཡོན་ཏན་ཁྲིས་མི་གཡོ་བ་རིགས་ལྔའི་རྣམ་པས་རིམ་བཞིན་ཕྱོགས་བཞི་དབུས་དང་ལྔ་ནས་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་གཞི་ལམ་ཉམས་སུ་ལེན་ཚུལ་དང་བཅས་པ། མི་གཡོ་བའི་བསྟོད་པ་དང་བཅས་པ་རྣམས་ཀྱི་ལུང༌། བླ་མ་ཉིད་ཀྱི་ཟིན་བྲིས་མངོན་རྟོགས་དང་རྗེས་གནང་རྣམས་ཀྱི་ལུང་ཐོབ།

    ཀུན་རིག་དབང་བརྒྱུད་ནི། རྣམ་པར་སྣང་མཛད། ཛེ་ཏ་རི། ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ནཱ་ཡ་ཀ་བ། མཻ་ཏྲེ་པ། རྡོ་རྗེ་གདན་པ། ནི་སྐ་ལམ། རེ་ཝེནྟྲ། ཆག་ལོ་ཆོས་རྗེ་དཔལ། ལོ་ཙཱ་བ་བསོད་ནམས་སེངྒེ་། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེངྒེ་། བུ་སྟོན་ཐམས་ཅད་མཁྱེན་པ། ཁྱུང་ལྷས་པ། རྗེ་བཙུན་ཙོང་ཁ་པ་ཆེན་པོ། འདུལ་འཛིན། རྗེ་ཤེར་འབྱུང་བ། མཁས་བཙུན་ཡོན་ཏན་རྒྱ་མཚོ། འདར་སྟོན་བློ་བཟང་གྲགས་པ། དགེ་ལེགས་དཔལ་བཟང༌། རྣམ་མཁའ་རྒྱལ་མཚན། པཎ་ཆེན་རིན་པོ་ཆེ། བླ་མ་རྒྱལ་ལྷ་ཁང་བ་གྲགས་པ་དཔལ་ལྡན། རྗེ་ངག་དབང་བློ་བཟང༌། སློབ་དཔོན་བློ་བཟང་འཇམ་དབྱངས། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་འདུལ་འཛིན་ནས། འབྲོང་རྩེ་ལྷ་སྲས་པ། གྲུབ་ཆེན་ངག་དབང་བློ་གྲོས། མར་སྟོན་ཚུལ་ཁྲིམས་རིན་ཆེན། རྡོ་རྗེ་འཆང་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། རྗེ་ནམ་མཁའ་རྒྱལ་མཚན་མན་འདྲ། ཡང་ན་པཎ་ཆེན་ནས་གུང་རུ་སངས་རྒྱས་བཀྲ་ཤིས། རྗེ་ངག་དབང་བློ་བཟང་མན་འདྲ

    མགོན་པོ་ཚེ་དཔག་ལྷ་དགུའི་དབང་བརྒྱུད་ནི། ཚེ་དཔག་མེད། སློབ་དཔོན་སྙིང་པོའི་ཞབས། ཛེ་ཏ་རི་དགྲ་ལས་རྣམ་རྒྱལ། བོ་དྷི་བྷ་དྲ། ས་མ་དྷི་བྷ་དྲ། རྡོ་རྗེ་གདན་པ། བ་རི་པ། མཆིམས་བརྩོན་འགྲུབ་སེངྒེ་། རྒྱ་ཞང་ཕུག་བ། འཇད་པ་ཤེས་རབ་རིན་ཆེན། ཨེ་བ་འཁོན་སྟོན། ཤར་བ་འཇམ་དབྱངས་པ། བཞི་ཐོག་པ་རིན་ཆེན་རྒྱལ་མཚན། བྱང་སེམས་རྒྱལ་བ་ཡེ་ཤེས། བླ་མ་གྲགས་པ་དཔལ། སྣུར་ཆོས་འཕགས་རྒྱལ་མཚན། ཡང་རྩེ་བ་རིན་ཆེན་སེངྒེ་། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྐུ་ཞང་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། མཁྱེན་རབ་ཆོས་རྗེ། བསོད་ནམས་མཆོག་གྲུབ། འཇམ་དབྱངས་བཀྲ་ཤིས་རྒྱལ་མཚན། མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཆོས་རྗེ་རིན་ཆེན་རྒྱ་མཚོ། ཞ་ལུ་བ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དེས་བདག་འཇམ་དབྱངས་བཞག་པའི་རྡོ་རྗེ་ལའོ། །ཡང་ན། བ་རི་པ་ནས། བརྩེ་ཆེན་བསོད་རྩེ། གྲགས་རྒྱལ། ས་པཎྜི་ཏ། ཤར་བ་རྡོ་རྗེ་འོད་ཟེར། བླ་མ་བཀྲ་ཤིས་འོད། ཨེ་བ་འཁོན་སྟོན་ཐུགས་རྗེ་རིན་ཆེན། འཇམ་དབྱངས་ཆེན་པོ། རིན་ཆེན་རྒྱལ་མཚན། རྒྱལ་བ་ཡེ་ཤེས། གྲགས་པ་དཔལ། ཀུན་དགའ་སྨོན་ལམ། རྒྱལ་བ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ཀུན་དགའ་བཟང་པོ། ཀུན་དགའ་དབང་ཕྱུག །དཀོན་མཆོག་ཆོས་འཕེལ། ལྷ་མཆོག་སེངྒེ་། ནམ་མཁའ་དཔལ་བཟང༌། དཔལ་ལྡན་དོན་འགྲུབ། བསོད་ནམས་མཆོག་ལྡན། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    གདུགས་དཀར་ལྷ་མང་གི་དབང་བརྒྱུད་ནི། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། ཛྙཱ་ན་ཀུ་མཱ་ར། རིན་ཆེན་མཆོག །མི་ནམ་ལོ་ཙཱ་བ། རོག་སྟོན་པ། སྨན་སྟོན་གུང་བ། ལྷ་བྲག་མཁར་བ། བྲག་དཀར་བ་དབོན་པོ། ཡོན་ཏན་བྱང་ཆུབ། གཞོན་ནུ་རིན་ཆེན། རང་འབྱུང་རྡོ་རྗེ། རྟ་བཀྲ་དབང་བརྩོན། ཡོ་ག་བ་ཡེ་ཤེས་དཔལ། རིགས་རལ། མཐོང་བ་དོན་ལྡན། གུ་ན་ཤྲཱི་རིན་པོ་ཆེ། སངས་རྒྱས་སྙན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །གྲགས་པ་དོན་གྲུབ། རྣམ་རྒྱལ་དཔལ་བཟང༌། ངག་དབང་རྣམ་རྒྱལ། ངག་དབང་མཆོག་ལེགས། མཁྱེན་རབ་བསྟན་འཛིན་བཟང་པོ། སློབ་དཔོན་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན། ཐུབ་དབང༌། ཕྱག་རྡོར། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ལྡན་མ་ཀུན་ཀུ་ཏ་མ། ཨ་སྐྱབས། ས་ཆེན་ཀུན་སྙིང༌། རྗེ་བཙུན་བསོད་ནམས་རྩེ་མོ། མདོ་སྡེ་མགོན་པོ། ལྷས་པ་བྱང་ཆུབ། ལྕེ་མདོ་སྡེ་སེང་གེ །རོང་པ་རྒ་ལོ། བློ་ལྡན་སེང་གེ །ཐར་པ་ཆོས་དྲུག །ཆོས་རྗེ་དཔལ་བ། ཁྱུང་ཆེན་པ། རྗེ་བཙུན་ཙོང་ཁ་པ་ཆེན་པོ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང༌། རྗེ་བཙུན་ཤེས་རབ་སེང་གེ །རྗེ་གྲགས་པ་རྒྱལ་མཚན

    མི་འཁྲུགས་པ་ལྷ་དགུའི་དབང་བརྒྱུད་ནི། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་ཡེ་ཤེས་རྒྱ་མཚོ། པན་ཆེན་བཟང་པོ་བཀྲ་ཤིས། པཎ་ཆེན་རྒྱལ་བ་བསམ་འགྲུབ། རྗེ་འཇམ་དབྱངས་འོད་ཟེར་བཟང་པོ། བདེ་ལེགས་ཉི་མ། ནམ་མཁའ་རྒྱལ་མཚན། པཎ་ཆེན་ཐམས་ཅད་མཁྱེན་པ། འཕྲིན་ལས་བསམ་འགྲུབ། །ཡང་ན། པཎ་ཆེན་རྒྱལ་བ་བསམ་འགྲུབ། པཎ་ཆེན་ན་བཟའ་བ། པཎ་ཆེན་རིག་པ་སེངྒེ་། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ། རྡོ་རྗེ་འཛིན་པ་བསོད་ནམས་གྲགས་པ། འཕྲིན་ལས་བསམ་འགྲུབ

མི་འཁྲུགས་པའི་དབང་བརྒྱུད་ཡང་ན། རྡོ་རྗེ་སེམས་དཔའ། ཇོ་བོ། རྣལ་འབྱོར་པ། སྤྱན་སྔ་བ། བྱ་ཡུལ་བ། གྲོ་སྟོན་བདུད་རྩི་གྲགས། ཞང་སྟོང་ཆོས་ཀྱི་བླ་མ། མཆིམས་དམར། འདུལ་འཛིན་གྲགས་པ་བརྩོན་འགྲུས། མཆིམས་བློ་བཟང་གྲགས་པ། བློ་སྟོན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། མཁན་ཆེན་བསོད་ནམས་མཆོག་གྲུབ། ཆོས་རྗེ་དཔལ་འབྱོར་བ།

    ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང་བརྒྱུད་ནི། ཚེ་དཔག་མེད། སློབ་དཔོན་ཀུན་སྙིང༌། ཛེ་ཏ་རི། བུདྡྷི་བྷ་ཏྲ། རིག་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་བ། མཆིམས་བརྩོན་འགྲུས་སེང་གེ །རྒྱ་ཞང་ཕུག་པ། ཤེས་རབ་རིན་ཆེན། ཨེ་པ་འཁོན་སྟོན། བླ་མ་འཇམ་དབྱངས་ཆེན་པོ། བཞི་ཐོག་པ། བྱང་སེམས་རྒྱ་ཡེ། བླ་མ་གྲགས་པ་དཔལ་བཟང༌། ཆོས་འཕགས་རྒྱལ་མཚན། ཡང་རྩེ་པ་རིན་ཆེན་སེང་གེ །བུ་སྟོན་ཡབ་སྲས། ཆོས་རྗེ་ནམ་མཁའ་མཆོག་གྲུབ། མཁྱེན་རབ་ཆོས་ཀྱི་རྒྱལ། ངག་དབང་ཆོས་གྲགས། ཀུན་དགའ་ཆོས་གྲགས། ཀུན་དགའ་རྣམ་རྒྱལ། མཁྱེན་རབ་བསྟན་འཛིན

    བཞི་པ་ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་བླ་མེད་ཀྱི་སྐོར་ལ་ཕ་བླ་ན་མེད་པ་དང༌། མ་བླ་ན་མེད་པའི་སྐོར་གཉིས་ལས། དང་པོ་ལ་འདོད་ཆགས་ཞེ་སྡང་གཏི་མུག་ཐབས་རྒྱུད་གསུམ་ལས། དང་པོ་གསང་འདུས་ནི། དཔལ་ལྡན་ཟླ་བའི་ཞབས་ཀྱིས། ཇི་སྲིད་ཡ་ར་ལ་ཧའི་བར། །ཞེས་པ་ནས། དེ་དེའི་རྩ་བ་ཡི་གེ་གསུམ། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུང་དེ་དག །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་རྩེ། །ཞེས་དང༌། དམར་ནག་གི་རྒྱུད་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། དབྱངས་གསལ་གྱི་མཐའ་ཅན་གྱི་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་གསུམ་གྱི་རྩ་བ། ཆོས་ཀྱི་སྒོའམ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྣོད་དུ་གྱུར་བ། རྒྱུད་སྡེ་ཐམས་ཅད་ཀྱི་ཡང་རྩེར་གྱུར་པ། འདིའི་ཆེད་དུ་བྱ་བའི་གདུལ་བྱ་དང༌། ཐོས་བསམ་སྒོམ་གསུམ་བྱེད་པ་ཐམས་ཅད་ཀྱང་རྡོ་རྗེ་འཆང་དང་འདྲ་བར་ལྷ་མི་ཐམས་ཅད་ཀྱི་ཕྱག་བྱ་བའི་འོས་སུ་བསྔགས་པའི་གསང་བ་འདུས་པ་ལ་སྨིན་བྱེད་དབང༌། གྲོལ་བྱེད་རིམ་གཉིས་འཁོར་བཅས་ཀྱི་ཉམས་ཁྲིད། རྒྱབ་རྟེན་ལུང་གི་སྐོར་དང་གསུམ་ལས། དང་པོ་ནི། རྒྱུད་པ་རྒྱས་པར་སྤྲོ་ན་བཀའ་བབས་བདུན་ལྡན་ནམ་བཅུ་གསུམ་བཞུགས་པ་ལས་ཡོངས་གྲགས་ཉི་ཟླ་ལྟ་བུ་མར་འགོས་ཀྱི་ལུགས་གཙོ་བས་བཀའ་བབས་དང་པོ་འགོས་ལུགས་ནག་པོའི་དཀྱིལ་ཆོག་དང་མཐུན་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང།.....པྲ་བྷཱུ་ཛ་ཡ་མ་ཧཱ་བཛྲ་དྷཱ་ར། གསང་བདག་ཕྱག་ན་རྡོ་རྗེ།.....གུ་ཧྱ་པ་ཏི་བཛྲ་པཱ་ཎི། ཕྱག་རྡོར་རྣམ་འཕྲུལ་རྒྱལ་པོ་ཨིནྡྲ་བྷཱུ་ཏི།.....རཱ་ཛཱེནྡྲ་བྷཱུ་ཏི། ཀླུ་ལས་སྐྱེས་པའི་རྣལ་འབྱོར་མ།.....ནཱ་གཱཏྫ་ནུ་ཛོ་ཀི་ནཱི། ས་བདག་བི་སུ་ཀལྤ།.....མ་ཧི་པ་ཏི་བི་སུ་ཀལྤ། དཔལ་ལྡན་ས་ར་ཧའམ་མདའ་བསྣུན་ཞབས།.....ཤྲཱི་མཱ་ནྶ་ར་ཧ། སངས་རྒྱས་གཉིས་པར་མདོ་རྒྱུད་དུ་མར་ལུང་བསྟན་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ།.....དྭི་ཏཱི་ཡ་བུངྔྷརྱ་པ་ར་ནཱ་གཱརྫུ་ན། དེའི་སློབ་མ་ཨཱརྱ་དེ་བ། ཤཱཀྱ་བཤེས་གཉེན། ཀླུའི་བྱང་ཆུབ། ས་བཅུའི་དབང་ཕྱུག་ཟླ་བ་གྲགས་པ་སྟེ་སློབ་མའི་མཆོག་བཞི་ལས།.....ད་ཤ་བྷཱུ་མཱི་ཤྭ་ར་ཙནྡྲ་ཀིརྟི། སློབ་པའི་རྡོ་རྗེ། གྲུབ་ཆེན་ནག་པོ་སྤྱོད་པ།.....མ་ཧཱ་སིདྡྷ། ས་འདྲེས་པ་ཆེན་པོ། དེ་ལ་མར་མེ་མཛད། དེ་བ་ཨཱ་ཀ་ར་ཙནྡྲ། བཱིརྱ་བྷ་ཏྲའམ་མངོན་ཤེས་ཅན་གསུམ་གྱིས་གསན། དེ་གསུམ་ལ་རྗེ་འགོས་ཀྱིས་གསན་ནོ། །གཞན་ཡང་ཟ་ཧོར་གྱི་བཙུན་མོ་ཅན། བལ་པོའི་ནཱ་ག་གོཊི། ཇོ་བོ། རྡོ་རྗེ་གདན་གྱི་ནག་པོ་དམ་ཚིག་རྡོ་རྗེ།.....ཀཱ་ལ་ས་མ་ཡ་བཛྲ། ཁ་ཆེའི་མཁས་པ་ཙནྡྲ་ཧ་རི། རྒྱལ་པོའི་ཁབ་ཀྱི་ཧུཾ་ཛའམ་ཞི་བ་བཟང་པོ། ཀོངྐ་ལའི་རྒྱལ་པུ་པཎྜིཏི། བླ་མ་སྤྲིན་གྱི་ཤུགས་ཅན་རྣམས་ལས་རྗེ་རིན་པོ་ཆེ་འགོས་ཁུག་པ་ལྷས་བཙས་གྱིས་གསན། འཇད་པ་པོ་རོང་གི་མང་ར་བ་སེངྒེ་རྒྱལ་མཚན།.....གུ་རུ་སིང་ཧ་དྷཱ་ཛ། འཇད་བྲག་ལྟག་གི་རྡོག་ཡེ་ཤེས་སེངྒེ་།.....གུ་རུ་ཛྙཱན་སིདྷ། དེ་དཔོན་རྡོག་ཨཱརྱ་དེ་བ།.....གུ་རུ་ཨཱརྱ་དེ་བ། དེ་ལ་སྐྱི་མཁར་འཇུག་བྲེས་ཁ་དབེན་ཚའི་ལྟག་པ་རིན་ཆེན་གྲགས།.....གུ་རུ་རཏྣ་ཀིརྟི། ཀུན་མཁྱེན་ཆོས་སྐུ་འོད་ཟེར།.....སརྦ་ཛྙཱན་དྷརྨཿཀཱ་ཡ་རསྨི། ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོ།.....སརྦ་ཛྙཱརྻ་རསྨི་གུཎ་ས་ག་ར། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ།.....སརྦ་ཛྙཱན་རཏྣ་སིདྡྷི། མཁས་གྲུབ་ཁྱུང་ལྷས་པ་གཞོན་ནུ་བསོད་ནམས།.....གུ་རུ་ཀུ་མར་བུནྱ། ཕ་རྒྱུད་གསང་འདུས་སོགས་གསང་སྔགས་མ་ལུས་པའི་བཀའ་སྒོ་འབྱེད་པར་ལུང་བསྟན་ཅིང་རྒྱལ་བ་གཉིས་པར་རྗེ་བཙུན་བྱམས་པས་མངའ་གསོལ་པ་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ།.....མཧཱ་ཏྨ་ཏཱ་དྭི་ཏི་ཡ་ཛཡ་སུདྷཱི་ཀིརྟི། གནས་བརྟན་བཟང་སྐྱོང་པ།.....སྠབི་ར་སུ་པཱ་ལ། ཤར་པ་རིན་ཆེན་རྒྱལ་མཚན།.....རཏྣ་དྷཱ་ཛ། འབྲོམ་སྟོན་ཤེར་འབྱུང་བློ་གྲོས།.....པྲཛྙཱ་ཀ་ར་མཏི། མཁས་གྲུབ་དཔལ་ལྡན་སེངྒེ༌།.....ཤྲཱི་མཱནྶིདྷ། མཁས་བཙུན་ཡོན་ཏན་རྒྱ་མཚོ།.....གུ་ཎ་ས་མུ་ཏྲ། ཐོན་པ་དགེ་ལེགས་དཔལ་བཟང༌།.....ཤྲེརྱ་ཤྲི་བྷ་དྲ། ཆོས་རྗེ་འོད་ཟེར་བཟང་པོ།.....རསྨི་བྷ་དྲ། རྗེ་ཆོས་གྲགས་འོད་ཟེར།.....དྷརྨཿཀིརྟི་རསྨྲི། མཚུངས་མེད་ནམ་མཁའ་བཟང་པོ།.....ཨཱཀ་ཤ་བྷ་དྲ། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་འགྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཁམས་གསུམ་གྱི་རྣམ་འདྲེན་བླ་ན་མེད་པ་མཁན་ཆེན་རྒྱལ་དབང་རིན་པོ་ཆེ་ཕྱག་ན་པདྨ། རྡོ་རྗེ་འཆང་ཆེན་པོ་འཕྲིན་ལས་ལྷུན་འགྲུབ་ཀྱི་ཞབས་དྲུང་ནས་དབང་དོན་དེ་ཉིད་རབ་གསལ། མཁས་གྲུབ་རྗེའི་ལྷན་ཐབས་དང་གཙང་བར་ཆོག་སྒྲིགས་རྣམས་དང་བླ་མ་སོ་སོའི་ཕྱག་ལེན་གུང་སྒྲིགས་ཏེ་ཐོག་མར་རྡུལ་ཚོན་དང་སླར་ཡང་རས་བྲིས་ཀྱི་སྟེང་ནས་ལན་གསུམ་སོགས་ཕྱག་གཡོག་དང་བཅས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་ལེགས་པར་ཞུས་སོ། །དབེན་ས་ནས་བརྒྱུད་པ་ནི། རྗེ་བདག་ཉིད་ཆེན་པོ། བར་འདིར་བཟང་སྐྱོང་བ་ཡོད་ན་ལེགས་པ་འདྲ་ཡང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསང་འདུས་མངོན་རྟོགས་ལྷན་ཐབས་ནའང་རྗེ་མན་གཞན་མི་སྣང་ཞིང༌། འདྲེན་སྲོལ་མི་སྣང་བས་མ་བྲིས་སོ། །མཁས་གྲུབ་ཐམས་ཅད་མཁྱེན་པ། སྙན་རྒྱུད་གསང་བའི་མཛོད་འཛིན་བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་རྡོ་རྗེ། རྒྱལ་བ་བློ་བཟང་དོན་གྲུབ། རྗེ་སངས་རྒྱས་ཡེ་ཤེས། སྣང་མཐའི་རྣམ་འཕྲུལ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱུད་སྨད་ཀྱི་དཔོན་སློབ་མངའ་རིས་པ་ངག་དབང་རྡོ་རྗེ། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་ཕ་བོང་ཁ་བ་འཇམ་དབྱངས་གྲགས་པ། བཀའ་དྲིན་མཚུངས་མེད་མཁས་གྲུབ་ཀུན་གྱི་གཙུག་རྒྱན་འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོའི་ཞབས་དྲུང་ནས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་རྗེའི་གསང་འདུས་ཀྱི་མངོན་དཀྱིལ་དང༌། དེའི་ལྷན་.....མངོན་རྟོགས་ལྷན་ཐབས་དང་དཀྱིལ་ཆོག །ཐབས་ཆུང་འབྲིང་ཆེ་གསུམ། །.....ལྷན་ཐབས་འབྲིང་པོ་ལེགས་པར་བཞེད། དབང་བཤད་འཇམ་དབྱངས་སྨྲ་སེང་མ་དང་བྱང་སྟོན་དགེ་འདུན་མགོན་པོས་མཛད་པ། ཊཱིཀ་ཆུང་གསལ་བ་གཅིག་རྣམ་གུང་བསྒྲིགས་ཏེ་རས་བྲིས་སྟེང་ནས་ལན་གཉིས་ཞུས། ཡང་རས་བྲིས་སྟེང་ནས་ཕ་བོང་ཁ་པ་འཇམ་དབྱངས་མཚན་ཅན་རང་ལའང་ལན་གསུམ་ཞུས་སོ། །ཡང་པཎ་ཆེན་དེ་ལ་མཁས་དབང་བསམ་སྒང་བ་བློ་བཟང་ངག་དབང་དང༌། དགེ་འཕེལ་བ་དཀའ་བཅུ་དགེ་ལེགས་དར་རྒྱས་གཉིས་ཀྱིས་གསན། གཉིས་ཀ་ལས་ཁྲི་རིན་པོ་ཆེ་མན་སྔར་བཞིན། ཡང་པཎ་ཆེན། མཁས་གྲུབ་ཆེན་པོ་གུང་རུ་སངས་རྒྱས་བཀྲ་ཤིས། རྗེ་བསམ་སྒང་བ་མན་སྔར་བཞིན། ཡང་རྗེ་བདག་ཉིད་ཆེན་པོ།.....སྐྱིད་ཤོད་ཞབས་དྲུང་རྡོ་རྗེ་འཆང་གི་གསན་ཡིག་ལྟར་ཡིན་ནོ། །གནས་བརྟན་བཟང་སྐྱོངས་པ། མཁན་གྲུབ་གུ་ན་ཤྲཱི། རོང་སྟོན་བློ་བཟང་གྲགས་པ། མཁས་བཙུན་ཡོན་ཏན་རྒྱ་མཚོ། རྗེ་བློ་གྲོས་རྒྱལ་མཚན། རྗེ་ཕྱོགས་ལས་རྣམ་རྒྱལ། རྗེ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་མན་སྔར་བཞིན། དབེན་ས་ནས་བརྒྱུད་པ་ལ་འདི་ཁུངས་བཙུན་པར་སེམས། ཡང་རྒྱུད་སྨད་དང་སྲེ་ནས་བརྒྱུད་པ་ནི། རྗེ་བདག་ཉིད་ཆེན་པོས་.....འདི་པ་ཚོའི་ངག་རྒྱུན་དང་ལྷན་ཐབས་དག་ལས་འདི་ལྟར་འདྲེན་པས་དེའི་དབང་དུ་བྱས་སོ། །ཁས་གྲུབ་ཤེས་རབ་སེངྒེ་། གྲུབ་དབང་དཔལ་ལྡན་བཟང་པོ། འཇམ་དབྱངས་དགེ་འདུན་འཕེལ་བ། རྡོ་རྗེ་འཆང་བཀྲ་ཤིས་འཕགས་པ། པཎ་ཆེན་བསམ་གྲུབ་རྒྱ་མཚོ། མཁས་གྲུབ་རྡོ་རྗེ་བཟང་པོ། རྒྱུད་ཆེན་བརྩོད་འགྲུས་འཕགས། འདིེས་རྒྱུད་སྨད་ནས་བདེ་གསང་འཇིགས་གསུམ་སོགས་ཀྱི་དབང་དང་ཁྲིད་ཆེན་བརྒྱད་སོགས་གསན་ནས་ཕེབས་ལ་སྲེ་རྒྱུད་ནས་ཀྱང་དེ་ལྟར་གསན་གསུངས་སོ། །རྒྱུད་ཆེན་རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྩ་བའི་བླ་མ་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་ལ་དབང་དོན་དེ་ཉིད་རབ་གསལ་དང་དེའི་དབང་བཤད་དཔགས་བསམ་ལྗོན་ཤིང་དང་བླ་མ་གོང་མའི་སྙན་བརྒྱུད་ཀྱི་དབང་ཆེན་ཉིན་གསུམ་མའི་བཀའ་དྲིན་ཞུས་ཏེ་དགྱེས་བཞིན་དུ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེར་བསྩལ་ལགས་སོ། །ཡང་རྗེ་རིན་པོ་ཆེ། རྗེ་ཤེར་སེང༌། རྒྱུད་ཆེན་སྤྱིན་པ་དཔལ། རྒྱུད་ཆེན་ཚུལ་ཁྲིམས་བཟང་པོ། རྩེ་བ་ཤེས་རབ་བཟང་པོ། རྡོ་རྗེ་འཆང་ཆོས་སྐྱོངས་རྒྱ་མཚོ། རྒྱུད་པ་ཟུང་འབྲེལ་གྱི་གདམས་མཛོད་རྡོ་རྗེ་འཆང་བརྩོན་འགྲུས་འཕགས་མན་སྔར་བཞིན། ཡང་ན་རྔོག་ཡེ་ཤེས་སེངྒེ་དང་གླན་རྩད་ཚ་གཉིས་ལ། སྙེ་མོའི་ཕུག་ཀ་བ་འབུམ་སྐྱབས།.....སྔགས་དཀར།.....དེ་ནས་རོང་ལྷ་སྟེང་གི་གཙང་སྟོན་སྨྲ་སེང༌། ཉང་སྟོད་སྡེབས་ཆུང་གི་ལྕེ་མདོ་སྡེ་སེངྒེ་།.....སྔགས་དཀར། ཀུན་མཁྱེན་ཆོས་སྐུ་མན་གོང་ལྟར་རོ། །ཡང་ན་བྲག་ལྟག་པ་ཡེ་ཤེས་སེངྒེ་།.....བོད་བཙུན། ཆ་གར་མོན་མོ་བྲག་གི་མི་ཉག་རྡོ་རྗེ་གྲགས།.....སྔགས་དཀར་ཅོ་བྲེག །དེ་ནས་ལྕེ་མདོ་སྡེ་སེངྒེ་། ཆོས་སྐུ་འོད་ཟེར་མན་འདྲ། ཡང་ན་གླན་རྩད་ཚ་ནས། ཐང་སྤེ་བ། གྲུབ་ཐོབ་སེ་སྡིངས་པ། འཕགས་འོད་མན་འདྲ། ཡང་ན་དགེ་སྡིངས་ཆོས་སྐུ་འོད་ཟེར་ནས། ལྕེ་བློ་ལྡན་སེངྒེ་། འཕགས་འོད་མན་འདྲའོ། །

    བཀའ་བབས་གཉིས་པ་མར་ལུགས་ཀྱི་བརྒྱུདས་པ་ལ་སྒྲོ་འདོགས་ནང་ནས་ཆོད་པ་གྲུབ་ཐོབ་ཉམས་ཀྱི་བརྒྱུད་པ་ནི།.....རྗེས་འདི་ལ་འཕགས་ལུགས་ཀྱི་བརྒྱུད་པ་མིན་གསུངས་པ་ནི་བརྒྱུད་པ་འདི་འཕགས་པ་ཡབ་སྲས་མ་བགྲངས་བ་ལ་དགོངས་སམ་སྙམ་འོན་ཀྱང་འདི་ལྷ་སོ་གཉིས་ཀྱི་དབང་རྒྱུན་ཡིན་པས་དྲངས་པར་མངོན་ལ་ནག་པོ་པ་ཡན་ཆད་འགོས་ལུགས་ལྟར་དྲངས་ནའང་རུང་ངམ་སྙམ། རྡོ་རྗེ་འཆང༌། ཨིནྡྲ་བྷཱུ་ཏིའམ་འབྱོར་པའི་དབང་པོ། ཌཱ་ཀི་བདེ་བའི་ཞབས། ཌོམྦྷི་ཧེ་རུ་ཀའམ་གཡུང་པོ་ཁྲག་འཐུང་ངམ་ངན་པ་ཁྲག་འཐུང༌། རྡོ་རྗེ་དྲིལ་བུ་བ། ཡན་ལག་མེད་པའི་རྡོ་རྗེ། ཀམྦ་ལ་པའམ་ལྭ་བ་པ། ནག་པོ་སྤྱོད་པ། ཏཻ་ལོ་པའམ་ཏིལ་བརྡུང་པ།.....མེ་ཏོག་དཀར་པོའི་ཐོད་ཅན། ནཱ་རོ་པའམ་རྩ་བཤད་པ།.....ནག་པོ་མི་ལྤགས་གསོལ་བ་རྒྱན་དྲུག་ཕྱག་ཊཱ་ཐོད། མར་ལོ་ཆོས་ཀྱི་བློ་གྲོས།.....གོས་དཀར་ལྕང་ལོ། མཚུར་སྟོན་དབང་གི་རྡོ་རྗེ།.....སྔགས་དཀར། འཁོན་གད་པ་ཀཱིརྟི།.....བོད་བཙུན། འཁོན་བྱ་ཁང་པ་བསོད་ནམས་རིན་ཆེན།.....བོད་བཙུན། འཁོན་ཐུར་ལྷ་བ་ཚུལ་ཁྲིམས་སྐྱབས།.....བོད་བཙུན། ཐང་སྤེ་བ། འཕགས་པ་སྐྱབས། སེ་སྡིངས་པ་གཞོན་ནུ་འོད།.....དགེ་སློང༌། དགེ་སྡིངས་པ་ཆོས་སྐུ་འོད་ཟེར།.....གསང་མཚན་མི་བསྐྱོད་རྡོ་རྗེ། མན་འགོས་ལུགས་སྐབས་བཞིན་ནོ། །ཡང་གད་པ་ཀཱིརྟི་ནས། འགར་སྟོན་ཤེས་རབ་རྒྱ་མཚོ།.....ཡར་ཀླུང་ཟུར་རི་དགོན་པ་སྔགས་དཀར། གྲད་པོ་ཁྲ་བོ་ལ་རྩར་ཨངྐུ་པ་རིན་ཆེན་སེངྒེ་།.....ལ་སྟོད་པ་བོད་བཙུན། རོང་བ་ཤེས་རབ་སེངྒེ་།.....རབ་བྱུང༌། སྟོན་མོ་ལུང་བ་ཡེ་ཤེས་འབར།.....བོད་བཙུན། ཆོས་སྐུ་མན་འདྲ།

མར་ལུགས་ཀྱི་གྲུབ་ཐོབ་ཉེ་བརྒྱུད་ནི། རྡོ་རྗེ་འཆང༌། བྱང་སེམས་བློ་གྲོས་རིན་ཆེན།.....ལྷའི་བུ་སེར་པོ་ཆོས་འཆད་ཕྱག་རྒྱ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། གསང་མཚན་མ་ཏིངྒིཔ།.....གྲུབ་ཐོབ་དམར་སྨུག་ཏིང་འཛིན་ཕྱག་རྒྱ་མེ་ཏོག་གི་ཐོད་ཅན། ཏཻ་ལོ་མན་འདྲ།

    བཀའ་བབས་གསུམ་པ་མར་ལུགས་པཎྜི་ཏའི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས། ཀླུ་སྒྲུབ་བར་འགོས་ལུགས་ལྟར་ལ། དེ་ནས་འཇམ་དབྱངས་ཞལ་མཐོང་ཤཱཀྱ་མི་ཏྲའམ་ནུས་བུ་བཤེས་གཉེན། སྒྲོལ་མ་ཞལ་གཟིགས་ནཱ་ག་བོ་དྷིའམ་ཀླུའི་བྱང་ཆུབ། ས་བརྒྱད་ནོན་པ་ཨཱརྱ་དེ་བའམ་འཕགས་པ་ལྷ། སྤྱན་རས་ཞལ་གཟིགས་མ་ཏིང་གི་པ་སྟེ། ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། མཁས་མཆོག་དཔའ་པོ་སྟེ་ཉེ་བའི་ཐུགས་སྲས་གསུམ་སྟེ་བདུན་པོ་དེའི་ནང་ནས་མ་ཏིངྒི་པ་ནས། ཏཻ་ལོ། མར་པ། ཡང་ན་མ་ཏངྒི་པ། ཟླ་གྲགས། རིག་བའི་ཁུ་བྱུགས། ཨ་ཝ་དྷཱུ་ཏི་པ། ནག་པོའི་ཞབས། དྲི་མེད་བློ་གྲོས། ནུབ་ལ་ཀྵེ་ཏྲའི་གཙུག་ལག་ཁང་གི་མཁས་པ་དཔལ་ཡེ་ཤེས་སྙིང་པོ། སྤྱིར་རྒྱ་གར་ན་འགྲེལ་བ་དང༌རྒྱུད་རྐྱང་བཤད་རྒྱུད་ལྔ་གཞུང་ཕྲན་དང་བཅས་པ་དང༌། ཡེ་ཤེས་ཞབས་ལུགས་སོགས་འགྲེལ་བ་ཉེར་གསུམ་ཟེར། ཇོ་བོས་ཉེར་ལྔ་ཙམ་ཡང་ཉན་པར་གྲགས། བོད་ན་འགྲེལ་པ་བདུན་ཟེར་ཡང་ཤིན་ཏུ་མང༌། དེ་ལས་མར་པ་ལ་ཛ་ཡ་ན། ཐ་གན། སྙིམ་ཏོག་གསུམ་ཡོད། ལོ་ཙྪ་བ་འདིས་རྒྱ་གར་དུ་གསུམ། བལ་བོར་ལན་བཞི་བྱོན་ནས། སྤྱིར་རྒྱ་གར་ཤར་ནུབ་ལྷོ་བྱང་ཁ་ཆེ་བལ་པོ་སོགས་ཀྱི་བརྒྱ་རྩ། བརྒྱུད་པ་འཛིན་ངེས་ང་བརྒྱད། སྣང་བ་འགྱུར་ངེས་བཅུ་གསུམ་ལས། འདུས་མཁས་བདུན་ལས། ཡེ་ཤེས་སྙིང་པོ་དབང་རྒྱུད་མན་ངག་གི་བཀའ་བབས་གཙོ་བོར་འཛིན་སྐད།.....མར་པ་ལོ་ཙྪ། དེའི་སློབ་མ་ཀ་བ་བཞིའི་.....རྔོག་ཆོས་རྡོར། དོལ་དབང་ངེ༌། མེ་སྟོན་ཚོན་པོ། དཔལ་མི་ལའང་རས་པའོ། །ནང་ཚན་མཚུར་སྟོན་དབང་གི་རྡོ་རྗེ། གད་པ་ཀིརྟི། དེ་ལ་མི་ཉག་ཐུར་ལ་པ་ཚུལ་ཁྲིམས་སྐྱབས། དབུས་པ་འགར་དགེ །གྲུབ་ཐོབ་ཞང་ཞུང་པ་གསུམ་གྱིས་གསན། དེ་གསུམ་ལ་གང་བར་སེར་ཁའི་རིན་ཆེན། གླིང་པ་ཚུལ་ཁྲིམས་མཛེས། བླ་མ་རྒྱ་རྣལ་འབྱོར་ཕོ་བ་ལུང་བ། དགེ་སློང་ཆོས་གྲགས་བཟང་པོ། བླ་མ་ཤཱཀྱ་གཞོན་ནུ། བླ་མ་བློ་ལྡན་པ། བླ་མ་འཕགས་འོད་མན་འདྲ

    བཀའ་བབས་བཞི་པ་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེ་བ། སློབ་དཔོན་ནཱ་ག་ཛོ་གིའམ་ཀླུའི་རྣམ་འབྱོར་པ། བྲམ་ཟེ་ས་ར་ཧའམ་མདའ་བསྣུན་ཞབས། སློབ་དཔོན་ནཱ་གཱརྫུ་ནའམ་ཀླུ་སྒྲུབ། ཙནྟྲ་ཀཱིརྟིའམ་ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཀུ་སཱ་ལི་ཆེ་ཆུང༌། ཇོ་བོ་ཆེན་པོ་དཱི་པངྐ་ར། རོང་པ་འགར་དགེ །ལྷ་རྗེ་སྟོད་པ་ཚུལ་ཁྲིམས་དཔལ། དེ་སྲས་ཆེ་བ་ཤེས་རབ་རྒྱལ་པོ། སྲས་ཆུང་པ་ཤེས་རབ་གཙུག་ཏོར། ལྷ་རྗེ་དྷཱརྨ་ཙཀྲ། ཐང་སྟོད་ཆོས་ཀྱི་འོད། བླ་ཆེན་ཀློག་སྐྱ་གྲགས་པ་བཟང་པོ། བླ་མ་བསོད་ནམས་རྒྱལ་མཚན། བླ་མ་ཀུན་དགའ་རྒྱལ་མཚན། དཔལ་ལྡན་གྲགས་པ་དཔལ། འཕགས་འོད་མན་འདྲ། བཀའ་བབས་ལྔ་པ་ཆག་ལུགས་ཀྱི་བརྒྱུད་པ་ནི།.....ཀླུ་བྱང་གི་དཀྱིལ་ཆོག་གི་ལུགས། ཀླུ་སྒྲུབ་ཡན་སྔར་ལྟར་ལ། དེ་ལ་ཤཱཀྱ་བཤེས་གཉེན། འཕགས་པ་ལྷ། ཀླུ་བྱང༌། ཟླ་གྲགས་བཞིས་གསན། འཕགས་པ་ལྷ་ནས། འཕགས་པ་དཔའ་བོའམ་རྟ་དབྱངས། རོལ་པའི་རྡོ་རྗེ། དྲིལ་བུ་པ། ཛ་ལནྔྷ་རི་པ། དཔེ་མེད་དཔལ། གམྦྷི་ར་མ་ཏི་པ། ནི་སྐ་ལངྐ་བ་དེ་པན་དཀར་བ། རེ་ཝེན་པ་དེ་བ། ཆག་ལོ་ཙྪ་བ་ཆོས་རྗེ་དཔལ།.....ཕོད་ག་དཀར་པོ་ཕྱར་བུ་དང་ཞྭ་རྩེ་རིང་སེར་པོ། འུ་ཡུག་ཀུང་ར་བ་བླ་མ་དཔལ།.....ཕྱར་བུ་པ་སེ་བོ། བླ་མ་གྲགས་ཆེན།.....དོན་མོ་རི་པ། ཀུན་མཁྱེན་འཕགས་འོད་མན་འདྲ། ཡང་ན་སློབ་དཔོན་ཀླུའི་བྱང་ཆུབ། ཌོ་མྦྷི་བ། བཱི་ར་ཌི་པ། མ་ཏི་གརྦྷ། རྡོ་རྗེ་གདན་པ། རེ་ཝེནྡྲ། ཆག་ལོ་མན་འདྲ། ཡང་ན་ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། རྣམ་པར་གྲགས་པའི་ལྷ། རྙོག་མེད་ལྷ།.....པཎ་དཀར་གོང་གི་ནི་སྐ་ལངྐ་པ་དེ་ཝ། རྡོ་རྗེ་གདན་པ། འདི་གསུམ་དོན་གཅིག་མིང་གི་རྣམ་གྲངས་སོ། །རེ་ཝེནྡྲ། ཆག་ལོ་མན་འདྲ

    བཀའ་བབས་དྲུག་པ་ས་ལུགས་ཀྱི་བརྒྱུད་པ་ནི།.....ཀླུ་བྱང་དཀྱིལ་ཆོག་དང་མཐུན་པ། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སློབ་དཔོན་ཀླུ་སྒྲུབ། ཨཱརྱ་དེ་བ། ཤཱཀྱ་མི་ཏྲ། ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། བི་ཁྱཱ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱི་བྷ་ཏྡྲ། ས་པཎྜི་ཏ། འོད་ཟེར་ཤཱཀྱ། ཁའུ་པ་དར་མ་ཤེས་རབ། སེ་མོ་ར་པ་རིན་ཆེན་དཔལ། བླ་མར་གཉིས་པ་རྒྱལ་མཚན་རིན་ཆེན། སྤྲོ་ལུང་ནགས་ཕུག་པ་ཀུན་སྨོན། བླ་མ་གྲགས་ཆེན་པ། འཕགས་འོད་མན་འདྲ། ཡང་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱི་དཀྱིལ་ཆོག་དང་མཐུན་པའི་ཉེ་བརྒྱུད་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ། འཕགས་པ་ལྷ། མ་ཏངྐི་པ། སྒྲ་གཅན་འཛིན་དཔལ་བཤེས་གཉེན། བི་ཁྱཱ་ཏ་དེ་བའམ་རྣམ་བཤད་ལྷ། པཎ་ཆེན་ཤཱཀྱ་ཤྲི། ས་པཎྜི་ཏ་མན་འདྲ བཀའ་བབས་བདུན་པ་དཔྱལ་ལུགས་ཀྱི་བརྒྱུད་པ་ནི། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ཡན་ས་ལུགས་ལྟར་ལ། དེ་ནས་དཔྱལ་ལོ་ཙྪ་པ་ཆོས་ཀྱི་བཟང་པོ། རྗེ་བཙུན་རྒ་ལོ། བླ་མ་དཔལ་གྱི་རྒྱལ་མཚན། བླ་མ་དོན་མོ་རི་བ་གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད་མན་འདྲ། ཡང་ན་འགོས་ལོ་ཙྪ་བ་ནས། མང་ར་སང་རྒྱལ། མགོ་བ་དྷཱརྨ་ཙཀྲ། སྟག་པ་ཇོ་བཟང༌། དཔྱལ་ལོ་ཆོས་བཟང་མན་འདྲ། ཡང་ཀླུ་བྱང་གི་ཆོ་ག་ཉི་ཤུའི་རྗེས་འབྲང་གཅིག་གི་བརྒྱུད་ཚུལ་ནི། རྡོ་རྗེ་འཆང༌། ལག་ན་རྡོ་རྗེ། ཨིནྡྲར་བྷཱུ་ཏི། པདྨ་བཛྲ། རྟ་མཆོག་ཞབས། ས་ར་ཧ། ཀླུ་སྒྲུབ། ཀླུང་བྱང༌། བལ་པོ་ཕྱག་རྡོར། རཏྣ་ཨཱ་ཀ་ར་ཤཱནྟི་བ། ཤྲཱི་ཀཱིརྟི། ཤྲི་ལེགས་སྨིན། ཤྲི་ཀུ་མཱ་ར་ཤ་ན། བི་ནཱ་ཡ་ཀ། །རཏྣ་བཛྲ། ཞ་ལུ་ལོ་ཙཱ་བ་ཆོས་བརྩོན། ཤེ་སྟོན་མར་ལམ། ཇོ་སྟན་དཀོན་སེང༌། ཀུན་མཁྱེན་ཆོས་སྐུ་འོད་ཟེར། སྲེ་ཆུང་བ་ལྕེ་བློ་ལྡན། འཕགས་འོད་མན་འདྲ། ཡང་ན་ཤེ་སྟོན་ནས། ལ་སྟོང་ཚུལ་བཟང༌། དཔྱལ་ཉི་མ། ཆོས་སྐུ་འོད་ཟེར་མན་འདྲ། འདི་དག་ལའང་ཡང་ན། འགོས་ལུགས་གཅིག་དང་མར་ལུགས་ལ་རིང་བརྒྱུད་ཨིནྡྲ་བྷཱུ་ཏི་ནས་བརྒྱུད་པ་དང༌། ཉེ་བརྒྱུད་ལྷའི་བུ་རྒྱལ་སྲས་བློ་གྲོས་རིན་ཆེན་ནས་བརྒྱུད་པའི་གྲུབ་ཐོབ་ཀྱི་བརྒྱུད་པ་གཉིས་དང༌། པཎྜི་ཏའི་བརྒྱུད་པ་གཅིག་སྟེ་གསུམ་བསྣན་ནས་བཞི་དང༌། ལྔ་ཇོ་ལུགས་དང༌། ཆག་ལུགས་ལ། འཕགས་པ་ལྷ་ནས་དཔའ་བོ་སོགས་ལ་བརྒྱུད་པ་དང༌། ཀླུ་བྱང་ནས་ཌོམྦྷི་བ་དང༌། ཟླ་གྲགས་ནས་རོལ་པའི་རྡོ་རྗེར་བརྒྱུད་པ་གསུམ་སྟེ་བཀའ་བབས་བརྒྱད། ས་ལུགས་ལ་རོལ་པའི་རྡོ་རྗེ་སོགས་ལས་རིང་བརྒྱུད་དང༌། ཉེ་བརྒྱུད་མ་ཏིངྒ་བ་ནས་སྒྲ་གཅན་འཛིན་དཔལ་བཤེས་གཉེན་ལ་བརྒྱུད་པ་གཉིས་ཏེ་བཀའ་བབས་བཅུ། དཔྱལ་ལུགས་ལའང་ས་ལུགས་ལྟར་ཉེ་བརྒྱུད་རིང་བརྒྱུད་གཉིས་དང༌། དབང་དང་རྒྱུད་ཀྱི་ལུང་ཟུང་འབྲེལ་གྱི་བརྒྱུད་པ་གཅིག་སྟེ་བཀའ་བབས་བཅུ་གསུམ་ཡང་བྱའོ། །

    གཉིས་པ་གྲོལ་བྱེད་སྐྱེད་རྫོགས་འཁོར་བཅས་ཀྱི་ཁྲིད་ལ་རྣལ་འབྱོར་དག་རིམ་གཞིར་བཞག་གི་བསྐྱེད་རིམ་ཉམས་ཁྲིད་སྨིན་རྒྱས་ཟླ་གཅིག་གི་བར་དུ་མནོས་ནས་གཟབ་བཤད་བརྩོན་འགྲུས་འཕགས་ཀྱི་སྐྱེད་རིམ་གྱི་སྟེང་ནས་མདོར་བྱས་མདོ་སྲེ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྣམ་བཞག་རིམ་པ་རྣམས་ཀྱི་དགོངས་པར་ལོངས་ངེས་ཀྱི་ལྗགས་བཤད་སྙན་རྒྱུད་ཅན་དང༌། ལས་རྒྱལ་མཆོག་གི་ཁྲིད་སྐབས་ཡུམ་བཞི་ཁྲོ་བོ་བཅུ་སོགས་དང་གཞན་ཡང་ཅི་རིགས་པར་ཁ་སྦྱོར་དབྱེ་བ་མནན་སྲེག་བསྲུང་སོགས་ཀྱི་ཞལ་ཤེས་ཁྲིད་བཅས་ཐོབ་ཅིང༌། རྫོགས་རིམ་བརྩོན་འགྲུབ་འཕགས་ཀྱི་རིམ་ལྔའི་དམར་ཁྲིད་གསེར་ཆོས་མ་བླ་མའི་རྒྱུད་ཆེན་དཀོན་རྒྱམ་གྱི་གསུང༌། སྲེ་རྡོ་རྗེ་འཆང་ཆེན་པོ་འདིས་ཟིན་བྲིས་སུ་བཏབ་པའི་དམར་ཁྲིད་དང་ལག་རྗེས་རྣམས་སྦྲག་ནས་ཟླ་བ་གཅིག་གི་བར་དུ་ཉམས་ཁྲིད་སྨིན་རྒྱས་མནོས། བརྩོན་འགྲུས་འཕགས་ཀྱི་རྫོགས་རིམ་མཁས་པ་དགའ་བྱེད་རྣམས་ཀྱི་སྟེང་ནས་གཟབ་བཤད་སྨིན་རྒྱས་མནོས་པའི་རིང་བརྒྱུད་ནི། རྡོ་རྗེ་འཆང་ལྷའི་བུ་རྒྱལ་སྲས་བློ་གྲོས་རིན་ཆེན། སངས་རྒྱས་གཉིས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་མ་ཏངྒི་པ། ཏཻ་ལོ་ཤེས་རབ་བཟང་པོ། པཎ་གྲུབ་ནཱ་རོ་ཏ་པ། གྲུབ་དབང་མར་ལོ་ཆོས་ཀྱི་བློ་གྲོས། མཚུར་དབང་གི་རྡོ་རྗེ། འཁོན་གད་པ་ཀཱིརྟི། བྱ་ཁང་པ་བསོད་ནམས་རིན་ཆེན། མི་ཉག་ཐུར་ལྷ་བ་ཚུལ་ཁྲིམས་སྐྱབས། རྒྱ་མཁར་ཐང་སྤེ་པ་འཕགས་པ་སྐྱབས། སེ་སྡིངས་པ་གཞོན་ནུ་འོད། མག་དགེ་སྡིངས་པ་ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོ། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་རིན་པོ་ཆེ་དེ་ལ་གུང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་པ་དང༌། མཁས་གྲུབ་ཁྱུང་ལྷས་པ་གཞོན་ནུ་བསོད་ནམས་གཉིས་ཀྱིས་གསན། དེ་གཉིས་ལས་བསྟན་པའི་བདག་པོ་རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོས་གསན། དེ་ནས་གསང་སྔགས་བསྟན་པའི་ཉི་མ་རྗེ་ཤེར་སེང༌། འཇིགས་མཛད་དངོས་སུ་གྲུབ་པ་དཔལ་ལྡན་བཟང་པོ། དམ་ཅན་བྲན་དུ་འཁོལ་པ་དེད་དཔོན་འཇམ་དབྱངས་དགེ་འདུན་འཕེལ། ཟབ་བཤད་སྙན་རྒྱུད་ཀྱི་མངའ་བདག་རྡོ་རྗེ་འཆང་བཀྲ་ཤིས་འཕགས། འདུལ་ནག་སྤྲུལ་སྐུ་པཎ་ཆེན་བསམ་གྲུབ་རྒྱ་མཚོ། ཉི་ཟླ་ལྟ་བུའི་རྒྱུད་པ་ཟུང་འབྲེལ་གྱི་བཀའ་བབས་རྒྱུད་ཆེན་བརྩོན་འགྲུས་འཕགས། མཁས་གྲུབ་ཆེན་པོ་རྡོ་རྗེ་བཟང༌པོ། འདུལ་ནག་ཡང་སྤྲུལ་དུས་ཞབས་པ་རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རྩ་བའི་བླ་མ་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་ཞལ་སྔ་ནས་ལ། བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་ལེགས་པར་ཞུས་ཏེ་དགྱེས་བཞིན་དུ་སྔར་ལྟར་བསྩལ་པ་ལགས། ཡང་ཉེ་བརྒྱུད་ནི། ཁྱབ་བདག་རྡོ་རྗེ་འཆང༌། རྒྱལ་བའི་ཡབ་གཅིག་མགོན་པོ་འཇམ་དབྱངས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། རྗེ་ཤེས་སེང་མན་སྔར་ལྟར་རོ། །འདི་གཉིས་བསྐྱེད་རྫོགས་གཉིས་ཀའི་ཁྲིད་རྒྱུན་ནོ། །ཡང་རྒྱུད་སྨད་བརྒྱུད་ཚུལ་གཅིག་ནི། རྗེ་ཤེར་སེང་ནས། གསང་སྔགས་འཆང་གིས་ས་ཀུན་ཁྱབ་མཛད་རྒྱུད་ཆེན་སྦྱིན་པ་དཔལ། གངས་ཅན་རིགས་སྔགས་འཆང་བའི་འབྱུང་གནས་རྒྱུད་ཆེན་ཚུལ་ཁྲིམས་བཟང་པོ། མཁས་གྲུབ་ཆེན་པོ་རྩེ་པ་ཤེར་བཟང༌། རྡོ་རྗེ་འཆང་ཆེན་པོ་ཆོས་སྐྱོངས་རྒྱ་མཚོ། མཁས་གྲུབ་ཆེན་པོ་རྒྱུད་ཆེན་བརྩོན་འགྲུས་འཕགས་མན་སྔར་ལྟར་རོ། །འདི་གཉིས་བསྐྱེད་རྫོགས་གཉིས་ཀའི་ཁྲིད་རྒྱུན་ནོ། །ཡང་ན་རྗེ་ཤེར་སེང༌། རྒྱུད་ཆེན་སྦྱིན་དཔལ། རྒྱུད་ཆེན་ཚུལ་བཟང༌། རྩེ་བ་ཤེས་རབ་བཟང་པོ། རྡོ་རྗེ་འཆང་ཆོས་སྐྱོངས་རྒྱ་མཚོ། མཁས་གྲུབ་ནམ་གྲགས། རྒྱུད་ཆེན་བཀྲ་ཤིས་བཟང་པོ། རྗེ་དགེ་འདུན་རྒྱལ་མཚན། རྗེ་རྣམ་རྒྱལ་དཔལ་བཟང༌། རྗེ་ངག་དབང་ཆོས་གྲགས། རྗེ་ངག་དབང་ཆོས་རྒྱན། རྗེ་དམ་ཆོས་རྣམ་རྒྱལ། གུར་སྨོན་པ་རྗེ་བློ་བཟང་དོན་ཡོད། དེ་ལ་རྡོ་རྗེ་འཆང་དངོས་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ་དང༌། འཇམ་དབྱངས་བླ་མ་སྐུ་སྐྱེ་རིན་པོ་ཆེ་གཉིས་ཀྱིས་གསན། བདག་གིས་ཁྲི་རིན་པོ་ཆེ་ལས་རྒྱུད་སྨད་ཁྲིད་ཡིག་དང་དབེན་ས་ལུགས་ཀྱི་ཟིན་བྲིས་སྦྲག་མའི་སྟེང་ནས་ཆུ་མིག་ལུང་དུ་ལོ་གཉིས་ལ་ཟླ་མཚམས་ཀྱི་ཉམས་ཁྲིད་ཚར་གཉིས་ཞུས་སོ། །ཡང་དབེན་ས་པ་ཆེན་པོའི་ལུགས་ཀྱི་རིམ་ལྔའི་དམར་ཁྲིད་ཀྱི་བརྒྱུད་པ་ནི། རྗེ་རྒྱལ་བ་གཉིས་པ། མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དགེ་ལེགས་དཔལ་བཟང༌། སྙན་བརྒྱུད་གསང་བའི་མཛོད་འཛིན་བ་སོ་ཆོས་རྒྱན། གྲུབ་ཆེན་ཆོས་རྡོར། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། སྣང་བ་མཐའ་ཡས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་དྲིན་ཆེན་རྩ་བའི་བཤེས་གཉེན་འཇམ་དབྱངས་བླ་མ་སྐུ་སྐྱེ་བློ་བཟང་ཆོས་ལྡན་གྱི་ཞལ་སྔ་ནས་ལ། ཉིད་ཀྱི་རིམ་ལྔའི་ཟིན་བྲིས་སྟེང་ནས་ཉམས་ཁྲིད་ལན་གཉིས་འཇམ་དབྱངས་བཞད་པའི་རྡོ་རྗེས་ཞུས་སོ། །ཡང་ལས་ཚོགས་རྣམས་ཀྱི་རྒྱུན་ནི་རྗེ་འགོས་ལུགས་འགྲེལ་པའི་རྒྱུན་དང་མཚུངས་སོ། །གཉིས་པ་རྒྱབ་ལུང་ལ་ཐུན་མོང་མ་ཡིན་པ་ལུགས་འདིའི་ཆོས་སྐོར་དང༌། སྔར་གྱི་ཡིག་རྙིང་གི་སྐོར་གཉིས་ལས། དང་པོ་ལའང་རྒྱས་བཤད་ཀྱི་སྐོར་དང༌། སྙན་བརྒྱུད་ཡིག་ཆུང་གི་སྐོར་གཉིས། དང་པོ་ལ། ལེགས་བཤད་ཐམས་ཅད་ཀྱི་ཡང་རྩེ་ཟབ་གསང་བླ་མེད་ཀྱི་ལྡེ་མིག་རྒྱུད་སྡེ་ཀུན་གྱི་གསང་མཛོད་རིམ་ལྔ་གསལ་བའི་སྒྲོན་མེ་ལ་ཚིག་གཅིག་ཀྱང་མ་ལུས་པའི་གཟབ་བཤད་མཛུབ་ཁྲིད་ལན་གསུམ་ལེགས་པར་མནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྗེ་བཙུན་འཇམ་དབྱངས། རྗེ་བདག་ཉིད་ཆེན་པོ། རྗེ་ཤེར་སེང༌། རྒྱུད་ཆེན་སྦྱིན་དཔལ། རྒྱུད་པ་ཚུལ་བཟང༌། རྩེ་བ་ཤེར་བཟང༌། རྡོ་རྗེ་འཆང་ཆོས་སྐྱོང་རྒྱ་མཚོ། རྗེ་ནམ་གྲགས། རྒྱུད་ཆེན་བཀྲ་ཤིས་བཟང༌པོ། རྗེ་དགེ་འདུན་རྒྱལ་མཚན། རྗེ་རྣམ་རྒྱལ་དཔལ་བཟང༌། རྗེ་ངག་དབང་ཆོས་གྲགས། རྗེ་ངག་དབང་ཆོས་རྒྱན། རྗེ་དམ་ཆོས་རྣམ་རྒྱལ། རྗེ་ཁྲི་རིན་པོ་ཆེ་བློ་བཟང་དོན་ཡོད། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་འཇམ་མགོན་སྨྲ་བའི་དབང་ཕྱུག་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའོ། །

    བསྐྱེད་རིམ་ཀུན་གྱི་མཆོག་ཏུ་གྱུར་པ་དངོས་གྲུབ་རྒྱ་མཚོ་ལའང་གཟབ་བཤད་མཛུབ་ཁྲིད་ལན་གསུམ་ཐོབ་པའི་བརྒྱུད་པ་ནི། རྗེ་བདག་ཉིད་ཆེན་པོ། མཁས་གྲུབ་ཐམས་ཅད་མཁྱེན་པ། རྗེ་ཤེར་སེང༌། རྒྱུད་པ་སྦྱིན་པ་དཔལ་མན་འདྲ། འདི་གཉིས་ནི་གཟབ་བཤད་མཛུབ་ཁྲིད་ཀྱི་རྒྱུད་པ་ཡིན་ནོ། །རྗེ་བདག་ཉིད་ཆེན་པོའི་རྣམ་བཞག་རིམ་པའི་ཊཱིཀྐ་དང༌། རིམ་ལྔ་གསལ་སྒྲོན་གཉིས་ཀྱི་ཀླག་ལུང་གི་བརྒྱུད་པ་ནི། རྗེ་བདག་ཉིད་ཆེན་པོ་ནས། རྗེ་བཙུན་ཤེས་རབ་སེངྒེ༌། ཆོས་རྗེ་རིན་ཆེན་འོད་ཟེར། རྗེ་ཆོས་སྐྱོངས་རྒྱ་མཚོ། རྒྱུད་པ་བཀྲ་ཤིས་བཟང་བོ། རྗེ་དགེ་འདུན་རྒྱལ་མཚན། རྒྱུད་པ་རྣམ་རྒྱལ་དཔལ་བཟང༌། སྤྱིལ་པུ་པ་ངག་དབང་ཆོས་གྲགས། སེར་ཁང་བ་ངག་དབང་ཆོས་ཀྱི་རྒྱལ་མཚན། མདོ་སྨད་བཟང་སྐྱོངས་པའི་དབོན་པོ་ཀུན་སྤངས་ལེགས་པ་དོན་གྲུབ། བཀའ་དྲིན་མཚུངས་མེད་ཆེན་པོ་དཔལ་ངག་དབང་བློ་གྲོས་ཀྱི་ཞལ་སྔ་ནས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་ཀླག་ལུང་ཡང༌། རྗེ་བདག་ཉིད་ཆེན་པོ། མཁས་གྲུབ་ཐམས་ཅད་མཁྱེན་པ། རྗེ་ཤེར་སེང་མན་སྨོས་མ་ཐག་པ་ལྟར་རོ། །དྭགས་པོ་ནམ་གྲགས་ཀྱི་བསྐྱེད་རིམ་འཛིན་ཆོས་ལན་གསུམ་ཐོབ་པའི་བརྒྱུད་པ་ནི། རྗེ་ནམ་མཁའ་གྲགས་པ། རྒྱུད་ཆེན་བཀྲ་ཤིས་བཟང་པོ་མན་བསྐྱེད་རྫོགས་བཤད་ལུང་གི་བརྒྱུད་པ་བཞིན་ནོ། །རྒྱུད་ཆེན་བརྩོན་འགྲུས་འཕགས་ཀྱི་བསྐྱེད་རྫོགས་གཉིས་ཀྱི་བཤད་ལུང་གི་བརྒྱུད་པ་ནི། རྒྱུད་ཆེན་བརྩོན་འགྲུས་འཕགས། རྗེ་རྡོ་རྗེ་བཟང་པོ། རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྩ་བའི་བླ་མ་སྲེ་རྡོ་རྗེ་འཆང་ཆེན་པོ། དེས་བདག་འཇམ་དབྱངས་བཞད་པ་ལའོ། །

    དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་བཤད་གཞིར་བྱས། འཆད་བྱེད་དཔལ་ལྡན་ཟླ་བས་མཛད་པའི་འགྲེལ་པ་སྒྲོན་གསལ། དེའི་ཚིག་དོན་ཞིབ་མོར་འཆད་པའི་མཆན་བུ་རྒྱས་པ། དོན་ཚན་མི་འཁྲུག་པའི་གཟུངས་ལྟ་བུའི་ས་བཅད་བསྡུས་དོན། མ་ཚང་པ་ཁ་འགེངས་པ་དང་དཀའ་གནས་ཀྱི་མཐའ་གཅོད་པ་མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ་སྟེ་འགྲེལ་པ་བཞི་སྦྲགས་གཟབ་བཤད་ཚར་ཕྱེད་དང་བཞི་ལེའུ་བཅུ་གསུམ་པའི་མཚམས་སྦྱར་ཡན་ནི་འཛིན་ཆོས་དང་བཅས་འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ལ་ཞུས།.....བཞི་སྦྲགས་ཀྱི་དོན་གསན་ཡིག་ཆེན་མོར། རྩ་རྒྱུད་དང་འགྲེལ་བ་སྒྲོན་མ་གསལ་པ་གཉིས་ཀྱི་ཐོག །རྗེ་བཙུན་ཙོང་ཁ་པ་ཆེན་པོས་མཛད་པའི་ས་བཅད། མཆན་བུ། མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ་རྣམས་སྦྱར་ཏེ་འགྲེལ་བ་བཞི་སྦྲགས་སུ་ཞེས་གསུངས་པའང་རྩ་འགྲེལ་གཅིག་བྱས། རྗེས་མཛད་པ་གསུམ་འདྲེན་པས་ན་འདི་ལྟར་རོ། །ཡང་བཞི་སྦྲགས་ཚར་གཅིག་དཀའ་གནད་ལ་བཤད་པ་ཐོ་རེ་པ་པཎ་ཆེན་བཀའ་འགྱུར་བ་ལས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། མངའ་བདག་བི་སུ་ཀལྤའམ་རྣམ་བཟང་སྐལ་པའམ་རྡོག་པ། བྲམ་ཟེ་ཆེན་པོ་ས་ར་ཧ། སློབ་དཔོན་ནཱ་གཱརྫུ་ན། དེས་སློབ་མའི་མཆོག་འཕགས་པ་ལྷ། ཤཱཀྱ་མི་ཏྲ། ནཱ་ག་བོ་དྷི། ཙནྡྲ་ཀཱིརྟི་བཞི་ལ་གནང༌། བཞི་ཀ་ལ་སློབ་པའི་རྡོ་རྗེ། ནག་པོ་སྤྱོད་པ། ས་འདྲེས་པ་ཞབས། དེ་ལ་དཱི་པཾ་རྐ་ར། དེ་ཝ་ཨཱ་ཀ་ར། བིརྱ་བྷ་ཏྲ་གསུམ་གྱིས་གསན། གསུམ་ཀ་ལས་རྗེ་རིན་པོ་ཆེ་འགོས་ཁུག་པ་ལྷས་བཙས། དེ་ནས་མང་ར་སེངྒེ་རྒྱལ་མཚན། རྔོག་ཡེ་ཤེས་སེངྒེ༌། རྔོག་མུ་ནེ། གླན་རྩད་ཚ། དེ་གཉིས་ལས་རྔོག་ཨཱརྱ་དེ་ཝ། དེ་ནས་ལྟག་པ་རིན་ཆེན་གྲགས། ལྕེ་མདོ་སྡེ་སེངྒེ་། དགེ་སྡིངས་པ་ཆོས་སྐུ་འོད་ཟེར། ལྕེ་བློ་ལྡན་སེངྒེ་། ཀུན་མཁྱེན་འཕགས་པ་འོད། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ལོ་ཆེན་ནམ་མཁའ་བཟང་པོ། གངས་ཅན་གྱི་ཤིང་རྟ་བ་ཆེན་པོ་རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས། ཐུབ་བསྟན་ཡོངས་ཀྱི་བདག་པོ་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོ། མཁས་གྲུབ་ཆེན་པོ་ཤེར་སེང༌། རྒྱུད་ཆེན་སྦྱིན་པ་དཔལ། རྒྱུད་ཆེན་ཚུལ་བཟང༌། རྩེ་བ་ཤེར་བཟང༌། རྡོ་རྗེ་འཆང་ཆོས་སྐྱོངས་རྒྱ་མཚོ། རྗེ་ནམ་གྲགས། རྒྱུད་ཆེན་བཀྲ་ཤིས་བཟང་པོ། རྗེ་དགེ་འདུན་རྒྱལ་མཚན། རྗེ་རྣམ་རྒྱལ་དཔལ་བཟང༌། རྗེ་ངག་དབང་ཆོས་གྲགས། རྗེ་ངག་དབང་ཆོས་རྒྱན། རྗེ་དམ་ཆོས་རྣམ་རྒྱལ། རྗེ་བཙུན་བློ་བཟང་དོན་ཡོད། དེ་ལ་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྡོ་རྗེ་འཆང་ངག་དབང་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས་དང༌། པཎ་ཆེན་བཀའ་འགྱུར་པ་ཆེན་པོ་སྦྱིན་པ་རྒྱ་མཚོའི་ཞལ་སྔ་ནས་གཉིས་ཀྱིས་གསན། དེ་གཉིས་ལས་བདག་འཇམ་དབྱངས་བཞད་པའོ། །ཡང་ན་རྒྱུད་པ་ཚུལ་ཁྲིམས་བཟང་པོ་ནས། ཆོས་རྗེ་རིན་ཆེན་འོད་ཟེར། རྗེ་ཆོས་སྐྱོངས་རྒྱ་མཚོ། རྗེ་བཀྲ་ཤིས་བཟང་པོ། རྗེ་དགེ་འདུན་རྒྱལ་མཚན་མན་འདྲ། ཡང་ན་གླན་རྩད་ཚ་ནས། ཐང་སྤེ་པ་འཕགས་པ་སྐྱབས། སེ་སྡིངས་པ་གཞོན་ནུ་འོད། དགེ་སྡིངས་པ་ཆོས་སྐུ་འོད་ཟེར་མན་གོང་བཞིན་ནོ། །ཡང་གླན་རྩད་ཚ་ནས། ཕུག་པ་འབུམ་སྐྱབས། གཙང་པ་སྨྲ་སེང༌། ལྕེ་མདོ་སྡེ་སེངྒེ་མན་འདྲ། ཡང་ན་ལྟག་པ་རིན་ཆེན་གྲགས་ནས། དགེ་སྡིངས་པ། འཕགས་འོད་མན་འདྲ། མར་ལུགས་གྲུབ་ཐོབ་ཉམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཨིནྡྲ་བྷཱུ་ཏི། ཌཱ་ཀི་བདེ་བའི་ཞབས། ཌོམྦྷི་པ། དྲིལ་བུ་པ། ཨནངྒ་བཛྲ་རམ་ཡན་ལག་མེད་པའི་རྡོ་རྗེ། ཀམྤ་ལ་པ། ནག་པོ་པ། ཏཻ་ལོ་པ། ནཱ་རོ་ཏ་པ། མངའ་བདག་ཆེན་པོ་མར་པ་ལོ་ཙཱ། མཚུར་སྟོན་དབང་རྡོར། གད་པ་ཀིརྟི། དེས་ཐུར་ལ་བ། དབུས་པ་འགར་དགེ །གྲུབ་ཐོབ་ཞང་ཞུང་པ་གསུམ་ལ་གནང༌། དེ་གསུམ་གྱིས་རིན་ཆེན་གླིང་པ་ཚུལ་མཛེས་ལ་གནང༌། དེ་ནས་རྒྱ་ཕོ་བ་ལུང༌པ། དགེ་སློང་ཆོས་གྲགས། བླ་མ་ཤཱཀ་གཞོན། ལྕེ་བློ་ལྡན་སེངྒེ་། ཀུན་མཁྱེན་འཕགས་འོད་མན་འདྲ། པཎྚི་ཏའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བློ་གྲོས་རིན་ཆེན། ཀླུ་སྒྲུབ་ཞབས། མ་ཏངྒི་པ། ཏཻ་ལོ། ནཱ་རོ། མར་པ། ཡང་ན་མ་ཏངྒི་པ་ནས། ཟླ་གྲགས། རིག་པའི་ཁུ་བྱུག །ཨ་ཝ་དྷཱུ་ཏི་པ། སྤྱོད་པའི་རྡོ་རྗེ། ནག་པོའི་ཞབས། དྲི་མེད་བློ་གྲོས། དཔལ་ཡེ་ཤེས་སྙིང་པོ། རྗེ་མར་པ་ལོ་ཙཱ་མན་འདྲ། ཆག་ལུགས་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་རྡོར། ཀླུའི་ཞབས། ཨཱརྱ་དེ་ཝ། རྟ་དབྱངས། རོལ་པའི་རྡོ་རྗེ། དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་རི། དཔེ་མེད་དཔལ། གམྦྷི་ར་མ་ཏི། ནིསྐ་ལམ་ཀ་པ་དེ་ཝ། རེ་ཝེནྡྲ་པ་དེ་བ། ཆག་ལོ་ཆོས་རྗེ་དཔལ། འུ་ཡུག་པ་བླ་མ་དཔལ། བླ་མ་གྲགས་ཆེན། འཕགས་འོད་མན་འདྲ། ཡང་ན་ཀླུ་སྒྲུབ་ནས། ཀླུ་བྱང༌། ཤཱཀྱ་བཤེས་གཉེན། རོལ་བའི་རྡོ་རྗེ་མན་འདྲ། ཡང་ན་ཛ་ལནྔྷ་ར་ནས། ཌོམྦྷི་རུ་ཀ། །བིར་ཌི་བ། མ་ཏངྒི་བ་མན་འདྲ། ཡང་ན་ཀླུ་བྱང་ནས། ཌོམྦྷི་བ། མ་ཏི་གརྷ། རྡོ་རྗེ་གདན་པ། རེ་ཝནྡྲ་པ། ཆག་ལོ་མན་འདྲ། ཡང་ན་ཟླ་གྲགས། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་འབྱུང་གྲགས་པ། འོད་མཛད་ལྷ། ཆོས་འབྱུང་ཞི་བ། རྣམ་གྲགས་ལྷ། རྙོག་མེད་ལྷ། རེ་ཝེནྡྲ། ཆག་ལོ་མན་འདྲ། གསང་འདུས་སྒྲུབ་ཐབས་རྣལ་འབྱོར་དག་རིམ་ལུང་རྒྱུན་ནི། ཁྲིད་ལྟར་ཡང་ཡིན་ལ་ལུང་རྐྱང་ནི། རྗེ་རིན་པོ་ཆེ། སློབ་དཔོན་དོན་ཡོད་རྒྱལ་མཚན། རོང་སྟོན་བློ་བཟང་གྲགས་པ། མཁས་བཙུན་ཡོན་ཏན་རྒྱ་མཚོ། རྗེ་བློ་གྲོས་རྒྱལ་མཚན། རྗེ་སྐྱབས་མཆོག་པ། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ། རྒྱལ་བའི་དབང་པོ་རིན་པོ་ཆེ། ཁྱབ་བདག་འཇམ་དབྱངས་གྲགས་པ། དེས་བདག་འཇམ་དབྱངས་བཞད་རྡོར་ལའོ། །ཡང་སྒྲུབ་ཐབས་གསང་འདུས་དཀྱིལ་ཆོག་དབང་དོན་རབ་གསལ་གཉིས་ཀའི་བརྒྱུད་པ་ནི། རྒྱལ་བའི་དབང་པོ་ཡན་གོང་ལྟར་ལ། དེ་ནས་ཁྱབ་བདག་འཇམ་གྲགས། ཀུན་མཁྱེན་བླ་མ་ཁྲི་རིན་པོ་ཆེ་བློ་གྲོས་རྒྱ་མཚོ། ཡང་ན་པཎ་ཆེན་ནས། དགེ་ལེགས་པ་དགེ་ལེགས་དར་རྒྱས། ཁྲི་རིན་པོ་ཆེ། བདག །ཡང་ན་རྒྱལ་༼མ༽༼ཁྲི༽དབང་༼པ༽རིན་༼སྲེ༽པོ་ཆེ། ༼མེ༽ཀུན་༼༜༽སྤངས་བློ་བཟང་རྣམ་རྒྱལ། པཎ་༼ཁྲི༽ཆེན་༼པ༽བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པ་ལའོ། །ཡང་ན་པཎ་ཆེན་ནས། ཤར་རྩེ་བློ་བཟང་པདྨ། བཀའ་འགྱུར་པ། དེས་བདག །

    འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོག །དམར་ནག་འཇིགས་གསུམ་གྱི་དཀྱིལ་ཆོག་རིན་ཆེན་འཕྲེང་བ་གཉིས་ཀྱི་ལུང་རྒྱུན་ལ། སྲེ་རྟགས་ཅན་ནི་འཇིགས་བྱེད་བསྐྱེད་རིམ་ཁྲིད་རྒྱུན་ལྟར་རོ། །ཁྲི་རྟགས་ཅན་གྱི་རྒྱུད་པ་ནི། རྗེ་རིན་པོ་ཆེ། མཁས་གྲུབ་ཐམས་ཅད་མཁྱེན་པ། རྗེ་ཆོས་ལྡན་རབ་འབྱོར། པཎ་ཆེན་ལུང་རིགས་རྒྱ་མཚོ། པཎ་ཆེན་གྲགས་པ་དོན་གྲུབ། རྗེ་བློ་བཟང་དོན་གྲུབ། སངས་ཡེ། པཎ་ཆེན་རིན་པོ་ཆེ། རྒྱལ་དབང་རིན་པོ་ཆེ། ཁྱབ་བདག་འཇམ་དབྱངས་གྲགས་པ། ཁྲི་རིན་པོ་ཆེ་བློ་གྲོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པ་ལའོ། །ཡང་པ་རྟགས་ཅན་ནི་རྒྱལ་དབང་རིན་པོ་ཆེ། ཀུན་སྤངས་བློ་བཟང་རྣམ་རྒྱལ། བཀའ་འགྱུར་པ་རིན་པོ་ཆེ། དེས་བདག །འདི་ལ་ད་དུང་ཡོད། ཡང་ན་པཎ་ཆེན་རིན་པོ་ཆེ། རྗེ་བསམ་གྲུབ་སྒང་པ། ཁྲི་རིན་པོ་ཆེ། དེས་བདག །ཡང་ན་པཎ་ཆེན། དགེ་ལེགས་དར་རྒྱས། ཁྲི་རིན་པོ་ཆེ། དེས་བདག །ད་དུང་བརྒྱུད་ཚུལ་ཡོད། མ་རྟགས་ཅན་ནི། ཁྱབ་བདག་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ་ཡན་སྔར་ལྟར་ལ། ༼མེ༽དེས་༼སྲེ༽བདག །༼༜༽ནོར་༼ཁྲི༽བུ་༼པ༽མིག་གསུམ་པ་ཅན་ནི། རྒྱལ་བ་ཡབ་སྲས་གཉིས་ཀ་ལ་ཁྲི་རིན་པོ་ཆེ་རྩེས་ཐང་པ། འབྲས་སྤུངས་སྔགས་པ་དཔོན་སློབ་རིན་ཆེན་ཆོས་བཟང་རིན་པོ་ཆེ། དེས་བདག་འཇམ་དབྱངས་བཞད་པ་ལའོ། །

    འཇིགས་བྱེད་དཔའ་གཅིག་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་གྱི་ལུང་ལ། སྲེ་རྟགས་ཅན་ནི་སྲེ་རྒྱུད་ཀྱི་འཇིགས་བྱེད་ཁྲིད་རྒྱུན་ལྟར། ཁྲི་རྟགས་ཅན་ནི། རྗེ་རིན་པོ་ཆེ། ཞྭ་ལུ་ལེགས་པ་རྒྱལ་མཚན། འདུལ་ནག་པ་དཔལ་ལྡན་བཟང་པོ། འཇམ་དབྱངས་དགེ་འདུན་འཕེལ། རྒྱུད་པ་བཀྲ་ཤིས་འཕགས། པཎ་ཆེན་བསམ་གྲུབ་རྒྱ་མཚོ། མཁས་གྲུབ་རྡོ་རྗེ་བཟང་པོ། རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ། པཎ་ཆེན། རྗེ་བསམ་སྒང་པ། ཁྲི་རིན་པོ་ཆེ་བློ་རྒྱམ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །པ་རྟགས་ཅན་ནི་པཎ་ཆེན་ཐམས་ཅད་མཁྱེན་པ། རྒྱལ་བའི་དབང་པོ་རིན་པོ་ཆེ། ཀུན་སྤངས་བློ་བཟང་རྣམ་རྒྱལ། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའོ། །མེ་རྟགས་ཅན་ནི་སྐུ་ཕྱོགས། མེ་རྒན། དེས་བདག །ནོར་བུ་ཅན་ནི་ཡབ་སྲས་གཉིས་ལས། རྩེས་ཁྲི་བ། སྔགས་པ་དཔོན་སློབ་རིན་ཆེན་ཆོས་བཟང༌། དེས་བདག །རྗེ་བསམ་སྒང་པས་མཛད་པའི་དཔའ་གཅིག་མངོན་རྟོགས་དང་དཀྱིལ་མཆོག་གཉིས་ཀྱི་ལུང༌ནི། རྗེ་བསམ་སྒང་པ་བློ་བཟང་ངག་དབང༌། ཁྲི་རིན་པོ་ཆེ་བློ་རྒྱམ། དེས་བདག་འཇམ་དབྱངས་བཞད་པ། འབྲོང་རྩེ་ལྷ་སྲས་ཀྱིས་མཛད་པའི་འཇིགས་བྱེད་བསྐྱེད་རིམ་དངོས་གྲུབ་གཏེར་མཛོད། རྫོགས་རིམ་དངོས་གྲུབ་རྒྱ་མཚོ་གཉིས་ཀྱི་ལུང་རྒྱུན་ནི། ལྷ་བཙུན་རིན་ཆེན་རྒྱ་མཚོ། བློ་གྲོས་རྒྱ་མཚོ་དཔལ་བཟང་པོ། པཎ་ཆེན་བཟང་བཀྲས། པཎ་ཆེན་ཡེ་ཤེས་རྩེ་མོ། པཎ་ཆེན་བསམ་གྲུབ་རྒྱ་མཚོ། མཁས་གྲུབ་རྡོ་རྗེ་བཟང་པོ་ནས་བརྒྱུད་དེ། རྩད་རྩེའི་གྲུབ་ཆེན། དཀའ་ཆེན་བློ་བཟང་དར་རྒྱས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ། བླ་མ་ལྔ་བཅུ་པའི་རྣམ་བཤད་རྗེས་མཛད་པ་ནི། རྗེ་ནམ་མཁའ་རྒྱལ་མཚན། པཎ་ཆེན། དྲུང་པ་བརྩོན་འགྲུས་རྒྱལ་མཚན། མེ་རྒན། དེས་བདག་འཇམ་དབྱངས་བཞད་པ་ལའོ། །ཡང་བཀའ་འགྱུར་པ་ལའང་ཞུས། ཡང་ན་མེ་རྒན། ཁྲི་རིན་པོ་ཆེ་བློ་རྒྱམ། བདག །ཡང་ན་པཎ་ཆེན། གྲུབ་ཆེན་སྙིང་སྟོབས་རྒྱ་མཚོ། ཁྱབ་བདག་འཇམ་གྲགས། ཁྲི་རིན་པོ་ཆེ་བློ་རྒྱམ། དེས་བདག །ཡང་ན་པཎ་ཆེན། འོད་ཟེར་བླ་མ། ཁྱབ་བདག་འཇམ་གྲགས་མན་འདྲ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་རྣམ་བཤད་རྒྱུད་བཤད་ཐབས་ཀྱི་མན་ངག་གསལ་པ། རྣམ་བཞག་རིམ་པའི་རྣམ་བཤད་གསང་འདུས་ཀྱི་གནད་དོན་གསལ་གཉིས་ཀྱི་ལུང་རྒྱུན་ནི། རྗེ་ཙོང་ཁ་པ་ཆེན་པོ། དཀའ་བཞི་པ་དོན་ཡོད་རྒྱལ་མཚན། རོང་སྟོན་བློ་བཟང་གྲགས་པ། མཁས་བཙུན་ཡོན་ཏན་རྒྱ་མཚོ། རྗེ་བློ་གྲོས་རྒྱལ་མཚན། རྗེ་ཕྱོགས་ལས་རྣམ་རྒྱལ། རོང་སྟོན་སོགས་བླ་མ་འདི་བཞི་ལས་གསན་རྒྱ་ཆེ་དེ་དུས་དགེ་ཆོས་ལ་མི་སྣང་བས་ལུང་ཕལ་ཆེར་ལ་འདི་བཞི་འོང་དགོས། རྗེ་སངས་རྒྱས་ཡེ་ཤེས། པཎ་ཆེན་རིན་པོ་ཆེ། བློ་བཟང་བསྟན་པ་དར་རྒྱས། རྗེ་ངག་དབང་བློ་གྲོས། །དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཊཱིཀྐ་ཁྲི་རིན་པོ་ཆེ་གུར་སྨོན་པ་ལའང་གསན་གསུང་བས་རྒྱུད་པའང༌རྒྱུད་འགྲེལ་ལྟར་རོ། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་འདུས་ཀྱི་མན་ངག་སྒྱུ་ལུས་དང་འོད་གསལ་བར་དོ་གསུམ་དང༌། དགྱེས་རྡོར་གྱི་མན་ངག་གཏུམ་མོ་དང་ཕྱག་རྒྱ་གྲངས་གཅིག་སྟེ་བཞི། གདན་བཞིའི་མན་ངག་འཕོ་བ་དང་གྲོང་འཇུག་དྲུག །དཔལ་ནཱ་རོ་ཏ་པས་ལོ་ཆེན་མར་པ་ཆོས་ཀྱི་བློ་གྲོས་ལ་གདམས་པའི་ནཱ་རོ་ཆོས་དྲུག་འདི་ལ་ཆོས་ཀྱི་གྲངས་ཡང་ཆོས་གཉིས་དང་གསུམ་དང་བཞི་དང་དྲུག་དང་བཅུར་བྱེད་ཚུལ་མང་ཡང་དོན་གོང་ལྟར་དང༌། བཀའ་བབས་བཞི་སོགས་བཤད་ཚུལ་མང་ཡང་རྗེའི་བཞེད་པས་བླ་མ་མར་པས། སྒོ་སྲུང་ནཱ་རོ་པཎ་ཆེན་ལ། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་ཐོབ། །བསྲེ་འཕོ་མཚམས་སྦྱོར་གྱི་གདམས་ངག་ཐོབ། །ཁྱད་པར་གཏུམ་མོ་ལས་རྒྱ་ཞུས། །གསུངས་པ་ལྟར། ནཱ་རོ་པས་དགྱེས་རྡོར་གྱི་མན་ངག་གཏུམ་མོ་དང་ལས་རྒྱ། ཡང༌། མར་ནུབ་ལ་ཀྵེ་ཏྲའི་གྲོང་ཁྱེར་དུ། །དཔལ་ཡེ་ཤེས་སྙིང་པོའི་ཞབས་ལ་གཏུགས། །ཕ་རྒྱུད་གསང་བ་འདུས་པ་ཉན། །སྒྱུ་ལུས་འོད་གསལ་གྱི་གདམ་ངག་ཐོབ། །གསུངས་པ་ལྟར་སྒྱུ་ལུས་དང་འོད་གསལ་ནཱ་རོ་པ་དང་ཡེ་ཤེས་སྙིང་པོ་ལ་ཞུས་ཤིང༌། འཕོ་བ་དང་གྲོང་འཇུག་གདན་བཞི་ལ་བརྟེན་པ་སྟེ། དེ་ཡང་ནཱ་རོ་བ་ལ་རྒྱུད་ཁྱད་པར་དུ་འཕགས་པ་བཞི་ལ་བརྟེན་ནས་གདམས་པ་ཁྱད་འཕགས་བཞི་གསན་པ་ཡིན་པས་འདི་ཕ་མའི་རྒྱུད་གཉིས་ཀའི་གདམས་པ་དང་བརྒྱུད་པའང་སོ་སོར་རུང་ཡང་གྲགས་ཚོད་ལྟར་བྱས་ན། རྡོ་རྗེ་འཆང༌། ཏཻ་ལོ། ནཱ་རོ་པ། མར་པ། མི་ལ། སྒམ་པོ་པ། ཕག་གྲུ། རྒྱལ་ཚ་རིན་མགོན། ཀུན་ལྡན་གཙང་པ་རས་ཆུང༌། ཁྲོ་ཕུ་ལོ་ཙྪ། བླ་ཆེན་བསོད་དབང༌། ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་པ་རིན་ཆེན་སེངྒེ་། བུ་སྟོན་རིན་པོ་ཆེ། ཆོས་རྗེ་བླ་མ་དམ་པ། སྤྱན་སྔ་གྲགས་བྱང༌བ། རྗེ་རྒྱལ་བ་གཉིས་པ། མཁས་གྲུབ་ཐམས་ཅད་མཁྱེན་པ། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་རྡོར། རྒྱལ་བ་དབེན་ས་བ། རྗེ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཇམ་དབྱངས་བླ་མ་བློ་བཟང་ཆོས་ལྡན་ཞལ་སྔ་ནས། དེ་ལས་ཆོས་འདིའི་ཉམས་ཁྲིད་ཀླག་ལུང་ཟུང་འབྲེལ་དུ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་ལེགས་པར་མནོས་སོ། །འདི་ནི་ལུང་ཁྲིད་གཉིས་ཀའི་བརྒྱུད་པའོ། །ཡང་ཉམས་ཁྲིད་ཞལ་ཤེས་ཁྱད་པར་ཅན་དང་བཅས་པའི་བརྒྱུད་པ་ནི། རྗེ་བདག་ཉིད་ཆེན་པོ། མཁས་གྲུབ་ཤེར་སེང༌། འདུལ་ནག་པ་དཔལ་ལྡན་བཟང་པོ། འཇམ་དབྱངས་དགེ་འདུན་འཕེལ་བ། རྡོ་རྗེ་འཆང་བཀྲ་ཤིས་འཕགས་པ། པཎ་ཆེན་བསམ་གྲུབ་རྒྱ་མཚོ། རྒྱུད་ཆེན་བརྩོན་འགྲུས་འཕགས། ཡང་རྗེ་ཤེར་སེང༌། རྒྱུད་ཆེན་སྦྱིན་པ་དཔལ། རྒྱུད་ཆེན་ཚུལ་ཁྲིམས་བཟང་པོ། རྩེ་བ་ཤེར་བཟང༌། རྡོ་རྗེ་འཆང་ཆོས་སྐྱོངས་རྒྱ་མཚོ། རྒྱུད་ཆེན་བརྩོན་འགྲུས་འཕགས། མཁས་གྲུབ་རྡོ་རྗེ་བཟང་པོ། རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་གྱིས་བདག་འཇམ་དབྱངས་བཞད་རྡོར་ལ་དགྱེས་བཞིན་དུ་བསྩལ་ལོ། །ཡང་ཉེ་བརྒྱུད་གཅིག་ལ་འགྲོ་མགོན་རིན་པོ་ཆེ་ལ། རྒྱལ་ཚྭ་ཀུན་ལྡན་གཉིས་ཀས་ཐུགས་ཤིང༌། དེ་གཉིས་ལ་ཁྲོ་ཕུ་ལོ་ཙྪ་པས་ཞུས། དེ་མན་འདྲ། གཉིས་པ་འཇིགས་བྱེད་ཀྱི་སྐོར་ནི། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ལས། གདུལ་དཀའ་རྣམས་ནི་འདུལ་བའི་ཕྱིར། །འཇམ་དཔལ་ཉིད་ནི་ཁྲོ་བོར་གྱུར། །ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ལག་ཆ་ཐམས་ཅད་ཐང་ལ་ལྷུང༌། །བརྒྱལ་ཞིང་ས་ལ་རབ་ཏུ་འགྱེལ། །ཞེས་གསུངས་པའི་ཕྱིར། སྤྱིར་ཁྲོ་བོ་ཐམས་ཅད་ཀྱི་ནང་ནས་གཤིན་རྗེ་སྟོབས་ཆེ་ལ། གཤིན་རྗེའི་ནང་ནས་འཇིགས་བྱེད་མཐུ་སྟོབས་ཆེ་སྟེ། དཔལ་སྟོབས་པོ་ཆེའི་རྒྱུད་ལས། ཁྲོ་བོའི་ནང་ནས་གཤིན་རྗེ་གཙོ། །གཤིན་རྗེའི་ནང་ནས་འཇིགས་བྱེད་མཆོག །འཇིག་རྟེན་གསུམ་ན་སྟོབས་ཆེ་ཡང༌། །འཇིགས་བྱེད་ཀྱིས་ནི་མི་ཐུལ་མེད། །ཅེས་གསུངས་པ་དང༌། བྱིན་རླབས་གཏེར་གྱུར་མ་ཧེའི་ཞལ་ཅན་གྱི། །བཅུ་གསུམ་ལྷ་ཡི་འཁོར་ལོའི་སྒྲུབ་ཐབས་འདི། །ཞེས་གསུངས་པ་ལྟར

    དབང་བརྒྱུད་ནི། རྡོ་རྗེ་འཇིགས་བྱེད་.....ཤྲཱི་བཛྲ་བྷཻར་བ། ཡེ་ཤེས་མཁའ་འགྲོ་མའམ་ཡུམ་རྡོ་རྗེ་རོ་ལངས་མ།.....ཛྙཱ་ན་སྱ་ཌཱ་ཀི་ནཱིའམ་བཛྲ་བཻ་ཏ་ལེ། རོལ་པའི་རྡོ་རྗེ།.....མ་ཧཱ་སིདྡྷ་ལཱ་ཏི་བཛྲ། རྡོ་རྗེ་གདན་པ་དོན་ཡོད་རྡོ་རྗེ་ཆེ་བ།.....མ་ཧཱ་སིདྡྷ་མོ་གྟ་བཛྲ། པཎ་གྲུབ་ཡེ་ཤེས་འབྱུང་གནས་སྦས་པ།.....ཛྙཱ་ནཱ་ཀ་ར་ཀུཔྟ། གྲུབ་ཆེན་པདྨ་རྡོ་རྗེ།.....མཧཱ་སིདྡྷ་པདྨ་བཛྲ། བླ་མ་བལ་བོ་བྷ་རོ་ཕྱག་རྡུམ་མམ་སྣང་མཛད།.....དཱི་བཾ་ཀ་ར་རཀྵི་ཏ། སྲུང་པའམ་མར་མེ་མཛད་བསྲུང་པ། བྷ་རོ་དང་ཐུགས་རྗེ་ཆེན་པོ་མི་གཅིག་པར་བཞེད་པ་ལེགས་པར་སེམས། རྭ་ལོ་ཆེན།.....མ་ཧཱ་ལོ་ཙྪ་བཛྲ་ཀིརྟི། རྡོ་རྗེ་གྲགས།.....རབ་བྱུང༌། རྭ་ལོ་ཙྪ་པ་ཆོས་རབ།.....ལོ་ཙྪ་པྲ་དྷཱརྨཱཿ རྭ་ཡེ་ཤེས་སེངྒེ་།.....ཛྙཱ་ན་སིདྷ་།.....སྔགས་པ་གོས་དཀར་ལྕང་ལོ་.....རྭ་འབུམ་སེང༌། རོང་པ་རྒ་ལོ་རྣམ་རྒྱལ་རྡོ་རྗེ།.....ལོ་ཙྪ་བི་ཛ་ཡ་བཛྲ.....སྔགས་དཀར་ཅོ་བྲེག།།འདི་ཁམས་པ་རྒ་ལོའི་སྐྱེ་བར་གྲགས་པས་དེ་ལྟར་ཐོགས་གསུངས། དེ་སྲས་རོང་བ་ཤེས་རབ་སེངྒེ་།.....པྲ་ཛྙཱ་སིདྷ། སྨན་དགེ་བ་ཡེ་ཤེས་དཔལ།.....གུ་རུ་ཛྙཱ་ན་ཤྲཱི། ཆོས་རྗེ་དོན་གྲུབ་རིན་ཆེན།.....དྷཱདྷཱརྨཱ་སྭ་མྱ་རྠ་སིདྡྷི་རཏྣ། ཆོས་ཀྱི་རྒྱལ་པོ་འཇིགས་མཛད་རྡོ་རྗེའི་རྣམ་འཕྲུལ་རྒྱལ་བ་གཉིས་པ། མཁས་གྲུབ་དགེ་ལེགས་དཔལ་བཟང༌། མཁས་གྲུབ་ཤེས་རབ་སེངྒེ་། རྒྱུད་ཆེན་སྦྱིན་པ་དཔལ་བ།.....མ་ཧཱ་ཏཱནྟྲ་དྡྷ་ར་དཱ་ན་ཤྲི། རྩེ་པ་ཤེས་རབ་བཟང་པོ།.....བྲཱཛྙ་བྷ་དྲ། རྡོ་རྗེ་འཆང་ཆོས་སྐྱོངས་རྒྱ་མཚོ།.....བཛྲ་དྷཱ་ར་དྷཱརྨཱ་པཱ་ལ་ས་ག་ར། དྭགས་པོ་ནམ་མཁའ་གྲགས།.....སྭ་མི་ཁ་ཀིརྟི། རྗེ་ཉི་མ་བཀྲ་ཤིས།.....སྭ་མི་སུརྱ་མངྒ་ལཾ། ཆོས་རྗེ་བདེ་ལེགས་ཉི་མ།.....དྷཱརྨ་སྭ་མི་སྭསྟི་སུརྱ། ཤར་ཆེན་ནམ་མཁའ་རྒྱལ་མཚན།.....ཨ་ཀ་ཤ་དྷྭ་ཛ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཁམས་གསུམ་རྣམ་འདྲེན་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་རིན་པོ་ཆེ། དེ་ལས་རྡོ་རྗེ་འཆང་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པའི་ཞལ་སྔ་ནས་དང༌། རིགས་བརྒྱའི་ཁྱབ་བདག་རྩ་བའི་བླ་མ་འཇམ་མགོན་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས་དང༌། རྡོ་རྗེ་འཆང་ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་འཕྲིན་ལས་རྒྱ་མཚོ་གསུམ་གྱིས་གསན། དེ་གསུམ་ལས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་རྗེའི་མངོན་དཀྱིལ་གཉིས་དང་དེའི་ལྷན་ཐབས་གསུམ་སོགས་ཤེར་འབྱུང་དབང་ཊཱིཀ་རྣམས་གུང་བསྒྲིགས་པའི་དབང་བཞི་རིམ་བཞིན་གསུམ་དང་གཉིས་དང་བཞི་སོགས་ལེགས་པར་ཞུས་སོ། །ཡང་ཁྱབ་བདག་འཇམ་གྲགས། པཎ་ཆེན་བཀའ་འགྱུར་པ། དེས་བདག་ལའོ། །ཡང་ན་མཁས་གྲུབ་རྗེ་ནས། འཕགས་མཆོག་དོན་གྲུབ་རིན་ཆེན། པཎ་ཆེན་ངོ་མཚར་རྒྱ་མཚོ། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། རྗེ་ནམ་མཁའ་བཟང་པོ། རྗེ་ཕ་བོང་ཁ་བ་མན་འདྲ། ཡང་ན་རོང་པ་ཤེར་སེང་ནས། བླ་མ་བསོད་ནམས་ལྷུན་གྲུབ། ཆོས་རྗེ་དོན་གྲུབ་རིན་ཆེན་མན་འདྲ། ཡང་ན་རོང་པ་ཤེར་སེང་ནས། བླ་མ་དཔལ་ལྡན་སེངྒེ་། བུ་སྟོན་ཐམས་ཅད་མཁྱེན་པ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། མཁན་ཆེན་ལྕགས་རི་པ། མཁན་ཆེན་གྲགས་པ་ཤེས་རབ། རྗེ་སངས་རྒྱས་རིན་ཆེན། པཎ་ཆེན་ངོ་མཚར་རྒྱ་མཚོ་མན་གོང་བཞིན། ཡང་དབེན་ས་ཆེན་པོ་ནས་བརྒྱུད་ཚུལ་ནི གཉིས་པ་མ་རྒྱུད་ལའང་དུས་འཁོར་བདེ་དགྱེས་མ་ཧཱ་མཱ་ཡ་གདན་བཞི་སོགས་ཟབ་ལ་རྒྱ་ཆེ་བ་མང་དུ་ཡོད་པའི་ནང་ནས་མཆོག་ཏུ་གྱུར་པ་ནི་དཔལ་འཁོར་ལོ་བདེ་མཆོག་ཡིན་ཏེ། རྗེ་བདག་ཉིད་ཆེན་པོས། རྒྱལ་བའི་གསུང་རབ་ཀུན་གྱི་མཐར་སོན་པ། །རྣལ་འབྱོར་ཆེན་པོ་བླ་ན་མེད་པ་ཡི། རྣལ་འབྱོར་མ་རྒྱུད་ཀུན་གྱི་གཙོ་བོ་ནི། །འཁོར་ལོ་སྡོམ་པའི་རྒྱུད་ཅེས་བྱ་བར་གྲགས། །ཞེས་གསུངས་ལ་དེའི་རྒྱུ་མཚན་ཡང་རྩ་རྒྱུད་ལས། འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །རྣལ་འབྱོར་ཆེ་ལ་གང་ཞིག་སྡང༌། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ཏེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་འདིའི་རྣལ་འབྱོར་པ་ལ་སྡང་བའི་ཉེས་དམིགས་དང༌། ཡང་རྩ་རྒྱུད་ལས། རྣལ་འབྱོར་ཆེ་མཆོག་དཔའ་བོ་ནི། །ཡུལ་ཕྱོགས་གང་ན་གནས་གྱུར་པ། །རིགས་ངན་ཀླ་ཀློ་ཡིན་ན་ཡང༌། །ཡུལ་དེ་ཡོངས་སུ་བརྟགས་པ་སྟེ། །སེམས་ཅན་ཡོངས་སུ་བཟུང་བའི་རྒྱུར། །དེ་རུ་ང་ནི་རྟག་པར་གནས། །ཞེས་འདིའི་རྣལ་འབྱོར་པ་ཚད་ལྡན་རིགས་ངན་སོགས་ཡིན་ཀྱང་དེ་གང་ན་གནས་པའི་ཡུལ་ཕྱོགས་དེར་ཧེ་རུ་ཀ་ང་སེམས་ཅན་གདུལ་བྱ་རྗེས་སུ་བཟུང་བའི་ཕྱིར་དུ་དུས་རྟག་ཏུ་གནས་ནས་བྱིན་གྱིས་རློབ་ཅེས་རྡོ་རྗེའི་བཀས་ཞལ་གྱིས་བཞེས་པར་མ་ཟད་འཁོར་གྱི་རྣལ་འབྱོར་མ་བཞི་ནས་སྒོ་མཚམས་མ་བརྒྱད་ཀྱི་བར་རེ་རེས་ཀྱང་སྒྲུབ་པ་བོ་ལ་དངོས་གྲུབ་སྩོལ་ཚུལ་ཡང༌། རྗེ་བླ་མས། བརྩེ་བས་བསྐྱོད་པའི་རྫུ་འཕྲུལ་ཤུགས་ཀྱིས་ནི། །ལམ་འདིའི་སྒྲུབ་པ་པོ་ནི་གང་ན་གནས། །དེར་ནི་བྱོན་ནས་རྟག་ཏུ་གྲོགས་མཛད་པ། །སྙིང་པོའི་རྣལ་འབྱོར་མ་ལ་བདག་ཕྱག་འཚལ། །པུལླི་ར་སོགས་གནས་མཆོག་ཉེར་བཞི་ན། །སྤྲུལ་པའི་སྐུ་ཡི་སྣང་བ་མ་བསྡུས་པར། །སྒྲུབ་པ་པོ་ལ་རྟག་ཏུ་བྱིན་བརློབ་པའི། །དཔའ་བོ་རྣལ་འབྱོར་མ་ཡིས་བྱིན་གྱིས་རློབས། །བསམ་མི་ཁྱབ་ཀྱི་མཐུ་སྟོབས་ཆེན་པོ་ཡིས། །སྒྲུབ་པ་པོ་ལ་འཚེ་བའི་བགེགས་འཇོམས་པ། །སྒོ་མཚམས་མ་ལ་གུས་པས་བདག་འདུད་ཀྱིས། །མངོན་པར་འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཅེས་དང༌། ལྷག་ཏུ་སྙིགས་དུས་སུའང་བྱིན་རླབས་ཆེས་ཆེ་བ་དེའི་རྒྱུ་མཚན་ཡང༌། དུས་ཞབས་པ་ཆེན་པོ་དཔལ་སྲེ་རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོའི་གསུང་ལས། སྐུ་བཞིའི་ཁམས་ལྡན་རིན་ཆེན་ལྷུན་པོའི་སྟེང༌། །སྔོན་བྱུང་དཀྱིལ་འཁོར་འཁོར་ལོའི་བཀོད་པ་དེ། །ད་དུང་བརྟན་པར་བཞུགས་པའི་རྟེན་འབྲེལ་དང༌། །ཉེར་བཞིའི་ཡུལ་དུ་གནས་གསུམ་མཁའ་འགྲོའི་ཚོགས། །ད་ལྟ་དངོས་སུ་བཞུགས་པའི་གཟི་བྱིན་གྱིས། །དུས་མཐའ་འདིར་ཡང་བྱིན་རླབས་མི་ཉམས་ཤིང༌། །ཕུན་ཚོགས་དབྱར་དུས་ཆུ་མཚོ་ལྟར་རྒྱས་པ། །དཔལ་ལྡན་འཁོར་ལོ་སྡོམ་པའི་རྩ་བཤད་ཀྱི། །རྒྱུད་ཅེས་གསུངས་པས་གཞན་ཡང་སྡིག་སྒྲིབ་མེས་རྩ་ལྟར་མཚན་ཙམ་གྱིས་ཀྱང་གཞོམ་པ་སོགས་དང༌། ཚེ་འདིར་མཆོག་མ་གྲུབ་པ་དག་ཀྱང་ཆོས་ཀྱི་འཁོར་སྒྱུར་དུ་སྐྱེ་བ་དང༌། རྣམ་གཡེང་ཆེ་ཡང་དམ་ཚིག་ལྡན་ན་འཆི་ཚེ་ཧེ་རུ་ཀ་འཁོར་བཅས་ཀྱིས་བསུས་ནས་ཕྱི་ནང་གི་འཁྲིད་པ་སོགས་ཕན་ཡོན་མཐའ་ཡས་ཏེ། རྩ་རྒྱུད་ལས། མི་མཆོག་གང་ཞིག་ཀུན་སྤྱོད་པ། །སྡིག་པ་ཐམས་ཅད་རྣམ་དག་པས། །དེ་བཞིན་གཤེགས་པའི་ས་འཐོབ་ཅིང༌། །སྐྱེ་དང་སྐྱེ་བར་བདེར་གཤེགས་ཀྱི། །རིགས་སྐྱེ་རྒྱལ་པོ་ཆོས་ལྡན་འགྱུར། །ཞེས་པ་ནས། དེ་བཞིན་ཤྲཱི་ཧེ་རུ་ཀ་ཡི ཚན་གྱིས་སྡིག་པ་འཇིགས་པར་འགྱུར། །བསམ་གཏན་བསམ་པ་ཙམ་གྱིས་སམ། །ཀློག་ཅིང༌ཁ་དོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་གྱུར་པའམ། །ཡང་ན་འཁོར་ལོས་སྒྱུར་བ་ཐོབ། །རྣལ་འབྱོར་པ་རྣམས་འཕོ་ཚེ་དཔལ། །ཁྲག་འཐུང་སོགས་དཔའ་རྣལ་འབྱོར་མ །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང༌། །རོལ་མོའི་སྒྲ་ནི་སྣ་ཚོགས་དང༌། །ཀླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་པ་ལྟར་གྱི་འཁོར་ལོ་སྡོམ་པའི་སྐོར་ལ་སྤྱིར་འདི་ལ་མང་དུ་ཡོད་ཀྱང་གཙོ་བོ་ལཱུ་ནག་དྲིལ་གསུམ་གྱི་ལུགས་སུ་གྲགས་པ་དང་དེའི་ནང་ནས་ཀྱང་བདེ་མཆོག་དགོངས་འགྲེལ་དང་དེའི་གྲུབ་ཆེན་གྱི་མན་ངག་ཀུན་གྱིས་རྩ་བ་ནི་རྡོ་རྗེའི་ཚིག་སྦྲམ་ལས། འཕགས་པའི་ཡུལ་གྱི་མཁས་པའི་སྐྱེ་བོ་ཡིས། །བདེ་མཆོག་དགོངས་འགྲེལ་རྣམས་ཀྱི་རྩ་བ་ནི། །དཔལ་ལྡན་ལཱུ་ཨི་པ་ཡི་ལུགས་སུ་གྲགས། །ཞེས་གསུངས་པ་ལྟར་མཆོག་བརྙེས་པའི་གྲུབ་ཆེན་ལཱུ་ཨི་པའམ་ཉ་ལྟོ་པར་གྲགས་པ་གྲུབ་ཆེན་ཀུན་ཏུ་དགེས་པའི་ཞབས་ཀྱི་ལུགས་ལའང་སྨིན་བྱེད་དབང་བཀའ། གྲོལ་བྱེད་རིམ་གཉིས་ཀྱི་ཁྲིད། རྒྱབ་རྟེན་ལུང་གི་སྐོར་གསུམ་ལས། དང་པོ་ལ་གྲུབ་ཆེན་འདིས་རྩ་བཤད་ཀྱི་རྒྱུད་དོན་ལེགས་པར་བཀྲལ་བའི་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྐྱིད་ཤོད་སྤྲུལ་པའི་སྐུ་རིན་པོ་ཆེ་ནས་རྗེའི་མངོན་རྟོགས་བདེ་ཆེན་གསལ་བ་མཁས་གྲུབ་རྗེས་དེའི་དཀྱིལ་ཆོག་བདེ་ཆེན་རོལ་མཚོ་དང༌། རྗེ་འདུལ་འཛིན་གྱི་དཀྱིལ་ཆོག་དབེན་སའི་ལྷན་ཐབས་རྣམས་གུང་བསྒྲིགས་ནས་དབང་བཞི་ཉིན་གཉིས་མ་ཤིན་ཏུ་སྨིན་རྒྱས་དང༌། འཇམ་དབྱངས་བླ་མ་ཧོར་ནོ་མོན་ཧན་གྱི་ཞབས་དྲུང་ནས་རས་བྲིས་ཀྱི་སྟེང་ནས་རྗེའི་མངོན་རྟོགས་དང་དེའི་ལྷན་ཐབས་དང༌དཀྱིལ་ཆོག་བདེ་ཆེན་རོལ་མཚོ་གཞིར་བཞག་ནས་དབང་བཞི་ཉིན་གཉིས་མ་ལན་བཞི་ཕྱག་གཡོག་ཞུས་ནས་ལེགས་པར་ནོད་པའི་བརྒྱུད་པ་བཀའ་བབས་དགུ་ལྡན་ལས། དང་པོ་ས་ལུགས་ཀྱི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། རྒྱལ་སྲས་ཕྱག་ན་རྡོ་རྗེ། བྲམ་ཟེ་ཆེན་པོ་ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། དཔལ་ལྡན་ཤ་ཝ་རི་དབང་ཕྱུག་གམ་རི་ཁྲོད་དབང་ཕྱུག །གྲུབ་ཆེན་ལཱུ་ཨི་པ། གྲུབ་ཆེན་དྷ་རི་ཀ་པ། གྲུབ་ཆེན་རྡོ་རྗེ་དྲིལ་བུ་བ། གྲུབ་ཆེན་རུས་སྦལ་ཞབས་སམ་ཀུརྨ་བཱ་ད། གྲུབ་ཆེན་ཛ་ལནྡྷ་ར། གྲུབ་ཆེན་ནག་པོ་སྤྱོད་པ། གྲུབ་ཆེན་གུ་ཧྱ་པ། རྣལ་འབྱོར་དབང་ཕྱུག་རྣམ་པར་རྒྱལ་པ། གྲུབ་ཆེན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་ཏ་པ། ཕམ་མཐིང་པ་འཇིགས་མེད་གྲགས་པ། གཅུང་ངག་གི་དབང་ཕྱུག །ཀློག་སྐྱ་བ་ཤེས་རབ་བརྩེགས་སམ་པྲཛྙཱ་ཀུ་ཌ། མལ་གྱོ་ལོ་ཙཱ་པ་བློ་གྲོས་གྲགས། ས་ཆེན་ཀུན་དགའ་སྙིང་པོའམ་རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེའམ་རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། འུ་ཡུག་པ་བསོད་ནམས་སེངྒེ་། དབུས་པ་སློབ་དཔོན་སངས་རྒྱས་འབུམ་པ། ལོ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེངྒེ་། ཀུན་མཁྱེན་ཆེན་པོ་བུ་སྟོན་རིན་ཆེན་གྲུབ། མཁས་གྲུབ་ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། ཆོས་སྒོ་པ་པུཎྱ་ཤྲཱི། རྗེ་འབྲོམ་སྟོན་ཤེར་འབྱུང་བློ་གྲོས། མཁས་བཙུན་ཡོན་ཏན་རྒྱ་མཚོ།.....དེ་ནས་འཇམ་དབྱངས་འོད་ཟེར་བཟང་པོ། ཤིན་ཏུ་ངོ་མཚར། ཞེས་ནོར་བུ་དགའ་ལྡན་དཔེ་རྙིང་ཁྲོད་ནས་པཎ་ཆེན་ཡེ་ཤེས་རྩེ་མོའི་རྣམ་སྲས་བསྐང་བསྐུལ་གྱི་མཇུག་ན་བྲིས་འདུག་པ་ལྟར་འདི་ཡན་དེ་བཞིན་བྱས་འདི་གཞིར་བྱས་འདི་མན་ཆད་སྐྱིད་ཤོད་ཞབས་དྲུང་གསུང་འཕྲོས་ལྟར་ཡིན་ནོ། །རྗེ་བློ་གྲོས་རྒྱལ་མཚན། རྗེ་ཕྱོགས་ལས་རྣམ་རྒྱལ། རྗེ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས་ཆོས་དབང་གྲགས་པའི་སྡེ་དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་དགྱེས་བཞིན་དུ་གནང་ངོ༌། །ཡང་པཎ་ཆེན་ཐམས་ཅད་མཁྱེན་པ་ཡན་ཆད་སྔར་ལྟར་ལ། དེ་ནས་མཁས་གྲུབ་ཆེན་པོ་གུང་རུ་སངས་རྒྱས་བཀྲ་ཤིས། དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་རྗེ་བསམ་སྒང་པ་བློ་བཟང་ངག་དབང༌། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་དཔལ་ཧེ་རུ་ཀ་དང་དབྱེར་མེད་པ་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་ངག་དབང་འཕྲིན་ལས་རྒྱ་མཚོའི་ཞལ་སྔ་ནས། དེས་བདག་འཇམ་དབྱངས་བཞད་པ་ལ་དགྱེས་བཞིན་དུའོ། །འདི་ནི་འཁྲུལ་བ་མེད་པའི་བརྒྱུད་ཚུལ་ཡང་དག་གཅིག་སྟེ་ཤིན་ཏུ་གཅེས་པར་བྱའོ། །ཡང་ན་རྗེ་རིན་པོ་ཆེ། འཇམ་དབྱངས་ཁ་ཆེ་བ་པུ་ཎྱ་ཤྲཱི། རྗེ་ཤེར་འབྱུང་བློ་གྲོས། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ། ར་ཚག་མཁས་གྲུབ་པ་བློ་བཟང་ཨེ་ཝམ། ཁྲི་རིན་པོ་ཆེ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། ཀུན་མཁྱེན་ཆེན་པོ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན། པཎ་ཆེན་ཐམས་ཅད་མཁྱེན་པ་མན་སྔར་ལྟར་རོ། །འདི་ཡང་བདག་གི་ཡོངས་འཛིན་ཆེན་པོ་འཇམ་དབྱངས་ཁ་ཅིག་གི་བཞེད་པ་དེ་ཤིན་ཏུ་ལེགས་པར་གོ་སྟེ། རང་རེ་དགེ་ལུགས་ངོས་ལ་བདེ་མཆོག་སྐོར་གྱི་དབང་བཀའ་ལ་བརྒྱུད་ཚུལ་གཉིས་པོ་འདི་དག་ཁོ་ན་མང་པར་མཐོང་བའི་ཕྱིར་རོ། །ཡང་ན་རྗེ་བདག་ཉིད་ཆེན་པོ། མཁས་གྲུབ་ཐམས་ཅད་མཁྱེན་པ་ཆེན་པོ། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་རྡོ་རྗེ། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་མཁྱེན་པ་མན་འདྲ་སྟེ། དབེན་ས་ལུགས་པ་འདི་ལ་ཤིན་ཏུ་མོས་པར་སྣང་ངོ༌། །ཡང་བེན་སེར་དྲུང་ཆེན། རྗེ་གུང་རུ་སངས་རྒྱས་བཀྲ་ཤིས། རྗེ་བསམ་སྒང་པ་བློ་བཟང་ངག་དབང་མན་འདྲ། ཡང་ན། ས་པཎྜི་ཏ་ནས། དམར་ཆོས་ཀྱི་རྒྱལ་པོ། མི་ཉག་ཆོས་རྒྱལ། མི་ཉག་རྡོར་གྲགས། ལྕེ་མདོ་སྡེ་སེངྒེ་། སྟོན་ཤཱཀ། །ལྕེ་བློ་ལྡན། འཕགས་འོད། བུ་རིན་པོ་ཆེ་མན་འདྲ། ཡང་ན་ས་པཎ། བོ་དོང་རིན་པོ་ཆེ། ཁྲོ་ཕུ་རིན་པོ་ཆེ། བླ་མ་དཔལ་ལྡན་སེངྒེ་། ཀུན་མཁྱེན་བུ་མན་འདྲ། བཀའ་བབས་གཉིས་པ་མར་དོ་ལུགས་ཀྱི་རིང་བརྒྱུད་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལཱུ་ཨི་པ། ཌྷེཾ་ཀི་པ། པཎ་གྲུབ་དབང་པོ་ལ་ཝ་པ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀ་ཙ་ཊ་པ། གྲུབ་ཆེན་དྲིལ་བུ་པ། རུས་སྦལ་ཞབས། ཛཱ་ལནྡྷ་རི་པ། ནག་པོ་སྤྱོད་པ། ཀུ་ཤ་ལ་ནཱ་ཐའམ་དགེ་བའི་མགོན་པོ། ཏཻ་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི་ཛྙཱ་ན། བལ་པོ་བྷ་དན་དྷ།.....སུ་མ་ཏི་ཀཱི་ཏི་དང་གཅིག་ཟེར། མར་པ་དོ་པ་ཆོས་ཀྱི་དབང་ཕྱུག །གཟེ་བ་བློ་ལྡན་སེངྒེ་། གཟེ་བ་བདེ་མཆོག་རྡོ་རྗེ།.....གཟི་བ་ཇོ་བདེ་ཡང་ཟེར། སློབ་དཔོན་ཁུ་པ། ཁམས་པ་ལྷོ་ཚད་པ་ཀུན་དགའ་རིན་ཆེན། ལོ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེངྒེ་། བུ་རིན་པོ་ཆེ། ཁྱུང་ལྷས་པ། རྗེ་བདག་ཉིད་ཆེན་པོ་མན་འདྲ། བཀའ་བབས་གསུམ་པ་མར་དོ་ལུགས་ཀྱི་ཉེ་བརྒྱུད་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལ་ཝ་པ། ལ་ཀི་མི་པ། འབར་བའི་གཙོ་བོ། དགེ་བའི་གཙོ་བོ། ཀུ་ཤ་ལ་ནཱ་ཐ་མན་འདྲ། བཀའ་བབས་བཞི་པ་ཇོ་པོ་ལུགས་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལཱུ་ཨི་པ། སློབ་དཔོན་དྷརི་ཀ་བ། ཏཻ་ལོ་པ། ནཱ་རོ་པ། རཏྣ་ཨཱ་ཀ་ར་ཤཱནྟིའམ་རིན་ཆེན་འབྱུང་གནས་ཞི་བ་སྟེ་པ་ཤནྟི་པའི་མཚན་ནོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའམ་ཕུལ་བྱུང་པ། རོང་པོ་འགར་དགེ །.....དགེ་བསྙེན། ལྷ་རྗེ་སྟོད་པ་ཚུལ་ཁྲིམས་དཔལ།.....སྔགས་དཀར། སྟེང་པ་ཐུགས་རྗེ་ཟླ་གསལ། འདི་གཉིས་ལ་སྟེང་ཤོད་ཞལ་གཉིས་ཟེར།.....ཤོད་ཉི་མ་ཁ་དྲོ། གཅེན་ཤེས་རབ་རྒྱལ་པོ།.....འདི་གཉིས་ལ་རྗེ་ཆེ་བ་དང་ཆུང་བ་ཟེར།.....གཅུང་ཤེས་རབ་གཙུག་ཏོར། ལྷ་རྗེ་ཆེན་པོ་དྷཱརྨ་ཙཀྲ།.....སྔགས་པ་སེ་པོ། ཐང་སྟོད་པ་ཆོས་འོད།.....རབ་བྱུང་སེ་པོ། ཞིང་ཆེན་པ་གྲགས་པ་དཔལ།.....བོད་བཙུན་གྲྭ་ཐེར་སེ་པོ། བདེ་བར་གཤེགས་དཔལ།.....བོད་བཙུན། བླ་མ་སྒོམ་པ་ཡེ་ཤེས། .....བཙུན་པ། བྱེར་ཕུག་བ་སྒོམ་ཡེ་དང་གཅིག་འདྲ་གསུང༌། བླ་མ་གྲགས་ཆེན།.....དོན་རི་བ།.....བཙུན་པ་བྱར་བུ་བ། ཀུན་མཁྱེན་འཕགས་འོད། བུ་རིན་པོ་ཆེ། ཁྱུང་ལྷས་རིན་པོ་ཆེ། ཁམས་གསུམ་རྣམ་འདྲེན་རྗེ་རིན་པོ་ཆེ་མན་འདྲ། བཀའ་བབས་ལྔ་པ་ཁ་ཆེ་པཎ་ཆེན་ལུགས་ཀྱི་ཉེ་བརྒྱུད་ནི། ཙཀྲ་སམ་ཝ་རའམ་འཁོར་ལོ་བདེ་མཆོག །བཛྲ་ཝ་ར་ཧཱིའམ་རྡོ་རྗེ་ཕག་མོ། རི་ཁྲོད་ཞབས་སམ་ཤ་ཝ་རི། ཀྲནྟ་པ། འདྲེན་མཛད་ཞབས། བིཀྵ་ཏ་དེ་བ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བི་བྷཱུ་ཏི་ཙནྡྲ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་བཟང་པོ། མངའ་རིས་ཟེ་དམར་པ་སངས་རྒྱས་ཡེ་ཤེས། བུ་སྟོན་ཐམས་ཅད་མཁྱེན་པ། མཁས་གྲུབ་ཁྱུང་ལྷས་པ། རྗེ་བདག་ཉིད་ཆེན་པོ་མན་འདྲ། ཡང་ན་བི་བྷཱུ་ཏི་ཙནྡྲ་ནས། མངའ་རིས་སངས་རྒྱས་ཡེ་ཤེས་མན་འདྲ། ཡང་ན་ཁ་ཆེ་པཎ་ཆེན་ནས། སྤྱི་བོ་ལྷས་པ་སེངྒེ་དཔལ། ཞིང་ཕྱ་རུ་པ། འབྲོ་ལུང་པ། རིན་པོ་ཆེ་ཁྲོ་ཕུ་པ། ཡང་རྩེ་བ་རིན་ཆེན་སེངྒེ་། བུ་སྟོན་མན་འདྲ། བཀའ་བབས་དྲུག་པ་ཁ་ཆེ་པཎ་ཆེན་ལུགས་ཀྱི་རིང་བརྒྱུད་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། དྷ་རི་ཀ་པ། དགའ་བ་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། མཁས་གྲུབ་ཆེན་པོ་ཨ་བྷྱ་ཀ་ར། དེ་ཝ་པཱུརྞ། ཁ་ཆེ་པཎ་ཆེན་མན་འདྲ། ཡང་ཤིན་ཏུ་ཉེ་བརྒྱུད་ནི། འཁོར་ལོ་སྡོམ་པ། པཎ་ཆེན་ཤཱཀྱ་ཤྲཱི་མན་འདྲ། བཀའ་བབས་བདུན་པ་པུ་རང་ལོ་ཆུང་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། གྲུབ་ཆེན་ལཱུ་ཨི་པ། ཌྷེཾ་ཀི་པ། དྷ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། ཛཱ་ལནྔྷ་རི་པ། སློབ་དཔོན་ནག་པོ་སྤྱོད་པ། དགེ་བའི་མགོན་པོ། རུས་སྦལ་ཞབས། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་ཏ་པ། མ་ན་ཀ་ཤྲཱི། པྲཛྙཱ་རཀྵི་ཏའམ་ཤེས་རབ་སྲུང་བ། ཕམ་མཐིང་པ་འཇིགས་མེད་གྲགས་པ།.....འདི་གསུམ་ལ་ཕམ་མཐིང་པ་གསུམ་ཟེར།.....ཕམ་མཐིང་ངག་དབང་གྲགས་པ། ཕམ་མཐིང་པ་བྷ་དནྟ། པུ་རང་ལོ་ཆུང་གྲགས་མཆོག་ཤེས་རབ།.....འདི་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་གསུངས། དམར་ཆོས་ཀྱི་རྒྱལ་མཚན། མངའ་རིས་སྟོན་པ་དཀོན་མཆོག་འབར། ཐུར་ལ་བ་ཚུལ་ཁྲིམས་སྐྱབས། ཐང་སྦེ་པ་འཕགས་སྐྱབས། སེ་སྡིངས་པ་གཞོན་ནུ་འོད། བླ་མ་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་རིན་པོ་ཆེ། ཁྱུང་ལྷས་རིན་པོ་ཆེ། རྗེ་རིན་པོ་ཆེ་མན་འདྲ། །ཡང་ན་དམར་ཆོས་རྒྱལ་ནས། མེ་ཉག་ཆོས་རྒྱལ། མེ་ཉག་རྡོ་རྗེ་གྲགས། ལྕེ་མདོ་སེང༌། བླ་མ་སྟོན་ཤཱཀ །བློ་ལྡན་སེངྒེ་། འཕགས་འོད་མན་འདྲ། ཡང་ན་མན་ཀ་དང༌། པྲཱཛྙ་རཀྵི་ཏ་གཉིས་ལ་ཀ་ན་ཀ་ཤྲཱིས་གསན། དེ་དང་ཕམ་མཐིང་པ་གཉིས་ཀ་ལ་བྷ་དནྟ། དེ་ནས་པུ་རང་ལོ་ཆུང་མན་འདྲ། བཀའ་བབས་བརྒྱད་པ་མར་ལུགས་ཀྱི་བརྒྱུད་པ་ནི།.....འདི་མར་ལོ་གང་རུང་གཅིག་ཆད་དམ་གཞན་དུ་ན་དམར་བའི་ལུགས་ལས་འོས་མི་སྣང་བས་དཔྱད། ཕམ་མཐིང་བ་ཡན་ས་ལུགས་ཀྱི་སྐབས་ལྟར་ལ། དེ་ནས་བལ་པོ་བྷ་ཏནྟ། ལོ་ཆུང་གྲགས་མཆོག་ཤེས་རབ། དམར་ཆོས་ཀྱི་རྒྱལ་མཚན། དཔོན་པོ་ཤེས་རབ་རྡོ་རྗེ། ཐུབ་པ་ཤེས་རབ། བརྩོན་འགྲུས་རྡོ་རྗེ། དམར་ཆོས་ཀྱི་རྒྱལ་མཚན། བླ་མ་ཤཱཀྱ་གཞོན་ནུ། ལྕེ་བློ་ལྡན་སེངྒེ་། བླ་མ་འཕགས་འོད། ཀུན་མཁྱེན་བུ། རིན་པོ་ཆེ་ཁྱུང་ལྷས། རྗེ་བདག་ཉིད་ཆེན་པོ་མན་འདྲ། བཀའ་བབས་དགུ་པ་དཔྱལ་ལུགས་ནི། གྲུབ་ཆེན་ལཱུ་ཨི་པ། རྒྱལ་པོ་དྷ་རི་ཀ་བ། མངའ་བདག་མཻ་ཏྲི་བ། ནྱ་ཀ་པ། ཀནྔྷ་པ། བིཀྵ་ཏ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། གྲུབ་ཐོབ་རྡོ་རྗེ་གདན་པ། པཎྜི་ཏ་ཀྵི་ཏི་གརྦྷ། དཔྱལ་ལོ་ཙྪ་པ་ཆོས་བཟང༌། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་ཤེས་རབ་སེངྒེ་། གྲུ་མ་ཆོས་སྐྱོངས་དཔལ། ཁྱུང་ལྷས་རིན་པོ་ཆེ། རྗེ་བདག་ཉིད་ཆེན་པོ་མན་འདྲ། བཀའ་བབས་བཅུ་པ་སྦལ་སྤང་སྣ་ལུགས་ནི། སངས་རྒྱས། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཙཎྜི་ཀ་པ། བྲམ་ཟེ་ཆེན་པོ་མེ་ཀོ་པ། སློབ་དཔོན་ལཱུ་ཨི་པ། དྷ་རི་ཀ་པ། བྲམ་ཟེ་སྡོམ་པ་བཟང་པོ། ཇོ་བོ་ཨ་ཏི་ཤ །དེ་ལ་ལོ་ཆེན་རིན་བཟང་དང་ནག་ཚོ་ལོཙྪ་པ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་གསན། གཉིས་ཀ་ལ་འཕན་ཡུལ་འལ་པ་སྟོན་མགོན་དང་འལ་པ་ཇོ་བཙུན་གཉིས་ཀྱིས་གསན།.....འདི་གཉིས་ཕན་པོ། དེ་གཉིས་ལས་སྒོམ་པ་མང་སྒོམ།.....འཕན་ཡུལ་རྒྱལ་བ། སྔགས་དཀར་ལྕང་ལོ། སྦལ་སྤང་སྣ་པ།.....དྲང་སོང་སྲིན་པོ་རི་པ། .....འདི་དང་མེ་རེག་པ་གཉིས་མཆེད་དོ། མེ་རེག་དར་མ་བྱང་ཆུབ།.....སྤོང་ཞོ་བྲག་ནག་པ། དེ་དབོན་རིན་ཆེན་རྒྱལ་པོ། བླ་མ་དོན་རི་པ་གྲགས་པ་དཔལ། འཕགས་འོད། བུ་རིན་པོ་ཆེ། རྗེ་རྒྱལ་བ་གཉིས་པ་མན་འདྲ། བཀའ་བབས་བཅུ་གཅིག་པ་གཉོས་ལུགས་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ། ནཱ་རོ། དེ་ལ་རཀྵི་ཏ། ནག་པོ། ལྷ་ལས་དད་པ། ཕམ་མཐིང་པ་སྟེ་གསུམ་གྱིས་གསན། གསུམ་ཀ་ལས་བལ་པོ་བྷ་ཏནྡས་སོ། །བལ་པོ་བྷ་དནྟ་དང་ནག་པོ་ལྷ་ལས་དད་པ་གཉིས་ཀ་ལ། གཉོས་ལོ་ཙཱ་པས་གསན། དེ་ནས་གཉོས་བླ་མ། གཉོས་དབལ་ལ། ཕུག་ཀ་བ་ཇོ་བོ་འབུམ།.....སྔགས་དཀར་ལྕང་ལོ་ཅན།.....གཙང་པ་ལྷ་སྟེང་པ། ལྕེ་མདོ་སྡེ་སེངྒེ་། བླ་མ་སྟོན་ཤཱཀ །.....བོད་བཙུན། བླ་མ་བློ་ལྡན།.....སྔགས་དཀར་ལྕང་ལོ། ཀུན་མཁྱེན་འཕགས་འོད། བུ་རིན་པོ་ཆེ། ཁྱུང་ལྷས་པ་ཆེན་པོ། རྗེ་རྒྱལ་པ་གཉིས་པའི་ཞབས་མན་འདྲ

    གཉིས་པ་གྲོལ་བྱེད་རིམ་གཉིས་ཀྱི་ཁྲིད་ཀྱི་བརྒྱུད་པ་ནི། རྩ་བའི་བླ་མ་སྲེ་རྡོ་རྗེ་འཆང་གིས་རྗེའི་ཁྲིད་ཡིག་དང་བླ་མ་གོང་མའི་རྫོགས་རིམ་རྣལ་འབྱོར་ཁྲིད་ཡིག་དང༌། དུས་ཞབས་པ་སྲེ་རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོའི་གསུང་ངག་དང་རྗེ་རང་གི་ཟིན་བྲིས་ལག་རྗེས་རྣམས་གུང་བསྒྲིགས་ནས་རྫོགས་རིམ་ཀྱི་ཉམས་ཁྲིད་སྨིན་རྒྱས་ཞག་ཉི་ཤུ་པ་ཞལ་ཤེས་དང་བཅས་པ་དང༌། བསྐྱེད་རིམ་སྒྲུབ་ཐབས་བདེ་ཆེན་གསལ་བའི་སྐུ་གསུམ་ལམ་འཁྱེར་སོགས་ལ་གོ་བ་ཆགས་པའི་ཁྲིད་ཉིན་ཁ་ཡར་མ་གཉིས་ལེགས་པར་མནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལཱུ་ཨི་པ། སློབ་དཔོན་དྷ་རི་ཀ་པ། ཏཻ་ལོ་པ། ནཱ་རོ་པ། ཇོ་བོ་ཨ་ཏི་ཤ། རོང་བ་འགར་དགེ །ལྷ་རྗེ་སྟོད་པ་ཚུལ་ཁྲིམས་དཔལ། སྟེང་པ་ཐུགས་རྗེ་ཟླ་གསལ། ཤོད་ཉི་མ་ཁ་དྲོ། རྗེ་ཆེ་བ་དང་ཆུང་བ་གཉིས། ལྷ་རྗེ་དྷཱརྨ་ཙཀྲ། ཐང་སྟོང་པ་ཆོས་འོད། ཞིང་ཆེན་པ་གྲགས་པ་དཔལ། སུ་ག་ཏ་ཤྲི། བླ་མ་སྒོམ་པ་ཡེ་ཤེས། དོན་རི་པ་བླ་མ་གྲགས་ཆེན།.....འདི་ལ་ཇོ་ལུགས་དང་མལ་ལུགས་ཀྱི་དབང་གདམ་ངག་ཀུན་མངའ་གསུང༌། དེ་ལ་འཕགས་འོད་རིན་པོ་ཆེས་གསན། དེ་ལ་བུ་རིན་པོ་ཆེས་གསན། དེ་ལ་ཀུན་མཁྱེན་ཆེན་པོ་ཁྱུང་ལྷས་པ་དང༌། གུང་གསུམ་པ་བདེ་ཆེན་ཆོས་དཔལ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྗེ་རྒྱལ་པ་གཉིས་པས་གསན། དེ་ནས་ཁྲིད་ཆེན་བརྒྱད་ཀྱིས་ས་ཀུན་འགེངས་མཛད་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་ཤེས་རབ་སེངྒེས་གསན། དེ་ནས་རྒྱུད་པ་ཁ་གཉིས་ནས་ཀྱང་ཁྲིད་ཆེན་ཕྱིས་སུ་བར་དུ་འཁྲིད་སྲོལ་ཚུགས་པ་ལས་སྲེ་ནས་བརྒྱུད་ཚུལ་ནི། གྲུབ་དབང་དཔལ་ལྡན་བཟང་པོ། འཇམ་དབྱངས་དགེ་འདུན་འཕེལ། རྡོ་རྗེ་འཆང་བཀྲ་ཤིས་འཕགས། པཎ་ཆེན་བསམ་གྲུབ་རྒྱ་མཚོ། རྡོ་རྗེ་འཆང་བརྩོན་འགྲུས་འཕགས། རྗེ་རྡོ་རྗེ་བཟང་པོ། རྗེ་སངས་རྒྱས་རྒྱ་མཚོ། རྗེ་དཀོན་མཆོག་རྒྱ་མཚོ། བསྟན་པའི་ཉི་མ་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རྩ་བའི་བླ་མ་བཀའ་དྲིན་མཉམ་མེད་རཏྣ་དྷཱརྨ་བྲིདྡྷིའི་ཞལ་སྔ་ནས་ཀྱིས། བདག་འཇམ་དབྱངས་བཞད་པ་ལ་དགྱེས་བཞིན་དུ་བསྩལ་པ་ལགས་སོ། །ཡང་རྒྱུད་སྨད་ནས་བརྒྱུད་ཚུལ་ནི། རྗེ་ཤེར་སེང༌། རྡོ་རྗེ་འཆང་སྦྱིན་པ་དཔལ། རྒྱུད་པ་ཚུལ་ཁྲིམས་བཟང༌པོ། རྩེ་བ་ཤེར་བཟང༌། རྡོ་རྗེ་འཆང་ཆོས་སྐྱོང་རྒྱ་མཚོ། རྒྱུད་ཆེན་བརྩོན་འགྲུས་འཕགས་མན་སྲེ་རྒྱུད་ལྟར་རོ། །ཡང་རྫོགས་རིམ་རྒྱུད་པ་ནི། རྗེ་ནས། མཁས་གྲུབ་ཐམས་ཅད་མཁྱེན་པ། གཅུང་བ་སོ་སྙན་བརྒྱུད་ཀྱི་མངའ་བདག །གྲུབ་ཆེན་ཆོས་རྡོར། རྒྱལ་བ་བློ་བཟང་དོན་གྲུབ། རྗེ་སངས་རྒྱས་ཡེ་ཤེས། མཉམ་མེད་པཎ་ཆེན་ཐམས་ཅད་མཁྱེན་པ། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། སྔགས་པ་དཔོན་སློབ། འཇམ་དབྱངས་བླ་མ་སྐུ་སྐྱེ་རིན་པོ་ཆེའི་ཞབས་དྲུང་ནས། ཟིན་བྲིས་མཛུབ་ཁྲིད་དང་བཅས་པ་བདག་གིས་ཞུས་སོ། །

    བདེ་མཆོག་དྲིལ་བུ་ཞབས་ཀྱི་ལུགས་ལའང་སྨིན་བྱེད་དབང༌། གྲོལ་བྱེད་རིམ་གཉིས་ཀྱི་ཁྲིད། རྒྱབ་རྟེན་ལུང་གསུམ་ལས། དང་པོ་ནི། རྗེས་མཛད་པའི་མངོན་དཀྱིལ་གཉིས་དང༌། འབྲོམ་སྟོན་ཤེར་འབྱུང་གི་གསུང་རྒྱུན་མངོན་དཀྱིལ་གྱི་ལྷན་ཐབས་ཆེན་པོ། སྔགས་ཆེན་གྱི་མངོན་རྟོགས་ལྷན་ཐབས་རྣམས་ལ་བརྟེན་ནས། སློབ་དཔོན་དྲིལ་བུ་ཞབས་ཀྱི་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་གྱི་དབང་བཞི་ཡོངས་རྫོགས་སྟ་གོན་དང་བཅས་ཉིན་གཉིས་མ་ཐོབ་པའི་བརྒྱུད་པ་ནི། བཀའ་བབས་གཉིས་ལྡན་ལས། ས་ལུགས་ནི། རྒྱལ་བ་རྡོ་རྗེ་འཆང༌།.....ཛ་ཡ་བཛྲ་དྷ་ར། རྡོ་རྗེ་ཕག་མོའམ་རྡོ་རྗེ་རྣལ་འབྱོར་མ།.....བཛྲ་ཝྭ་ར་ཧཱི། བཛྲ་ཡོ་གི་ནཱི། གྲུབ་ཆེན་བཛྲ་གྷཎྚའམ་རྡོ་རྗེ་དྲིལ་བུ་པ།.....རབ་བྱུང་གི་མཚན་བློ་གྲོས་སྙིང་པོ། མ་ཧཱ་སིདྷི་ཀུརྨ་པཱ་དའམ་གྲུབ་ཆེན་རུས་སྦལ་ཞབས། མ་ཧཱ་སིདྷཾ་ཛྭ་ལ་དྷ་རའམ་གྲུབ་ཆེན་འབར་བ་འཛིན་པ། གྲུབ་ཆེན་ཀརྞ་པའམ་སྤྱོད་པ་བ། གྲུབ་ཆེན་གུ་ཧྱ་པའམ་གསང་བ་པའམ་སྦས་པ་བ། རྣམ་རྒྱལ་ཞབས། ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། གཅེན་འཇིགས་མེད་གྲགས་པ།.....འདི་གཉིས་ལ་ཕམ་མཐིང་བ་སྐུ་མཆེད་ཟེར།.....གཅུང་ངག་གི་དབང་ཕྱུག །ཀློག་སྐྱ་ཤེས་རབ་བརྩེགས། མལ་གྱོ་ལོཙཱ་བ་བློ་གྲོས་གྲགས། རྗེ་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། བོ་དོང་པ་རིན་ཆེན་བརྩོན་འགྲུས། ཁྲོ་ཕུ་པ་བསོད་ནམས་སེངྒེ༌། བུ་སྟོན་ཐམས་ཅད་མཁྱེན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། ཤར་པ་རིན་ཆེན་རྒྱལ་མཚན། འབྲོམ་སྟོན་ཤེར་འབྱུང་བློ་གྲོས། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ། ར་ཚག་པ་བློ་བཟང་ཨེ་ཝཾ། ཁྲི་རིན་པོ་ཆེ་རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ། ཤར་ཆེན་ཀུན་མཁྱེན་སྒོམ་སྡེ་ནམ་མཁའ་རྒྱལ་མཚན། དཔལ་འཁོར་ལོ་སྡོམ་པ་དང་མི་གཉིས་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། རྩ་བའི་བླ་མ་ཁྱབ་བདག་འཁོར་ལོ་སྡོམ་པ་སུདྡྷི་དྷཱརྨ་པཱ་ད། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་དགྱེས་བཞིན་དུ་གནང་བའོ། །ཡང་བླ་མ་བསོད་རྒྱན་ནས། རྗེ་འདུལ་འཛིན། ཤར་པ་རིན་ཆེན་རྒྱལ་མཚན་མན་འདྲ། གཉིས་པ་ཁ་ཆེ་ལུགས་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། དྲིལ་བུ་ཞབས། དྷ་རི་ཀ་པ། དགའ་བའི་རྡོ་རྗེ། ཡན་ལག་མེད་བའི་རྡོ་རྗེ། ཨ་བྷ་ཡཱ་ཀ་ར། དེ་ཝ་པུརྞ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། སྤྱི་ལྷས་པ་སེངྒེ་དཔལ། ཞང་ཕྱ་རུ་པ། བྱང་སེམས་འབྲི་ལུང་པ། ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་པ་རིན་ཆེན་སེངྒེ་། བུ་སྟོན་ཐམས་ཅད་མཁྱེན་པ། བླ་མ་དམ་པ་པུཎྱེ་ཌྷྭ་ཛ། རྗེ་ཙོང་ཁ་པ་ཆེན་པོ་མན་འདྲ། ཡང་ཐུང་བརྒྱུད་ནི། རྡོ་རྗེ་དྲིལ་བུ་པ། དེ་བ་པཱུརྞ། ཁ་ཆེ་པཎ་ཆེན་མན་འདྲ། ཉེ་བརྒྱུད་ནི། འཁོར་ལོ་སྡོམ་པ། ཁ་ཆེ་པཎ་ཆེན་མན་འདྲ། ཤིན་ཏུ་ཉེ་བརྒྱུད་ནི། འཁོར་ལོ་སྡོམ་པ། རྡོ་རྗེ་རྣལ་འབྱོར་མ། རྗེ་བདག་ཉིད་ཆེན་པོ་མན་ལཱུ་དྲིལ་གཉིས་ཀ་ལ་འདྲ་བྱས་ཆོག་གམ་སྙམ་སྟེ། རྡོ་རྗེའི་ཚིག་ལས། བདེ་མཆོག་འཁོར་ལོའི་སྒྲུབ་པ་མཛད་པའི་ཚེ། །དཀྱིལ་འཁོར་པ་རྣམས་མངོན་སུམ་གསལ་བར་གཟིགས། །ཕྱི་ནང་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྡོ་རྗེ་ཀླུ་ཡི་མཆོད་པས་དགྱེས་པར་མཛད། །ཅེས་སོགས་ཤིན་ཏུ་མང་བའི་ཕྱིར་རོ། །དེ་ཡང་ཕྱི་ནང་གནས་གསུམ་གྱི་མཁའ་འགྲོ་ནི། ཕྱི་དཀྱིལ་དང་ནང་རང་ལུས་ཀྱི་དཀྱིལ་འཁོར་གྱི་ས་འོག་ས་སྟེང་མཁའ་སྤྱོད་ཀྱི་སྐུ་འཁོར་སོགས་འཁོར་ལོ་གསུམ་རྗེས་འབྲང་དང་བཅས་པའི་མཁའ་འགྲོ་གཟིགས་པ་སོགས་སོ། །

    སྐྱེས་བུ་ཆེན་པོའི་བཀའ་སྲུང་རྣམས་ཀྱི་མཆོག་ཏུ་གྱུར་པ་དཔལ་ཡེ་ཤེས་ཀྱི་མགོན་པ་ཕྱག་དྲུག་པ་ནི། དེ་ཉིད་ཀྱི་རྩ་བའི་རྒྱུད་ལས། དེ་རྗེས་བཾ་དང་རཾ་ལས་ནི། །པད་སྟེང་ཡི་གེ་ཧཱུཾ་ལས་སུ། །ནག་པོ་ཞལ་གཅིག་ཕྱག་དྲུག་པ། །གྲི་གུག་བགྲང་ཕྲེང་ཌཱ་མ་རུ། །ཐོད་པ་མདུང་དང་ཞགས་པ་བསྣམས། །གཡས་གཡོན་རིམ་པས་བསམ་པའོ། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །སྐུ་སྨད་པ་རི་ཁྲ་པོ་ལ། །སྟག་ལྤགས་ཀྱི་ནི་ཤམས་ཐབས་གསོལ། །གཏུམ་པོ་སྤྱན་གསུམ་མཆེ་བ་གཙིགས། །དཔྲལ་བར་དྲི་ཡིས་ཐིག་ལེས་བརྒྱན། །སྤྱི་གཙུག་མི་སྐྱོད་སྤྲུལ་སྐུས་བརྒྱན། །ཞེས་དང༌། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་དེ་ཉིད་ཀྱི་ལེའུ་ཉེར་ལྔ་པའི་བཅུ་བཞི་པ་ལས། མགོན་པོ་ཀུན་གྱི་གནས་འདི་ནི། །ཞལ་གཅིག་པ་ལ་ཕྱག་དྲུག་པ། །དང་པོ་གྲི་ཁུག་ཐོད་ཁྲག་འཛིན། །སྤྱན་གསུམ་མཐིང་ནག་རྔམ་པ་ཡིས། །གཡས་གཡོན་བར་བས་བགྲང་འཕྲེང་དང༌། །ཌཱ་མ་རུ་ནི་འཛིན་ཞིང་བརྡུང༌། །ཐ་མ་གཉིས་ཀྱིས་ཁ་ཊྭཾ་དང༌། །སྡིག་མཛུབ་ཞགས་པ་འཆིང་བ་མཛད། །ཀླུ་བརྒྱད་ཀྱིས་བརྒྱན་ཁྲག་འཛགས་ཞལ། །ས་བོན་རང་སྔགས་ཕྲེང་བ་ཅན། །རྒྱས་བཏབ་བམ་ནི་བྱིན་རླབས་ཤིང༌། །རྡོ་རྗེ་སེམས་དཔས་དབུ་བརྒྱན་པ། །ནྱ་གྲོ་དྷ་ཡི་ཤིང་ལ་བརྟེན། །བི་ན་ཡ་ཀ་མནན་པར་བསམ། །ཞེས་གསུངས་པའི་ཡེ་ཤེས་མགོན་པོ་མཚན་གྱི་རྣམ་གྲངས། མཻ་ཏྲི་པའི་ཞལ་ནས། ཡིད་བཞིན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། འདིས་དང་པོར་བར་དོའི་འཇིགས་པ་ལས་སྐྱོབ། ལྷ་འདྲེ་མི་གསུམ་དབང་དུ་བསྡུད། མི་ནོར་ཟས་གསུམ་ཤུགས་ལས་འབྱུང༌། དགྲ་བགེགས་ཐམས་ཅད་རྩད་ནས་བརླག་པར་བྱེད། གཞན་གྱི་བཟློག་པས་མི་ཚུགས་པ། མཆོག་ཐུན་མོང་ཐམས་ཅད་ལོ་ཟླ་ཞག་ཙམ་གྱིས་འགྲུབ་པ། མཆོག་སྒྲུབ་པས་ཐུན་མོང་ཞོར་ལ་འབྱུང་བ། ཐུན་མོང་སྒྲུབ་པས་མཆོག་ཞོར་ལ་འབྱུང་བ་གཅིག་ཡོད། ཅེས་གསུངས་པ་ལྟར་གྱི་བྱིན་རླབས་ཅན་གྱི་མྱུར་མཛད་མགོན་པོ་འདིའི་སྐོར་ལ་སྨིན་བྱེད་རྗེས་གནང༌། ཕྱག་ལེན་ཉམས་ཁྲིད། རྒྱབ་རྟེན་ལུང་གི་སྐོར་དང་གསུམ་ལས། དང་པོ་ལ། ཐོག་མར་སློབ་མའི་རྒྱུད་སྣོད་རུང་དུ་བྱེད་པའི་དབང་ལ། རྗེས་གནང་གི་རིམ་པ་ཤངས་པ་རང་ལ་དུ་མ་ཡོད་ཀྱང༌། མཁས་གྲུབ་རྗེས་བཅུ་གསུམ་དུ་མཛད་པའི་གྲངས་ནི། སྔགས་རམས་པ་ལྟར་ན། ཐོག་མར་ནག་པོ་ཆེན་པོའི་གཏོར་དབང་བར་ཆད་ཀུན་སེལ། རྗེས་གནང་བར་ཆད་ཀུན་སེལ། རྗེས་གནང་དབང་བཞིའི་བསྐུར་ཚུལ་དང་གསུམ། བླ་མགོན་དབྱེར་མེད་ལ་ཞི་བ་གྲིབ་སེལ། རྒྱས་པ་བླ་མགོན་དབྱེར་མེད་དབང༌། མཁའ་འགྲོ་དབང་བསྡུད་དང་གནད་དབབ་གཅིག་ཏུ་བྱས་ནས་གསུམ། གསང་སྒྲུབ་མགོན་པོ་མཆིན་ཁ། ནང་སྒྲུབ་རྒྱན་ཅན། དབང་རྒྱལ། ཚེ་བདག །སཱ་ར་ཧ་པའི་མགོན་པོ་ཁྲག་འཐུང༌། ལྷ་བཞི་དྲིལ་སྒྲུབ་མགོན་དཀར་ཡིད་བཞིན་ནོར་བུ་དང་བཅུ་གསུམ་དུ་མཛད། དེའི་གྲངས་ལ་མི་ཐེ་བའི་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཡང་ཐོབ། མགོན་པོ་བཀའ་བཅུ་གསུམ་གྱི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། དཔལ་ལྡན་ཤ་བ་རི་པ། མངའ་བདག་མཻ་ཏྲི་བ། གྲུབ་ཆེན་རཱ་ཧུ་ལ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱོར་སྒང་ཆེན་པོ། གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ། མཁས་གྲུབ་ཤིང་སྟོན་ཆེན་པོ། མུས་ཆེན་རྒྱལ་མཚན་དཔལ་བཟང༌། སྔགས་འཆང་རྡོ་རྗེ་གཞོན་ནུ། མཉམ་མེད་ནམ་མཁའི་རྣལ་འབྱོར་པ། མཁས་གྲུབ་དགེ་ལེགས་དཔལ་བཟང༌། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་རིན་ཆེན་བཤེས་གཉེན། རབ་འབྱམས་སྨྲ་བ་སངས་རྒྱས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ་བཟང༌། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ། ཁྱབ་བདག་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། རྗེ་ངག་དབང་བསྟན་འཛིན་འཕྲིན་ལས། ཐང་སག་པ་དངོས་གྲུབ་རྒྱ་མཚོ། རྡོ་རྗེ་འཆང་འཇམ་དཔལ་རྒྱ་མཚོ། མཁན་ཆེན་དགེ་འདུན་རྒྱ་མཚོ། དེས་བདག་དཀོན་མཆོག་འཇིགས་མེད་དབང་པོའོ། །ཡིག་ཆུང་འདི་མ་དཔེའི་སྟེང་དུ་ཀུན་མཁྱེན་འཇིགས་མེད་དབང་པོས་ཕྱག་བྲིས་གནང་འདུག་པ་ལྟར་བྲིས། ཡང་ན། བ་སོ་བ་ནས། གྲུབ་ཆེན་ཆོས་རྡོར། རྒྱལ་བ་བློ་བཟང་དོན་གྲུབ་མན་འདྲ། ཡང་ན་མཁས་གྲུབ་རྗེ་ནས་རྗེ་བཟང་པོ་རྒྱལ་མཚན། མཁྱེན་རབ་ཡོད་ཏན་དཔལ་འབྱུང༌། ཡབ་ཆོས་རྗེ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། རྗེ་ཐུབ་བསྟན་རྣམ་རྒྱལ། རྒྱལ་བ་བློ་བཟང་དོན་གྲུབ་མན་འདྲ། ཡང་ན་མཁས་གྲུབ་ཤངས་སྟོན་ནས། མཁས་བཙུན་སངས་རྒྱས་འབུམ། འཇག་ཆེན་བྱམས་པ་དཔལ་བཟང༌། ཀུན་མཁྱེན་ཤེས་རབ་དཔལ་བཟང༌། རྗེ་རིན་ཆེན་བཤེས་གཉེན། རྗེ་ལེགས་པའི་བློ་གྲོས། རྗེ་སྐྱབས་མཆོག་མན་འདྲའོ། །མགོན་པོ་གསང་སྒྲུབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་གིས། རཱ་ཧུ་ལ་ལ་དངོས་སུ་གནང༌། དེ་ནས་ཁྱུང་པོ་མན་འདྲ། སཱ་ར་ཧའི་མགོན་པོ་ནི། བྲམ་ཟེ་ཆེན་པོ་སཱ་ར་ཧ། སློབ་དཔོན་བྲམ་ཟེ་ཨ་ཏ་ལ་བཛྲ། ཁྱུང་པོ་མན་འདྲ། མགོན་པོ་ཡིད་བཞིན་ནོར་བུའི་བརྒྱུད་པ་ནི། རྡོ་རྗེ་འཆང་ལ། ནི་གུ་མ། ཤ་བ་རི། དྷ་ན་སཾ་སྐྲྀ་ཏ། ར་ཧུ་ལ་དང་བཞིས་ཞུས། ཤ་བ་རིས་མཻ་ཏྲི་བ་དང༌། དྷ་ན་སཾ་སྐྲྀ་ཏས་ར་ཧུ་ལ་ལ་གསུང༌། མཻ་ཏྲི་བ། རཱ་ཧུ་ལ། ནི་གུ་མ་གསུམ་ཀ་ནས་ཁྱུང་པོས་གསན། དེ་མན་འདྲ། ཡང་མགོན་པོ་བར་ཆད་ཀུན་སེལ་གྱི་སྒོ་ནས་བརྒྱུད་ལུགས་གཅིག་ལ། པཎ་ཆེན་ཐམས་ཅད་མཁྱེན་པ་ཡན་འདྲ། དེ་ནས་རྗེ་ངག་དབང་བསྟན་འཛིན་འཕྲིན་ལས། ཡང་ན་ཤངས་སྟོན་པ་ནས། མུས་ཆེན་པ། འཇག་ཆེན་བྱམས་པ་དཔལ་བཟང༌། སྣར་ཐང་པ་དོན་གྲུབ་བཟང་པོ། རྗེ་བཙུན་ཙོང་ཁ་པ་ཆེན་པོ། ཤར་པ་རིན་ཆེན་རྒྱལ་མཚན། བ་སོ་བ་མན་འདྲ། ཡང་ན་རྗེ་བཙུན་ཙོང་ཁ་པ་ནས། མཁས་གྲུབ་རྗེ། འབྲོང་རྩེ་ལྷ་སྲས་རྗེ། པཎ་ཆེན་ངོ་མཚར་རྒྱ་མཚོ། དམར་སྟོན་ཚུལ་ཁྲིམས་རིན་ཆེན། སྔགས་རམ་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། ཁྱབ་བདག་རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས།

    གསུམ་པ་རྒྱབ་རྟེན་ལུང་གི་སྐོར་ལ། བེ་བུམ་སྐོར་ནི། ཀ།།མགོན་པོའི་རྒྱུད་ལེ་བརྒྱད་མ། ཁ། ཐུགས་སྐྱེད་ཚུལ་མཻ་ཏྲིའི་གསུང༌། ག།།ཤ་བ་རིའི་རྒྱ་གཞུང༌། ང། བསྟོད་པ་རྒྱ་སྐད་མ། ཅ་ཆ་ཇ། སྒྲུབ་ཐབས་ཡིག་རྙིང་རྒྱས་འབྲིང་བསྡུས་གསུམ། ཉ། སྲོག་སྔགས་ཤ་ས་ནའི་དོན་བཤད་པ། ཏ། བླ་མ་བརྒྱུད་པའི་ལོ་རྒྱུས་ཉུང་ངུ༌། ཐ། གཏོར་མ་འབུལ་ཚུལ་བསྙེན་པའི་ཚུལ་དུ་སྒྲུབ་པ། ད། ཡེ་ཤེས་མགོན་པོའི་གཏོར་སྒྲུབ། ན། གཏོར་ཆེན་ཞལ་གདམས། པ། བསྙེན་སྒྲུབ་ལས་གསུམ་གྱི་མན་ངག །ཕ། རང་གཞན་ལ་དབང་ལེན་པ་དང་བསྐུར་ཚུལ། བ། མགོན་པོའི་སློབ་མ་རྗེས་འཛིན། མ། རྗེས་གནང་ཟུར་འདེབས། ཙ། རང་ལ་དབང་བླངས་པའི་གནད་ཡིག །ཚ། སྙིང་གཞུགས་རྗེས་གནང་ཟུར་འདེབས། ཕྱག་མཚན་དབང་བསྐུར། ཛ། གྲིབ་སེལ་ཁྱད་པར་ཅན་གྱི་མན་ངག །ཝ། གྲིབ་སེལ་དབང་བཀའི་ཐོ། ཞ།།བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་ཐབས་ཤ་ཝ་རི་ལ་གནང་བ། ཟ། བླ་མགོན་དབྱེར་མེད་ཀྱི་རྗེས་སུ་གནང་བ། འ། མགོན་པོ་མཆིན་ཁའི་རྗེས་གནང༌། ཡ། མགོན་པོ་མཆིན་ཁ་སྒྲུབ་པ། ར། མགོན་པོ་མཆིན་ཁའི་འཁོར་གྱི་མངོན་རྟོགས། ལ། མགོན་པོ་གསང་སྒྲུབ་ཀྱི་དབང་ཆོག །ཤ།།ཤ་ཝ་རི་པའི་གསང་སྒྲུབ་རྒྱ་གཞུང་། ས། མགོན་པོ་རྒྱན་ཅན་གྱི་སྒྲུབ་སྐོར། ཧ། མགོན་པོའི་གསང་སྒྲུབ་ཐུན་མོང་མ་ཡིན་པ་མགོན་པོ་རྒྱན་ཅན་དུ་གྲགས་པའི་དབང་ཆོག །ཨ། མགོན་པོ་དབང་རྒྱལ་རྗེས་གནང༌། ཀི །མགོན་པོ་དབང་རྒྱལ་མངོན་རྟོགས། ཁི། མགོན་པོ་དབང་རྒྱལ་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་བསྡུ་བ། གི །ཚེ་བདག་མགོན་པོའི་སྒྲུབ་ཐབས། ངི། ཚེ་བདག་མགོན་པོའི་ཚེ་དབང༌། ཅི། བྱིན་ཀྱིས་རླབས་པ་ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་གི་སྒྲུབ་ཐབས་ས་ར་ཧས་མཛད་པ། ཆི། ཁྲག་འཐུང་མགོན་པོའི་རྗེས་གནང༌། ཇི། ལྷ་བཞི་དྲིལ་སྒྲུབ་ཀྱི་ལམ་རིམ་མངོན་རྟོགས་གུ་ན་ཨ་ཀ་ར་དང་ཨ་ཐ་ན་བཛྲ་གཉིས་ལས་བརྒྱུད་པ། ཉི། རྣལ་འབྱོར་མའི་སྒྲུབ་ཐབས་ཨ་ཐ་བཛྲ་གྱིས་མཛད་པ། ཏི། ལྷ་བཞིའི་ཞལ་གདམས། ཐི། ལྷ་བཞིའི་དབང་ཆོག །དི། ལྷ་བཞིའི་ཏིང་ངེ་འཛིན་གྱི་དབང་རྒྱུན་དུ་ལེན་ཚུལ། ནི། ལྷ་བཞི་བླ་མ་དང་ལྔའི་བསྟོད་པ། པི། མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང༌། ཕི། སྒྲུབ་ཐབས་དགོས་པ་ཀུན་འབྱུང༌། བི། ཞི་བ་ནོར་སྒྲུབ་གདམས་པ། མི། མགོན་པོ་གཟི་ལྡན་གྱི་སྒྲུབ་ཐབས། ཙི། དབང་སྡུད་འཁོར་ལོའི་ནྲི་ཡིག །ཚི། གཏོར་མའི་མན་ངག །ཛི། སྦྱིན་སྲེག་བུམ་པ་བཅའ་ཐབས། ཝི། མགོན་པོ་དབང་རྒྱལ་སྒོས་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་བསྡུ་བ། ཞི། མགོན་པོའི་བསྟོད་པ་རྒྱལ་ཀུན་མ། ཟི། མཁས་གྲུབ་རྗེས་མགོན་པོ་རྩར་བཅད་ཅིང་དག་ཐེར་ཐེམ་ཡིག །འི། མགོན་པོའི་བསྙེན་སྒྲུབ་ལས་གསུམ། ཡི། མགོན་པོའི་༸འདིའི་འཇུག་མ་ཚང༌

    བྱང་སེམས་ཟླ་བ་རྒྱལ་མཚན་གྱིས་ཞལ་གཟིགས་པའི་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། རྟ་མགྲིན། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་འོད་ཆེན། ཞང་དབུ་དཀར་བ། ཞང་ལོ་ཙཱ་བ། ཞང་བྱང་ཆུབ་རིན་ཆེན། ལྕེ་སྟོན་སངས་རྒྱས་དཔལ། བྲག་སྟོན་ཚུལ་ཁྲིམས་རྒྱལ་མཚན། བྱང་སེམས་ཤེས་རབ་རྒྱལ་མཚན། མཁས་གྲུབ་ཐམས་ཅད་མཁྱེན་པ། བ་སོ་ཆོས་ཀྱི་རྒྱལ་མཚན། བར་འདི་ན་བླ་མ་གཞན་ཡོད་མེད་དཔྱད། པཎ་ཆེན་ཡེ་ཤེས་རྩེ་མོ། མཁས་གྲུབ་གྲགས་པ་དོན་གྲུབ། རྗེ་སྐྱབས་མཆོག་དཔལ། རྒྱལ་བ་བློ་བཟང་དོན་གྲུབ། རྗེ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ། རྡོ་རྗེ་འཆང་དཀོན་མཆོག་རྒྱལ་མཚན། ཁྱབ་བདག་ངག་དབང་བསྟན་འཛིན་འཕྲིན་ལས། ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་ལྔའི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས་ཀླུ་དབང་གི་རྒྱལ་པོ། འཕགས་པ་ཀླུ་སྒྲུབ། ཇོ་བོ་ཨ་ཏི་ཤ །འབྲོམ། པོ་ཏོ་བ། ཤ་ར་བ། གཏུམ་བློ་གྲོས་གྲགས། ཞང་སྟོན་རྡོ་རྗེ་འོད་ཟེར། གྲོ་སྟོན་ཤེས་རབ་གྲགས། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རིག་རལ། དཔལ་ལྡིང་པ། འདུལ་འཛིན་གྲགས་པ་དཔལ། མངའ་རིས་བྱང་ཆུབ་བླ་མ། རྒྱ་གར་རྒྱལ་མཚན། བླ་མ་སེང་གེ་རྒྱལ་མཚན། རོང་སྟོན་ཤེས་བྱ་ཀུན་རིག །རྗེ་དགེ་འདུན་གྲུབ་པ། པཎ་ཆེན་བཟང་པོ་བཀྲ་ཤིས། རྗེ་སྟོབས་ལྡན་པ། པཎ་ཆེན་ན་བཟའ་པ། གནས་པ་པཎ་ཆེན། སྒོམ་སྡེ་ནམ་མཁའ་རྒྱལ་མཚན། པཎ་ཆེན་ཐམས་ཅད་མཁྱེན་པ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། སྤྲུལ་པའི་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས། འཇིགས་བྱེད་དཔའ་ཅིག་གི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། མཁས་གྲུབ་རྗེ་སྐུ་མཆེད། གྲུབ་ཆེན་ཆོས་རྡོར་ཡབ་སྲས། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ། ངག་དབང་བསྟན་འཛིན་འཕྲིན་ལས། ཡི་གེ་བརྒྱ་པའི་རྗེས་གནང་གི་བརྒྱུད་པ་ནི། རོང་སྟོན་སྨྲ་བའི་སེང་གེ །རྗེ་དྲུང་དགེ་འདུན་བཀྲ་ཤིས། རྗེ་མི་གཡོ་སྙིང་པོ། སྒོམ་སྡེ་ནམ་མཁའ་རྒྱལ་མཚན། པཎ་ཆེན་ཐམས་ཅད་མཁྱེན་པ། ཁྱབ་བདག་ངག་དབང་བསྟན་འཛིན་འཕྲིན་ལས། ཁྱུང་ཁྲའི་རྗེས་གནང་གི་བརྒྱུད་པ་ནི། ནཱ་རོ་པ། ཕམ་མཐིང་པ། མལ་ལོ་ཙཱ་པ། ས་ཆེན་ཀུན་སྙིང༌། རྗེ་བཙུན་རྩེ་མོ། རྗེ་གྲགས་རྒྱལ། རྗེ་ས་པཎ། འགྲོ་མགོན་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། དཔལ་ལྡན་བླ་མ་དམ་པ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། རོང་སྟོན་བློ་བཟང་གྲགས་པ། མཁས་བཙུན་ཡོན་རྒྱལ་བ། རྗེ་བློ་གྲོས་རྒྱལ་མཚན། རྗེ་ཕྱོགས་ལས་རྣམ་རྒྱལ། སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ། རྗེ་དྲུང་རིན་པོ་ཆེ་ལྷ་དབང་ཆོས་ཀྱི་དབང་ཕྱུག་བསྟན་པའི་རྒྱལ་མཚན། འཕྲིན་ལས་བསམ་འགྲུབ། མི་གཡོ་པ་དཀར་སྔོ་གཉིས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་པཎ་ཆེན། མཆིམས་བློ་བཟང་གྲགས། མཁན་ཆེན་ཀུན་རྒྱལ། རྣམ་རྒྱལ་དཔལ་བཟང༌། འཁོན་སྟོན། ཟུར་ཆེན། རྒྱལ་དབང་མཆོ།།མི་གཡོ་པ་དཀར་པོའི་རྗེས་གནང་གི་བརྒྱུད་པ་ནི། ཁྲོ་བོའི་དབང་པོ་མི་གཡོ་བ། པཎ་གྲུབ་ཨ་བྷ་ཡཱ་ཀ་ར་གུཔྟ། ཨཱ་ནནྷ་ཀ་ར་གུཔྟ། སློབ་དཔོན་ལྷན་ཅིག་སྐྱེས་པ། པཎ་ཆེན་དཱ་ན་ཤཱི་ལ། རྗེ་ས་པཎ། འུ་ཡུག་པ་བསོད་ནམས་སེང་གེ །བཅོམ་ལྡན་རལ་གྲི། སློབ་དཔོན་བསོད་ནམས་བཟང་པོ། པཎ་ཆེན་པུཎྱ་བྷ་དྲ། བླ་མ་དར་མ་བཟང་པོ། མཁན་ཆེན་བསོད་ནམས་ཤེས་རབ། མཁན་པོ་ཤེས་རབ་མགོན། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཆོས་རྗེ་ཡོན་ཏན་དཔལ། རོང་སྟོན་བློ་བཟང་གྲགས་པ། མཁྱེན་རབ་རིན་ཆེན་མཆོག་གྲུབ། མཁན་ཆེན་རཏྣ་ཤཱི་ལ། རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ། ཀུན་མཁྱེན་མཁྱེན་བརྩེ་དབང་ཕྱུག །རྗེ་བཙུན་དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཟུར་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། ཡང་ན། པཎ་ཆེན་དཱ་ན་ཤཱི་ལ་ནས། བཅོམ་ལྡན་རལ་གྲི། མཆིམས་བློ་བཟང་གྲགས་པ། དགེ་བཤེས་རྭ་སྒྲེང་པ། ཚུར་སྟོན་རིན་ཆེན་ཡེ་ཤེས། ཀརྨ་དཀོན་གཞོན། ཆོས་རྗེ་ཡོན་ཏན་དཔལ། རྗེ་རོང་པ་བློ་བཟང་པ་མན་འདྲ། ཡང་ན་པཎྜི་ཏ་དཱ་ན་ཤི་ལ་ནས། འདུལ་འཛིན་བྱང་ཆུབ་སེམས་དཔའ། མཁས་པ་ལུང་གི་དབང་ཕྱུག །རྒྱལ་ཚ་ལུང་མང་པོ། རྒྱལ་སྲས་གཞོན་ནུ་གྲགས་པ། ཇོ་ནང་ཆོས་ཀྱི་རྒྱལ་པོ། གཡག་མི་ཕམ་ཆོས་ཀྱི་བླ་མ། རོང་སྟོན་ཤཱཀྱ་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། སྒོ་རུམ་པ་མན་འདྲ། ཡང་ན་ཁྲོ་བོའི་དབང་པོ། གྲུབ་ཆེན་འོད་བྱེད་འབྱུང་གནས། པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། པཎྜི་ཏ་དཱ་ན་ཤཱི་ལ་མན་འདྲ། ཉེ་བརྒྱུད་ནི། ཁྲོ་བོའི་དབང་པོ། པཎྜི་ཏ་དཱ་ན་ཤཱི་ལ། དེ་ལ་ས་པཎ་དང༌། བཅོམ་རལ་གཉིས་ཀྱིས་གསན་པ་མན་འདྲ། ཡང་རྗེས་གནང་ཉེ་བརྒྱུད་ནི་ཁྲོ་བོའི་དབང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་པ་མཁས་གྲུབ་སེངྒེ་རྒྱལ་མཚན། མཁན་ཆེན་རྒྱལ་པ་མཆོག །བདག་ཆེན་འཇམ་དབྱངས་ཆེན་པོ། བདག་ཆེན་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། མི་གཡོ་བ་སྔོན་པོའི་རྗེས་གནང་དམ་པའི་ཕྱག་ལེན་འཁྲུལ་མེད་ལྟར་ཐོབ་པའི་བརྒྱུད་པ་ནི། དེ་བཞིན་གཤེགས་པ། ཕྱག་རྡོར། གྲུབ་ཆེན་ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་བརྟན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། གྲུབ་ཆེན་བསོད་ནམས་སེང་གེ །རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཟུར་རྡོ་རྗེ་འཆང༌། ཐམས་ཅད་མཁྱེན་གཟིགས་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། ཕྱག་རྡོར་ཨུ་ཙའི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། རྡོ་རྗེ་འཛིན། པདྨ་བཛྲ། ཀླུ་སྒྲུབ། ཙནྡྲ་གོ་མི། རྒྱལ་པོ་དྷ༷། ཟི༷་སླི༷ང༌པ། ཁམས་པ་ཨ་སེང༌། རུ་སྨོན་ཁར་བ། སྐྱི་སྟོན། དཀོན་མཆོག་བློ་གྲོས། ཆོས་གྲགས། ཨེ་པ་འཁོན་སྟོན། ལོ་ཙཱ་བ་མཆོག་ལྡན། བླ་མ་རྒྱལ་འོད། སློབ་དཔོན་སྨྲ་སེང༌། རྗེ་བྱང་སེང་བ། ས་བཟང་འཕགས་པ་རྡོ་རྗེ། པཎ་ཆེན་གྲགས་རྒྱལ་བ། མཁན་ཆེན་འབྱུང་བ། དཀོན་མཆོག་རྒྱ་མཚོ། ངག་དབང་ཆོས་ལེགས་རྡོ་རྗེ། བསྟན་འཛིན་བཟང་པོ། སློབ་དཔོན་དཀོན་མཆོག་རྒྱལ་མཚན། སྐྱིད་ཤོད་ཞབས་དྲུང་རྡོ་རྗེ་འཆང་འཕྲིན་ལས་ཆོས་དབང་གྲགས་པའི་སྡེ། དེས་བདག་འཇམ་དབྱངས་བཞད་པ་ལའོ། །ཀླུ་པའི་གསེར་ཆོས་བཅུ་བཞི་པའི་ཡ་ཀྱལ་སྤྱན་རས་གཟིགས་སེང་གེ་སྒྲའི་རྗེས་གནང་གི་བརྒྱུད་པ་ནི། སེངྒེའི་སྒྲ། ཙནྡྲ་གོ་མི། བྲམ་ཟེ་དཔལ་འཛིན། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཨ་ཐུ་ལ་དྷ་བཛྲ། མེཉྫ་གླིང་པ། མལ་ལོ༷། ས་ཆེན། གཉན་ཕུལ་བྱུང་བ། རྗེ་བཙུན་གྲགས་པ། ས་པཎ། ཤར་པ་ཤེར་འབྱུང༌། ཤར་པ་ཡེ་ཤེས་རིན་ཆེན། ཀུན་དགའ་བྱང་ཆུབ། མཁན་ཆེན་རྒྱལ་བཟང་དཔལ། བླ་མ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྗེ་ཨེ་ཝཾ་པ། མཁས་གྲུབ་དཔལ་རྡོར། བྱས་འགྱུར་བ་བསོད་ནམས་སེངྒེ་། རྗེ་སྒོ་རུམ་པ། ཀུན་མཁྱེན་མཁྱེན་བརྩེ། རྗེ་དབང་རབ། རྗེ་བཀའ་འགྱུར་བ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། ཁྲོ་བོ་སྨེ་བརྩེགས་དུད་ཁ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་གི་བརྒྱུད་པ་ནི། འཇམ་དཔལ་དབྱངས། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་རིན་ཆེན་གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། བླ་མ་གྲ་ཐང་པ། བླ་མ་ཀུན་དགའ་བསོད་ནམས། བླ་མ་བློ་གྲོས་དཔལ། དགེ་བཤེས་སེངྒེ་། མཁན་པོ་བསོད་ནམས་ཤེས་རབ། མཁན་པོ་ཤེས་རབ་མགོན། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་བསོད་ནམས་སེངྒེ་། རྗེ་བཙུན་སྒོ་རུམ་པ་ཆེན་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། གནས་གསར་བསོད་ནམས་མཆོག་ལྡན། ཟུར་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །གློ་བོ་མཁན་ཆེན་ལེགས་འབྱུང༌། བདག་ཆེན་ངག་གི་དབང་ཕྱུག །འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་མཁས་བཙུན་དགེ་སྟག་པར་ཁྲོ་བོའི་དབང་པོ་ཞལ་དངོས་སུ་གཟིགས་པའི་ཞལ་གཟིགས་བརྒྱུད་པ་ནི། མཁས་བཙུན་དགེ་སྟག་པ། དྲན་པ་རིན་ཆེན་གྲུབ། མཁན་ཆེན་ཤེས་རབ་གཞོན་ནུ། སློབ་དཔོན་དཀོན་མཆོག་མཁར། རི་ལུང་སྦུག་པ་ཆོས་ཀྱི་མགོན་པོ། ལྕེ་བློ་ལྡན་སེངྒེ་། ལྕེ་བཙུན་བསོད་ནམས་དཔལ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ། བཀའ་བཞི་པ་སེངྒེ་རྒྱལ་མཚན། སྔགས་འཆང་ཡོན་ཏན་དཔལ། བླ་མ་བློ་དཔལ། མཁྱེན་རབ་རིན་ཆེན་མཆོག་གྲུབ། རྗེ་བཙུན་རྡོ་རིང་པ་ཆེན་པོ། སྒོ་རུམ་པ་ཀུན་དགའ་ལེགས་པ་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། རྗེ་དཀོན་མཆོག་ཚུལ་ཁྲིམས། འགོས་སྟོན་རྡོ་རྗེ་སེངྒེ་། མངའ་རིས་རུས་ཐོག་པ་རྡོ་རྗེ་གཟི་བརྗིད། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཁྲོ་མོ་སྨེ་བརྩེགས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། ཌཱ་ཀི་སེངྒེའི་གདོང་ཅན། གྲུ་སྤང་རྩ་བ་རྡོ་རྗེ་སེངྒེ་། ཆོས་རྗེ་བྲག་ནག་པ། བྱང་སེམས་ཆེན་པོ། བླ་མ་དངོས་གྲུབ་རྒྱལ་མཚན། སློབ་དཔོན་བསོད་ནམས་དར། བེ་བུག་བདེ་ལེགས་རྒྱལ་མཚན། སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། ཡང་ན་རྗེ་སྒོ་རུམ་པ་ཡན་གྱི་བརྒྱུད་པ་མ་རྙེད། དེ་ལ་འཇམ་དབྱངས་བརྩེས་གསན་ནོ། །ཕག་དཀར་ཤེས་རབ་གསལ་བྱེད་བྱིན་བརླབས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། གྲུ༷བ་ཀོངྐ་ཏ། ཨ་བྷྱ་ཀ་ར། སུ་ཙ་རི་པ་ད། རཏྣ་རཀྵི་ཏ། མཱ་ན་ཀ་ཤྲི་ཛྙ་ན། ཆག་ལོ་ཆོས་རྗེ་དཔལ། གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན། ཤོང་ལོ་རྡོ་རྗེ་རྒྱལ་མཚན། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། སྤང་ལོ་བློ་གྲོས་བརྟན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་སངས་རྒྱས་ལྷུན་གྲུབ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། རྗེ་སངས་རྒྱས་དཔལ། རྗེ་སྒོ་རུམ་པ་ཀུན་དགའ་ལེགས་པའི་འབྱུང་གནས། རྗེ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཟུར་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། ཡང་ན་ཀོངྐ་དཏྟ་ནས། ཨ་ནུ་ས་མ་རཀྵི་ཏ། ཀུ་མ་ར་དི་ཝ། རེ་ཝནྡྲ་པྲ་བྷ་ཝ། ཆག་ལོ་ཆོས་རྗེ་དཔལ་མན་འདྲ་ལ། ཡང་ན་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་ནས། བླ་མ་དཔལ་ལྡན་སེངྒེ་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མན་གོང་ལྟར་རོ། །ཡང་ན་སྤང་ལོ་ཙཱ་བ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་མན་འདྲ། ཡང་ན་བླ་མ་དམ་པ་ནས། དབང་རྣོན་རྒྱལ་བ་མཆོག་གྲུབ། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། སྐུ་ཞང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། རྒྱལ་དབང་མཆོག་གི་ཡི་དམ་སྒྲུབ་སྐོར་གྱི། འཇམ་དབྱངས་ལུས་དཀྱིལ་གྱི་རྗེས་གནང་ཡིག་རྙིང་གི་སྟེང་ནས་རྡུལ་ཚོན་ལ་བརྟེན་ཏེ་ཐོབ་པའི་བརྒྱུད་པ་དབེན་ས་ལུགས་ནི། མཁས་གྲུབ་ཐམས་ཅད་མཁྱེན་པ་ནས། པཎ་ཆེན་ཐམས་ཅད་མཁྱེན་པའི་པར་འཇམ་དབྱངས་ཆོས་སྐོར་ལྟར་ལ། དེ་ནས་སྔགས་ཆེན་དཀོན་མཆོག་རྒྱལ་མཚན། སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་ཆོས་དབང་གྲགས་པའི་སྡེའི་ཞལ་སྔ་ནས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་སྐུ་ཞབས་རིན་པོ་ཆེ་ནས་བརྒྱུད་པ་ནི། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། ཁྱབ་བདག་འཇམ་དབྱངས་གྲགས་པ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ། སྒྲ་དབྱངས་ལྷ་མོ་གོང་འོག་རྣམས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། བྲམ་ཟེ་ཕུར་བུ། གཏུམ་པོ། བདེ་ཆེན། མཆོད་སྡོང༌། སེངྒེ་། ཉེ་པའི་སེངྒེ་། དཔེ་མེད་རྒྱ་མཚོ་ཆེན་པོ། སུམ་པ་ལོ་ཙཱ་བ། ཀུན་དགའ། སྤྱི་བོ་ལྷས་པ། བྱང་ཆུབ་སྡེ། དམ་པ་ཤེས་རབ། གྲུ་རྡོ་རྗེ་སེངྒེ་། བུ་སྟོན། སེངྒེ་འོད། ལྷ་གཞོན་ནུ་འབུམ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། བླ་མ་རོལ་པའི་རྡོ་རྗེ། མཁས་པ་ཙནྡྲ་ཤྲི། སྐུ་ཞང་མཁྱེན་རབ་ཆོས་རྗེ། ལོ་ཆེན་ཆོས་སྐྱོང་བཟང་པོ། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་འགྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང༌། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཞ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་འཇམ་དབྱངས་གྲགས་པ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས། ཨེར་ཁེ་ཆོས་རྗེའི་ཞུས་པ་ནི། རྗེ་དགེ་འདུན་རྒྱ་མཚོའི་དེའི་སྟེང་གི་བྱས་པའི་བརྒྱུད་པ་ནི། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ། གུང་རུ་སངས་རྒྱས་བཀྲ་ཤིས། རྗེ་བསམ་སྒང་པ་བློ་བཟང་ངག་གི་དབང་པོ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས་དཀའ་བཅུ་དར་རྒྱས་ཀྱིས་བསྐུལ་བའི་རྗེས་གནང་གི་བརྒྱུད་པ་འཇམ་དབྱངས་ལུས་དཀྱིལ་བཞིན། ཐུབ་པ་གཙོ་རྐྱང་སྣར་ཐང་ལུགས་ཀྱི་རྗེས་གནང་ནི་སྣར་ཐང་བརྒྱ་རྩའི་ཆིང་གི་སྟེང་ནས་བྱས་པའི་བརྒྱུད་པ་ནི། རྒྱལ་བ་ཤཱཀྱ་ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། ཀུན་མཁྱེན་བློ་གྲོས་བརྟན་པ། པཎ་ཆེན་ཤནྟི་པ། སློབ་དཔོན་པ་ར་ཧེ་ཏ། ཇོ་བོ་ཆེན་པོ། འབྲོམ། རྔོག་ལེགས་པའི་ཤེས་རབ། རྔོག་བློ་ལྡན་ཤེས་རབ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཆ་པ་ཆོས་སེང༌། གཙང་ནག་ཐུགས་རྗེ་སེངྒེ་། གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱངས་རོ་པཎ་ཆེན། མཆིམས་བློ་བཟང་གྲགས། གྲོ་སྟོན་ཀུན་དགའ་རྒྱལ་མཚན། འཁོན་སྟོན་གྲུབ་པ་ཤེས་རབ། ཁུ་སྟོན་བསོད་ནམས་མཆོག་གྲུབ། ཆོས་རྗེ་དཔལ་ལྡན་དོན་གྲུབ། རྩེ་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན། ཐེལ་བྲག་ལྕོག་པ་ཐམས་ཅད་མཁྱེན་པ་བློ་གྲོས་རྒྱལ་མཚན། རྗེ་ཕྱོགས་ལས་རྣམ་རྒྱལ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས། རྡོ་རྗེ་འཛིན་པ་བློ་བཟང་དཔལ་འབྱོར། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །རྟ་མགྲིན་གསང་སྒྲུབ་གོང་འོག་གི་རྗེས་གནང་རྒྱལ་བ་དགེ་འདུན་རྒྱ་མཚོའི་དེའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སྐུ་ཞབས་རྒྱལ་བའི་དབང་པོ་ཆེན་པོ་ཡན་མངོན་རྟོགས་ལྟར་ལ། དེ་ཉིད་ལ་འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། རྡོ་རྗེ་འཆང་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། པཎ་ཆེན་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། ཁྱབ་བདག་འཇམ་དབྱངས་གྲགས་པ་བཞི་ཀས་གསན། དེ་རྣམས་ལ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་ཐོབ། ཡང་ན་ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། དབོན་སྟོན་སྐྱེར་སྒང་པ་ཆེན་པོ། གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆེན་པོ། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ་བཟང༌། སྣར་ཐང་པ་དོན་གྲུབ་བཟང་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། རྗེ་ཤེས་རབ་སེངྒེ་། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང༌། འཁྲུལ་བཤིག་རིན་ཆེན་བཤེས་གཉེན། རབ་འབྱམས་སྨྲ་བ་སངས་རྒྱས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ་བཟང༌། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ། རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས་ཆོས་དབང་གྲགས་པའི་སྡེ། རྡོ་རྗེ་འཆང་བློ་བཟང་དཔལ་འབྱོར། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ། གུང་རུ་སངས་རྒྱས་བཀྲ་ཤིས། རྡོ་རྗེ་འཆང་བསམ་སྒང་པ་ངག་གི་དབང་པོ། དེ་ལ་འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། རྡོ་རྗེ་འཆང་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། རྡོ་རྗེ་འཆང་བློ་བཟང་དཔལ་འབྱོར་གསུམ་གྱིས་གསན། དེ་གསུམ་ཆར་ལ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་ཐོབ་བོ། །སྣར་ཐང་ལུགས་ཀྱི་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་ངན་སོང་སྒོ་འགེབས་ཀྱི་རྗེ་གནང་སྣར་ཐང་བརྒྱ་རྩའི་སྟེང་ནས་བྱས་པའི་བརྒྱུད་པ་གོང་གི་ཐུབ་པ་གཙོ་རྐྱང་བཞིན་ནོ། །བཅོམ་ལྡན་འདས་གཞན་གྱི་མི་ཐུབ་མའི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ་གྱི་རྗེས་གནང་སྒྲུབ་ཐབས་རྒྱ་མཚོའི་ཆོག་སྒྲིགས་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ཨ་བྷྱ་ཀ་ར། ཤུ་བྷ་མ་ཀ་ར། པུ་ཛ་ཏི། རཏྣ་རཀྵི་ཏ། གོ་ཏམ་ཤྲི། ཀིརྟི་པཎ་ཆེན། ལོ་ཙཱ་བ་གྲགས་རྒྱལ། རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་ནམས་རྒྱལ་མཚན། གཞོན་ནུ་སེངྒེ་། མགོན་པོ་འབུམ། དཔལ་ལྡན་པ། ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་བཟང༌། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེངྒེ་། དཀོན་མཆོག་འཕེལ། དཀོན་མཆོག་ལྷུན་འགྲུབ། དཀོན་མཆོག་རྒྱ་མཚོ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན། ཆོས་རྗེ་བཅོ་བརྒྱད་པ་བྱམས་པ་ངག་དབང་ལྷུན་འགྲུབ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་ལོ་ཙཱ་བ་གྲགས་རྒྱལ། རོང་པ་ཤེར་བཟང༌། བག་སྟོན་གཞོན་ཚུལ། མཁན་ཆེན་ཤེར་རྡོར། རིན་ཆེན་འཕེལ། ཀུན་དགའ་བསོད་ནམས། མཁན་ཆེན་བྱང་སེམས། ཆོས་ཀྱི་འོད་ཟེར། མཁྱེན་རབ་བསྟན་འཛིན། བྱམས་པ་ངག་དབང་ལྷུན་འགྲུབ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས་གོང་འོག་རྣམས་ཀྱི་རྗེས་གནང་སྣར་ཐང་བརྒྱ་རྩའི་ཆོག་སྒྲིགས་སྟེང་ནས་བྱས་པའི་བརྒྱུད་པ་ནི་ཐུབ་པ་གཙོ་རྐྱང་ལྟར། རྡོར་སེམས་ཡབ་རྐྱང༌། སྡེ་བ་སྦྱིན་པ་དང༌། ད་ལེ་ཧཱུང་ལ་གནང་བ་གཉིས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། ཁྱབ་བདག་འཇམ་དབྱངས་གྲགས་པ། དེས་བདག་འཇམ་དབྱངས་པ་བཞད་པའི་རྡོ་རྗེ་ལའོ། །བཀའ་གདམས་ལྷ་བཞིའི་དེའི་ནང་ཚན་གྱི་སྒྲོལ་མ་གཙོ་འཁོར་གསུམ་མ་དང༌། མི་གཡོ་བ་གཙོ་རྐྱང་གཉིས་དང༌། འདི་ན་མེད་ཀྱང་ཐུབ་པ་གཙོ་འཁོར་གསུམ་པ། སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་སྟེ་བཀའ་གདམས་ལྷ་བཞི་མཁན་ངག་ཆོས་པའི་ཡི་གེའི་སྟེང་ནས་བྱས་པའི་བརྒྱུད་པ་ནི། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། ཁྱབ་བདག་འཇམ་དབྱངས་གྲགས་པ། རྡོ་རྗེ་འཆང་ཕྲེང་བ་པ་ཕུན་ཚོགས་ལེགས་མཆོག །དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །རྡོ་རྗེ་རྣམ་འཇོམས་ལྗང་སྔོན་བ་རི་ལུགས་ཀྱི་རྗེས་གནང་ལུང་གསུམ་གྱི་ཆིང་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་བ། རྩེ་བ་ཆེན་པོ། རྗེ་གྲགས་རྒྱལ། ས་པཎ། འཕགས་པ་རིན་པོ་ཆེ། བླ་མ་བསོད་ནམས་དབང་ཕྱུག །བླ་མ་རིན་ཆེན་དཔལ། བླ་མ་བྱང་ཆུབ་གཞོན་ནུ། མཁན་ཆེན་བྱང་ཆུབ་སེངྒེ་། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྗེ་བཙུན་ངོར་ཆེན། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱ་འགྱུར་བ་བསོད་ནམས། རྗེ་སྒོ་རུམ་པ། མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་རབ། མགོན་པོ་བསོད་ནམས་མཆོག་ལྡན། རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ། རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ། ཡང་རྡོ་རྗེ་འཆང་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་ནས་ཀྱང་ངོ༌། །སྒྲོལ་ལྗང་གཙོ་རྐྱང་གི་སྒྲུབ་ཐབས་ཀུན་དའི་གཉེན་ནི་སྣར་ཐང་བརྒྱ་རྩའི་ཆིང་གི་སྟེང་ནས་བྱས་པའི་བརྒྱུད་པ་གོང་ལྟར་རམ། ཡང་ན་ལུང་གསུམ་གྱི་སྟེང་ནས་ཐོབ་པའི་རྒྱལ་བའི་དབང་པོ་ཆེན་པོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་སློབ་དཔོན་ལྷན་སྐྱེས་རོལ་པའི་ལུགས་ལྟར་གྱི་སྒྲུབ་ཐབས་ཀྱི་རྗེས་གནང༌། སྐུ་གསུང་ཐུགས་བྱིན་རླབས་ཀྱི་སྟེང་ནས་བྱས་པའི་བརྒྱུད་པ་ནི། སྔར་གྱི་གཞན་གྱི་མི་ཐུབ་མ་ལྟར་རོ། །དགེ་སློང་མ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ། རྗེ་དགེ་འདུན་རྒྱ་མཚོའི་ཆིང་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། རྡོ་རྗེ་འཆང་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་སྣར་ཐང་བརྒྱ་རྩའི་ཆིངས་ལྟར་བྱས་པའི་བརྒྱུད་པ་ཐུབ་པ་གཙོ་རྐྱང་བཞིན་ནོ། །མ་ཏི་ལུགས་ཀྱི་འཇམ་དཀར་གོང་འོག་རྣམས་རྒྱ་སྟོན་གྱི་ཡི་གེའི་སྟེང་ནས་རྗེས་གནང་བརྒྱུད་པ་ནི། འཇམ་དབྱངས། ཛེ་ཏཱ་རི། སྒེག་པའི་རྡོ་རྗེ། ནོར་བུ་གླིང་པ་ཆུང་བ། སློབ་དཔོན་འབྱུང་གནས་སྦས་པ། པཎ་ཆེན་ཤཱཀྱ་ཤྲི། ཁྲོ་ལོ་བྱམས་པའི་དཔལ། མཁན་ཆེན་དབང་ཕྱུག་གྲགས། རྒྱ་སྟོན་ཀུན་དགའ་ཚུལ་ཁྲིམས། མཁན་ཆེན་བརྩོན་འགྲུས་བྱང་ཆུབ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། སྙུག་ལ་པཎ་ཆེན། འཇམ་དབྱངས་གྲགས་པ། ཕྱོགས་ལས་རྣམ་རྒྱལ། འཇམ་དབྱངས་ཚེ་དབང་ཀུན་མཁྱེན། རྗེ་དབང་ཕྱུག་རྒྱལ་མཚན། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། རྗེ་རིན་ཆེན་རྒྱ་མཚོ། པཎ་ཆེན་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། རྡོ་རྗེ་འཛིན་པ་བློ་བཟང་ངག་དབང༌། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ཡང་ཡི་དམ་སྤྱི་འགྲོའི་རྗེས་གནང་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང༌། ལྷ་བཙུན་རིན་ཆེན་རྒྱ་མཚོ། པཎ་ཆེན་བཟང་པོ་བཀྲིས། པཎ་ཆེན་ཡེ་ཤེས་རྩེ་མོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། པཎ་ཆེན་བསོད་ནམས་གྲགས་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ། དེ་ལ་དགེ་འཕེལ་དོམ་ར་བ་དང༌། གུང་རུ་སངས་རྒྱས་བཀྲ་ཤིས་གཉིས་ཀས་གསན། དེ་གཉིས་ཀ་ལ་པཎ་ཆེན་བསམ་སྒང་པ་ངག་གི་དབང་པོ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། དེས་བདག་ལའོ། །ཡང་ན། དགེ་འཕེལ་དོམ་ར་བ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། དེས་བདག་ལའོ། །ཡང་ན། ཤེས་རབ་རྡོ་རྗེ། ནམ་མཁའ་བསོད་ནམས། འབུམ་ཕྲག་གསུམ་པ། ནམ་རིན་པ། ཤཱཀྱ་ཀུན་དགའ། རྗེ་དབང་ཕྱུག་རྒྱལ་མཚན་མན་གོང་ལྟར། སྒྲུབ་ཐབས་བརྒྱ་རྩ་ནས་གསུངས་པའི་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་ཅན་གྱི་རྗེས་གནང་བ་རི་བརྒྱ་རྩའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ་ཡན་བ་རི་བརྒྱ་རྩ་ལྟར་ལ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་ཡུམ་བཅས་ལ་རྗེས་གནང་མི་སྣང༌། ཇོ་བོ་ལུགས་ཛམ་ལྷ་འབྲུག་བཞོན་གྱི་བྱིན་རླབས་ཡིག་རྙིང་གི་སྟེང་ནས་ཐོབ་བའི་བརྒྱུད་པ་ནི། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། ཁྱབ་བདག༌འཇམ་དབྱངས་གྲགས་པ། སྐྱོར་ལུང་མཁན་ཆེན་མཁས་མཆོག་ལེགས་པ་དོན་གྲུབ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །གྲོལ་དིང་ཆོས་སྡེའི་ཁྲོ་བོ་སྨེ་བརྩེགས་ཀྱི་རྗེས་གནང་མ་ཐོབ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་རྒྱུན་ཁྱེར་གོང་འོག་ཚར་ལུང་ལྟར་གྱི་བརྒྱུད་པ་ནི། སྐུ་ཞབས་རིན་པོ་ཆེ་ཡན་གསན་ཡིག་ལྟར་ལ། དེ་ནས་རྡོ་རྗེ་འཆང་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། དེས་བདག་ལའོ། །ཡང་རྗེ་བཙུན་སྒྲོལ་མ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ། འབྲོམ་སྟོན་པ། སྤྱན་སྔ་བ། དགེ་བཤེས་སླེ་ནག་བ། རྗེ་དྭགས་པོ་རིན་པོ་ཆེ། དུས་གསུམ་མཁྱེན་པ༷། ཨུ༷ས་སེ། ཁམས་པ་དབང་རྡོར། དབང་ཕྱུག་སེངྒེ་། ཁམས་པ་བྱ་བྲལ་བ། བླ་མ་ཤེས་རབ་གཞོན་ནུ། སྤྱན་སྔ་ཆོས་ཀྱི་རྒྱལ་པོ། དེ་གཉིས་ཀ་ལ་རི་ཁྲོད་ཆོས་རྗེ་གཞོན་ནུ་རྒྱལ་མཚན། རས་ཆེན་གཞོན་ནུ་དཔལ་ལྡན། རྗེ་གྲགས་པ་རྒྱལ་མཚན། ཆོས་རྗེ་རྣམ་རྒྱལ་མགོན་པོ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། བླ་མ་ཤཱཀྱ་ཀུན། རྗེ་དབང་ཕྱུག་རྒྱལ་མཚན། དྲིན་ཆེན་རིན་ཆེན་རྒྱ་མཚོ། པཎ་ཆེན་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། རྡོ་རྗེ་འཛིན་པ་བློ་བཟང་དཔལ་འབྱོར། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ། ཡང་སྤྱན་སྔ་བ། བྱ་ཡུལ་བ། དྭགས་པོ་ལྷ་རྗེ། ཞང་གསུམ་ཐོག་པ། བླ་མ་བཀའ་ཚལ་བ། སློབ་དཔོན་རིན་ཆེན་བཟང༌། མཁན་ཆེན་བདེ་པ་དཔལ། མཁན་ཆེན་བཀའ་བཞི་པ་གྲགས་པ་གཞོན་ནུ། བུ་སྟོན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཞོན་ནུ་རྒྱལ་མཚན། ཡང་ན་སླེ་ནག་པ། བླ་མ་བསམ་གཏན་དར། ཆོས་རྗེ་མི་ཉག་པ། ཆོས་རྗེ་ཆོས་འབྱུང་བ། ཆོས་རྗེ་རབ་སྟོན་པ། ཤར་རབ་འབྱམས་པ། རྣམ་རྒྱལ་མགོན་པོ་མན་གོང་བཞིན་ནོ། །འཇམ་དབྱངས་ནག་པོ་གསེར་ཆོས་ཀྱི་རྗེས་གནང་བརྒྱུད་པ་ནི། རྡོ་རྗེ་གདན་པ། བ་རི་བ། ས་སྐྱ་གོང་མ་ལྔ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་ཡེ་ཤེས་དཔལ། བློ་བཟང་དཀར་པོ། དཀོན་མཆོག་ཤེས་རབ། བྲག་སྟོན་ཤེས་རབ་དཔལ་ལྡན། རྡོར་གདན་བ་ཀུན་དགའ་རྣམ་རྒྱལ། སློབ་དཔོན་ཆོས་མཆོག །མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། སྔགས་འཆང་ཚེ་དབང་བཀྲ་ཤིས། འཇམ་དབྱངས་ཚེ་དབང་ཀུན་མཁྱེན། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། ཉི་མ་གླིང་བ་ཚུལ་ཁྲིམས་བཀྲ་ཤིས། རྗེ་རིན་ཆེན་རྒྱ་མཚོ། པཎ་ཆེན་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། རྡོ་རྗེ་འཆང་བློ་བཟང་དཔལ་འབྱོར། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    སྤྱན་རས་གཟིགས་ཉེ་བརྒྱུད་ཀྱི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ་གྱི་རྗེས་གནང་གི་བརྒྱུད་པ་ནི། སྤྱན་རས་གཟིགས་རྒྱལ་པོ་སྲོང་བཙན་སྒམ་པོས་ལྷ་ས་བར་ཁང་ནས། ཏ་ལེའི་བླ་མ་བཛྲ་དྷ་ར་ལ་གནང༌། དེས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་རིག་འཛིན་ཆེན་པོ། རྒྱལ་བ་ཐམས་ཅད་ཀྱི་བདག་པོ་རིན་པོ་ཆེ་བཛྲ་དྷ་ར། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན། རྒྱལ་དབང་མཆོག །དེ་ལ་སྐྱི་ཤོད་ཞབས་དྲུང་རིན་པོ་ཆེ་དང༌། ཁྱབ་བདག་འཇམ་དབྱངས་གྲགས་པ་གཉིས་ཀས་གསན། དེ་གཉིས་ཀ་ལ་བདག་འཇམ་དབྱངས་བཞད་པའི་འོ། །ཡང་ན། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱལ་མཚོ་དང༌། པཎ་ཆེན་བཀའ་འགྱུར་བ་གཉིས། དེ་ལ་བདག་གིའོ། །བ་རི་ལུགས་ཀྱི་འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་རྗེས་གནང་ནི། རྒྱལ་དབང་མཆོག །དེས་བདག་ལ། ཡང་ན། འཇམ་དབྱངས། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ། ས་ཆེན། རྩེ་མོ། གྲགས་རྒྱན། ས་པཎ། འཕགས་པ། བླ་ཆེན་རོང་པ། ཀྲ་ཨ་ཀར་སིདྡྷི། བྲག་ཁ་བ་གྲགས་སེང༌། བླ་མ་བསོད་ནམས་རྒྱལ་མཚན། ལོ་ཆེན་བྱང་ཆུབ་རྩེ་མོ། ཆོས་སྒོ་བ་ཤེས་རབ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཉུག་ལ་པཎ་ཆེན་ངག་དབང་གྲགས་པ། འཇམ་དབྱངས་གྲགས་པའི་དཔལ་ལྡན། མཁྱེན་རྩེ་ཚེ་དབང་ཀུན་མཁྱེན། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། རྗེ་རིན་ཆེན་རྒྱ་མཚོ། པཎ་ཆེན་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། རྡོ་རྗེ་འཆང་བློ་བཟང་དཔལ་འབྱོར། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་བྱིན་རླབས། རྒྱལ་དབང་མཆོག་གི་ཡི་གེའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། ཁྱབ་བདག་འཇམ་དབྱངས་གྲགས་པ། སྐྱོར་ལུང་མཁན་པོ་གྲགས་པ་དོན་གྲུབ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    བདེ་མཆོག་དཀར་པོའི་རྗེས་གནང་འཇམ་པའི་དབྱངས་ཀྱི་གསུང་གི་སྟེང་ནས་ཐོབ་པའི་བརྒྱུད་པ་འཇམ་དབྱངས་ཆོས་སྐོར་བཞིན། དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོའི་རྗེས་གནང་ལུང་གསུམ་གྱི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྒྱལ་བའི་དབང་པོ་རིན་པོ་ཆེ། ཁྱབ་བདག་འཇམ་དབྱངས་གྲགས་པ། དེས་བདག་ལའོ། །གཞན་ཡང༌། འདིར་མི་ཐེ་བའི་རིགས་གསུམ་མགོན་པོ། འཇམ་དབྱངས་དམར་སེར། སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། ཕྱག་རྡོར་བཛྲ་པཱ་ནི་གསུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཁྲི་རིན་པོ་ཆེ་གུར་སྨོན་པ་བློ་བཟང་དོན་ཡོད། དེས་བདག་ལའོ། །ཡང་སྔ་མ་ལྟར་གྱི་སྟེང་ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་ཡི་དམ་སྤྱི་འགྲོའི་རྗེས་གནང་ལྟར་གཏོར་མ་ལ་བརྟེན་ནས་ཐོབ་པའི་བརྒྱུད་པ། པཎ་ཆེན་ཐམས་ཅད་མཁྱེན་པ། པཎ་ཆེན་བསམ་སྒང་པ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་གྱི་གཏོར་དབང༌། ཆང་ཐོད་པ་སོགས་ཀྱི་རྫས་ལ་བརྟེན་ནས་ཐོབ་པའི་གུ་རུ་དྲག་པོའི་རྗེས་གནང་བརྒྱུད་པ་ནི། མངའ་བདག་མྱང་སོགས་ནས་བརྒྱུད་དེ། རྒྱལ་བ་དགེ་འདུན་རྒྱལ་མཚོ། ཆོས་རྗེ་ཡོན་མཆོག་པ། གྱེ་རེ་ལྷ་བཙུན། ཏ་ལའི་བླ་མ། འཁོན་སྟོན། ཟུར་རིག་འཛིན། རྒྱལ་དབང་མཆོག །ཁྱབ་བདག་འཇམ་དབྱངས་གྲགས་པ།.....བརྒྱུད་པ་དེ་ལྟར་ཡིན་ཞེས་རྗེས་གནང་དུས་ཁྱབ་བདག་འཇམ་དབྱངས་གྲགས་པ་ཉིད་གསུངས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་ཆོས་རྗེ་ཤེར་བཟང༌། སྒོམ་སྡེ་ནམ་མཁའ་རྒྱལ་མཚན། པཎ་ཆེན་ཐམས་ཅད་མཁྱེན་པ། དགེ་འཕེལ་གྲུབ་ཆེན་དགེ་ལེགས་དར་རྒྱས། འཇམ་མགོན་བླ་མ་ཁྲི་རིན་པོ་ཆེ། དེས་བདག་ལའོ། །ཡང་ཆོས་རྗེ་བདེ་ལེགས་ཉི་མ། རྗེ་ནམ་མཁའ་རྒྱལ་མཚན་མན་འདྲ། རྟ་མགྲིན་གསང་སྒྲུབ། མི་གཡོ་སྔོན་པོ། སྤྱན་རས་གཟིགས་བཅུ་གཅིག་ཞལ་རྣམས་རྒྱལ་དབང་མཆོག་གི་ཡི་དམ་སྒྲུབ་སྐོར་གྱི་རྗེས་གནང་བརྒྱུད་པ་དང་འདྲ། ཁྱུང་ཁྲའི་རྗེས་གནང༌། རྗེ་དགེ་འདུན་རྒྱ་མཚོའི་ཆིངས་འདིའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་གོང་མ་ལྔ། ཡང་ན། ཨ་ནནྟ་པ། གཙང་བྱམས་པ། མཁས་གྲུབ་ཤེས་རབ་འོད་ཟེར། རྡོ་རིང་ཀུན་དགའ་རྒྱལ་མཚན། མཁན་ཆེན་བྱམས་པ་བཟང་པོ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྣལ་འབྱོར་དབང་ཕྱུག་གཟུངས་ཀྱི་དཔལ། གྲུབ་ཆེན་བཟང་པོ་རྒྱལ་མཚན། ཡབ་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཁྲི་རིན་པོ་ཆེ་རྡོ་རྗེ་འཆང་ལྷ་ས་བ་དགེ་འདུན་རྒྱལ་མཚན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། གུང་རུ་སངས་རྒྱས་བཀྲ་ཤིས། པཎ་ཆེན་བསམ་སྒང་པ་དང༌། དགེ་འཕེལ་དོམ་ར་བ་གཉིས་ཀ་ལ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོས་གསན། དེ་ལ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་སོ། །མི་གཡོ་བ་དཀར་པོར་སྤྱི་བཀའ་ཟུར་བཀའ་གཉིས་ལས། ཟུར་བཀའ་ལས་ཚོགས་དང་བཅས་པ་ཟུར་དུ་གསལ། སྤྱི་བཀའ་སྣར་ཐང་བརྒྱ་རྩ་ལྟར་བྱས་པའི་བརྒྱུད་པ་རྒྱལ་དབང་མཆོག་གི་སྒྲུབ་ཐབས་ནང་གི་ཐུབ་པ་གཙོ་རྐྱང་བཞིན། འཇམ་དཀར་མ་ཏི་ལུགས་སྐུ་ཞབས་ཀྱི་ཡི་དམ་སྒྲུབ་སྐོར་ལྟརགྱི་བརྒྱུད་པ་ལྟར་དང༌། དགེ་ལུགས་ནས་བརྒྱུད་པའི་སྐུ་ཞབས་ཀྱི་ཡི་དམ་སྒྲུབ་སྐོར་ནང་གི་བརྒྱུད་པ་ལྟར་རོ། །ཕག་དཀར་ཤེས་རབ་གསལ་བྱེད་ནི། ཁྱབ་བདག་འཇམ་དབྱངས་གྲགས་པ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་འདིའི་ནང་བཞིན་ཐོབ་པའི་ཉེ་བརྒྱུད་ནི། རྗེ་བཙུན་མ་ཡིད་བཞིན་འཁོར་ལོ། ཟུང་འཇུག་སྒྱུ་མའི་གར་མཁན་མཁས་གྲུབ་ནོར་བཟང་རྒྱ་མཚོ། གངས་ཅན་མགོན་པོ་རྒྱལ་བ་དབྱངས་ཅན་བཞད་པའི་རྡོ༷་རྗེ༷། པཎ་ཆེན་བསོད་ནམས་གྲགས་པ།.....འདི་ལ་ལ་ན་འདུག་ཀྱང་ལ་ལ་ན་མི་འདུག་པས་དཔྱད། ཨེ་པ་ཤེས་རབ་རྒྱལ་པོ། མཁས་གྲུབ་སངས་རྒྱས་ཡེ་ཤེས།.....འདི་ཡན་ཆད་སྐྱིད་ཤོད་ཞབས་དྲུང་གི་གསན་ཡིག་ལྟར། པཎ་ཆེན་ཐམས་ཅད་མཁྱེན་པ། རྒྱལ་བའི་དབང་པོ་རྡོ་རྗེ་འཆང༌། དེ་ལ་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། དེ་གཉིས་ཀ་ལ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་སོ། །ཡང་རྗེ་བསམ་སྒང་པ་སོགས་ནས་ཀྱང་བརྒྱུད། བདེ་མཆོག་དཀར་པོ་འཇམ་དབྱངས་ཆོས་སྐོར་ལྟར། ཚེ་དབང་ལྷ་གཅིག་བུམ་གཅིག་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་གསང་སྔགས་ཀྱི་སྡོང་པོ། སྐྱེ་མེད་རས་ཆུང་རྡོ་རྗེ་གྲགས་པ། དབང་ཕྱུག་མི་ལ་རས་ཆེན། བཀའ་རྒྱུད་དགས་པོ་ལྷ་རྗེ། བདེ་གཤེགས་ཁམས་པ་རྡོར་རྒྱལ། འབྲི་ཁུང་སྐྱོ་ར་རིན་པོ་ཆེ། ཆོས་རྗེ་སྤྱན་མངའ་བ། རྒྱལ་བ་ཡངས་དགོན་པ། ཐུགས་སྲས་སྤྱན་སྔ་རིན་པོ་ཆེ། ཀུན་མཁྱེན་ཟུར་ཕུག་པ། འབའ་ར་བ་རྒྱལ་མཚན་དཔལ་བཟང༌། སྐྱེས་མཆོག་ཨཱ་ནན་ཆོས་རྗེ། ཆོས་རྗེ་དཔལ་འབྱོར་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། པཎ་ཆེན་བསོད་ནམས་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། ཟུར་ཆོས་དབྱིངས་རང་གྲོལ། འཁོན་སྟོན་དཔལ་འབྱོར་ལྷུན་འགྲུབ། རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ། ཡང་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ། དེ་ལ་འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ། སྐྱིད་ཤོད་ཞབས་དྲུང་རྡོ་རྗེ་འཆང༌། རྡོ་རྗེ་འཆང་བློ་བཟང་དཔལ་འབྱོར། པཎ་ཆེན་བཀའ་འགྱུར་པ་སྦྱིན་པ་རྒྱ་མཚོ་བཞི་ཀས་གསན། དེ་བཞི་ཀ་ལ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་སོ། །ཡང་ན། འབའ་ར་བ་ནས། ཀུན་མཁྱེན་ཤེས་རབ་དཔལ་བཟང༌། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དཔལ་བཟང༌། འཁྲུལ་ཞིག་རིན་ཆེན་བཤེས་གཉེན། རབ་འབྱམས་སྨྲ་བ་སངས་རྒྱས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ་བཟང༌། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས། དེས་བདག་ལའོ། །ཡང་ན་པཎ་ཆེན་ཐམས་ཅད་མཁྱེན་པ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས། དེས་བདག་ལའོ། །ཡང་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་ནས་བརྒྱུད་དེ། ཀུན་མཁྱེན་ཤེས་རབ་སེང་གེ །འདུལ་འཛིན་དཔལ་ལྡན་བཟང་པོ། འཇམ་དབྱངས་དགེ་འདུན་འཕེལ། རྡོ་རྗེ་འཆང་བཀྲ་ཤིས་འཕགས། པཎ་ཆེན་བསམ་འགྲུབ་རྒྱ་མཚོ། རྡོ་རྗེ་འཆང་བརྩོན་འགྲུས་འཕགས། མཁས་གྲུབ་རྡོ་རྗེ་བཟང་པོ། རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རིགས་ཀུན་བདག་པོ་རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་ཡར་འཕེལ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་ཕྱི༷་དོན་ཉིན་དེ་ཉིད༷་གཟབ་བཤད་གཞན་ལས་ཁྱད་བཏོན་བཅས་གནང༌། བྱང་སེམས་ཟླ་བ་རྒྱལ་མཚན་ལ་ཞལ་གཟིགས་པའི་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་རྗེས་གནང་ཡིག་རྙིང་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། བྱང་སེམས་ཟླ་བ་རྒྱལ་མཚན་ནས་རིམ་བཞིན་བརྒྱུད་དེ། ཞང་བྱང་ཆུབ་རིན་པོ་ཆེ། སྐྱི༷ད་སྟོན་སངས་རྒྱས་དཔལ། བྲག་སྟོན་ཚུལ་ཁྲིམས་རྒྱལ་མཚན། བྱང་སེམས་ཤེས་རབ་རྒྱལ་མཚན། མཁས་གྲུབ་ཆོས་ཀྱི་རྗེ་རིན་པོ་ཆེ། བ་སོ་ཆོས་ཀྱི་རྒྱལ་མཚན། བླ་མ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་ཤེས་རབ་དར་རྒྱས། རྗེ་ཆོས་གྲགས་བཟང་པོ། བྲག་དགོན་སྤྱན་སྔ་བ། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་འགྲུབ། ཟུར་ཆོས་དབྱིངས་རང་གྲོལ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས། ཕ་བོང་ཁ་བ་འཇམ་དབྱངས་གྲགས་པ། ཁྱ༷བ་བདག་འཇམ་དབྱངས་གྲགས་པ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ཁྲོ་བོ་སྨེ་རྩེགས་ཀྱི་རྗེས་གནང་བརྒྱུད་པ་ནི། སྟོན་པ་སངས་རྒྱས། ཕྱག་རྡོར། མཁའ་འགྲོ་སེངྒེའི་གདོང་ཅན། གྲུ་སྤང་རྩ་བ་རྡོ་རྗེ་སེངྒེ་། བྲག་ནག༷་བྱང་སེམས་ཆེན་པོ། བླ་མ་དངོས་གྲུབ་རྒྱལ་མཚན། སློབ་དཔོན་བསོད་ནམས་དར། བེ་ཕུག་པ་བདེ་ལེགས་རྒྱལ་མཚན། རིག་འཛིན་ཆོས་རྒྱལ་བསོད་ནམས། སྔགས་འཆང་ཆོས་སྐྱོང་བསོད་ནམས། མཁྱེན་རྩེ། དབང་རབ། བཀའ་འགྱུར་བ་རིན་ཆེན་རྒྱ་མཚོ། རྡོ་རྗེ་འཆང་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པ་ལའོ། །ཡང་རྡོ་རྗེ་འཆང་སྦྱིན་པ་རྒྱ་མཚོ། རྡོ་རྗེ་འཆང་ངག་དབང་དཔལ་འབྱོར། དེས་བདག་ལའོ། །

    ཁྲོ་བོ་སྨེ་རྩེགས་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་བརྒྱུད་པ་ནི། འཇམ་དབྱངས། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་བ། ས་ཆེན། གྲགས་པ། ས་པཎ། བླ་མ་གྲྭ་ཐང་པ། བླ་མ་ཀུན་བསོད། བླ་མ་བློ་གྲོས་དཔལ། དགེ་བཤེས་སེངྒེ་། མཁན་པོ་ཤེས་རབ་དཔལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་བསོད་ནམས་སེངྒེ་། སྒོ་རུམ་པ་ཀུན་ལེགས། ཀུན་མཁྱེན་མཁྱེན་བརྩེ། དབང་རབ། བཀའ་འགྱུར་བ་རིན་ཆེན་རྒྱ་མཚོ། པཎ་ཆེན་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    མི་བསྐྱོད་པའི་རིགས་ཀྱི་ཁྲོ་བོ་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་དབང་བཞི་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་སེངྒེའི་གདོང་པ་ཅན། གྲུབ་ཆེན་ཤ་བ་རི་པ། པཎ་ཆེན་ཛ་བ་རི་པ། བལ་པོ་པཎྜི་ཏ་དེ་བ་པུར་ན་མ་ཏི། འགར་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། དམར་སྒང་བུ་བ་ཆོས་ཀྱི་རྒྱལ་མཚན། དམར་ཤེས་རབ་རྡོ་རྗེ། དམར་ཐུབ་པ་ཤེས་རབ། དམར་བརྩོན་འགྲུས་རྡོ་རྗེ། དམར་ཆོས་ཀྱི་རྒྱལ་པོ། དམར་ཤཱཀྱ་གྲུབ་པ། བླ་མ་གྲགས་པ་དཔལ། བླ་མ་ཚུལ་རྒྱལ་པ། ཀུན་མཁྱེན་ཤེས་རབ་དཔལ་བཟང༌། མཁས་གྲུབ་དགེ་ལེགས་དཔལ་བཟང༌། གྲུབ་ཆེན་བཟང་པོ་རྒྱལ་མཚན། རྗེ་ངག་དབང་བློ་གྲོས། དམར་སྟོན་ཚུལ་ཁྲིམས་རིན་ཆེན། རྗེ་དྲུང་དགེ་འདུན་བཀྲ་ཤིས། དྲུང་པ་ལྷ་བཙུན་བསོད་ནམས་དཔལ་བཟང༌། ཤར་ཆེན་ནམ་མཁའ་རྒྱལ་མཚན། བྱང་མ་ཁང་གསར་པ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ། བླ་མ་ཞང་འཕྲིན་ལས་ལྷུན་གྲུབ། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། རིགས་ཀུན་བདག་པོ་རྡོ་རྗེ་འཆང་ཆེན་ངག་དབང་བསྟན་འཛིན་འཕྲིན་ལས་ཆོས་དབང་གྲགས་པའི་སྡེ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་དམར་ཆོས་ཀྱི་རྒྱལ་མཚན་ནས། སྒང་སྟོན་རིན་ཆེན་བླ་མ། སྒང་སྟོན་ཤེས་རབ་འབུམ། གྲུ་སྟོན་ཤེས་རབ་འབུམ། གྲུ་རྡོ་རྗེ་སེངྒེ་། གྲུ་ཆོས་ཀྱི་མགོན་པོ། ཁམ་སྟོན་ལྷོ་བརྩེགས། བླ་མ་བསོད་ནམས་དབང་ཕྱུག །བླ་མ་བྱང་ཆུབ་རིན་ཆེན། རྗེ་ཕྱོགས་ལས་རྣམ་རྒྱལ། རྗེ་བྱམས་པ་མགོན་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་མན་འདྲ། ཡང་ན་དམར་ཤཱཀྱ་གྲུབ། ཡང་རྩེ་པ་རིན་ཆེན་སེངྒེ་། བུ་སྟོན་རིན་པོ་ཆེ། བླ་མ་འཇམ་དབྱངས་དཀར་པོ། རྗེ་རིན་ཆེན་ལེགས། རྗེ་བློ་གྲོས་ཆོས་སྐྱོངས། གྲུབ་ཆེན་བཟང་པོ་རྒྱལ་མཚན་མན་འདྲའོ། །

    ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་ཙོང་ཁ་པ། མཁས་གྲུབ་རྗེ། རྗེ་ཆོས་ལྡན་རབ་འབྱོར། པཎ་ཆེན་ལུང་རིགས་རྒྱ་མཚོ། རྗེ་གྲགས་པ་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། ཁྱབ་བདག་རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས། དེས་བདག་ལའོ། ཁྱུང་ནག་མེའི་སྤུ་གྲིའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། པདྨ་བཛྲ། ཀླུ་སྒྲུབ། ཙནྡྲ་གོ་མི། རྒྱལ་པོ་དྷརྨ་ཕ་ལ། བླ་མ་ཟུངས་གླིང༌བ། ཁམ་པ་ཨ་སེང༌། རྗེ་སྲས་ཉལ་པ། དྷརྨ་སྙིིང་པོ། གཉན་སྟོན་རྒྱལ་མཚན། འཇམ་དཔལ་མགོན་པོ། ཚུལ་ཁྲིམས་བཟང་པོ། བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ། རྗེ་ཙོང་ཁ་པ། མཁས་གྲུབ་རྗེ་སྐུ་མཆེད། ཆོས་རྡོར། དབེན་ས་པ་ཡབ་སྲས། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། རིགས་ཀུན་གྱི་ངོ་བོར་བཞུགས་པ་ཁྱབ་བདག་རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས། དེས་བདག་ལའོ། །

    རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དངོས་སུ་གནང་བའི་ཟབ་ཆོས་འཇམ་དབྱངས་ཆོས་སྐོར་ལ། འཇམ་དབྱངས་དཔའ་བོ་གཅིག་པ། འཇམ་དབྱངས་ཨ་ར་པ་ཙ་ན། འཇམ་དབྱངས་ལུས་དཀྱིལ། འཇམ་དབྱངས་གསང་སྒྲུབ། འཇམ་དབྱངས་ནང་སྒྲུབ། བདེ་མཆོག་དཀར་པོ་ཚེ་སྒྲུབ། རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོ། སྒྲོལ་མ་དཀར་མོ་རྒྱལ་མཚན། ཆོས་རྒྱལ་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་སྟེ་ལྷ་བཅུ་གཅིག་གི་རྗེས་གནང་ལུང་བཅས་ཀྱི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། རྗེ་བཙུན་འཇམ་དབྱངས། སློབ་དཔོན་དཔའ་བོ་རྡོ་རྗེ། རྗེ་བཙུན་ཙོང་ཁ་པ་ཆེན་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང༌། བ་སོ་ཆོས་ཀྱི་རྒྱལ་མཚན། ལྷ་བཙུན་རིན་ཆེན་བློ་གྲོས་རྒྱ་མཚོ། པཎ་ཆེན་བཟང་པོ་བཀྲ་ཤིས། པཎ་ཆེན་རྒྱལ་བ་བསམ་འགྲུབ། པཎ་ཆེན་ནམ་མཁའ་བཟང་པོ། པཎ་ཆེན་རིགས་པ་སེངྒེ་། རྗེ་བཀྲ་ཤིས་རིན་ཆེན། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས་ཆོས་དབང་གྲགས་པའི་སྡེ། དེས་བདག་ལའོ། །

    འཇམ་ལུགས་ཀྱི་ཚེ་དཔག་མེད་ལྷ་ལྔ་པ་ལ་བརྟེན་པའི་ཚེ་དབང་གི་བརྒྱུད་པ་ནི། རྒྱལ་བ་ཚེ་དཔག་མེད། རྗེ་བཙུན་འཇམ་དབྱངས། བླ་མ་དབུ་མ་པ་། རྗེ་བཙུན་ཙོང་ཁ་བ་ཆེན་པོ། རྟོག་ལྡན་འཇམ་དཔལ་རྒྱ་མཚོ། མཁས་གྲུབ་དགེ་ལེགས་དཔལ་བཟང༌། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་རྡོ་རྗེ། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། དྲུག་པ་རྡོ་རྗེ་འཆང་ངག་དབང་བསྟན་འཛིན་འཕྲིན་ལས་ཆོས་དབང་གྲགས་པའི་སྡེ། དེས་བདག་ལའོ། །ཡང་ན་པཎ་ཆེན་ཐམས་ཅད་མཁྱེན་པ། རྒྱལ་དབང་མཆོག་གི་ཞབས། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། རྡོ་རྗེ་འཆང་ཆེན་ངག་དབང་བསྟན་འཛིན་འཕྲིན་ལས། དེས་བདག་ལའོ། །ཕྱག་རྡོར་ཨུ་ཙརྱའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཇམ་དཔལ་རྡོ་རྗེ་འཛིན། སློབ་དཔོན་པདྨ་བཛྲ། འཕགས་པ་ཀླུ་སྒྲུབ། མཁས་པ་ཙནྡྲ་གོ་མི། རྒྱལ་པོ་དྷརྨ་པ་ལ། བླ་མ་ཟུངས་གླིང་བ། ཁམ་པ་ཨ་སེང༌། ཞང་སྟོན་དཀོན་མཆོག།།རུ་སྨོན་མཁར་བ། སྐྱི་སྟོན་རུ་ཞང། དཀོན་མཆོག་བློ་གྲོས། རྗེ་ཆོས་གྲགས་པ། ཨེ་པ་འཁོན་སྟོན། ལོ་ཙཱ་བ་མཆོག་ལྡན། བླ་མ་རྒྱལ་འོད། སློབ་དཔོན་སྨྲ་པའི་སེདྒེ་། བྱ་ལྡེར་བྱང་ཆུབ་སེདྒེ་། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་རྒྱལ་བ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། སློབ་དཔོན་གྲུབ་ཆེན་རིན་པོ་ཆེ། དམ་ཚིག་རྡོ་རྗེ། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་ངག་དབང་བསྟན་འཛིན་འཕྲིན་ལས། དེས་བདག་ལའོ། །ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་རྗེས་གནང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་སྲོང་བཙན་སྒམ་པོ། ཡང་སྤྲུལ་བསོད་ནམས་རྒྱ་མཚོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། རྗེ་རྒྱལ་དབང་མཆོག་གི་ཞབས། རྡོ་རྗེ་འཆང་ཆེན་ངག་དབང་བསྟན་འཛིན་འཕྲིན་ལས། དེས་བདག་ལའོ། །རྡོ་རྗེ་གུར་ནས་གསུང་བའི་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་རྡོར། ཌཱ་ཀི་མ་དྲི་མེད་གཟི་བརྗིད། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། རྗེ་ས་པཎ། རྗེ་གྲགས་རྒྱལ། མཆིམས་སྟོན་ཆོས་ཀྱི་སེངྒེ་། འཇམ་གསར་ཤེས་རབ་འོད་ཟེར། རྒ་ལོ་རྣམ་རྒྱལ་རྡོ་རྗེ། སྲས་ཤེས་རབ་སེངྒེ་། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་བ་རྡོ་རྗེ་འཆང༌། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་ཆོས་འཕེལ། བདག་ཆེན་ངག་གི་དབང་ཕྱུ ཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། ཞྭ་ལུ་མཁན་པོ་རིན་ཆེན་བསོད་ནམས་མཆོག་གྲུབ། རྗེ་རྒྱལ་དབང་མཆོག་གི་ཞབས། རྡོ་རྗེ་འཆང་ཆེན་ངག་དབང་བསྟན་འཛིན་འཕྲིན་ལས། དེས་བདག་ལའོ། །

    མདོ་རྒྱུད་ཐམས་ཅད་ཚིག་ཙམ་མ་ཡིན་པར་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་བྱང་ཆུབ་ལམ་གྱི་རིམ་པ་ནི། རྗེ་བདག་ཉིད་ཆེན་པོའི་གསུང་མགུར་ལས། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ཡིས། །སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང༌། །གསུང་རབ་མ་ལུས་གདམས་པར་འཆར་བ་དང༌། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང༌། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང༌། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། །གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང༌། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་ཚོགས། །རླབས་ཆེན་བསྡུད་པར་ངེས་པར་དེ་དོན་བསམ། །དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིགས་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་མཛད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱེད་ཀྱང༌དེ་བཞིན་བསྐྱངས་འཚལ་ལོ། །ཞེས་གསུངས་པ་ལྟར་གྱི་བསྟོད་པ་དོན་དང་ལྡན་པའི་བྱང་ཆུབ་ལམ་རིམ་ལ་ཉམས་ཁྲིད་ཀྱི་བརྒྱུད་པ། བཀླག་ལུང་གི་བརྒྱུད་པ། ཟུར་འདེབས་བློ་སྦྱོང་གི་སྐོར། རྒྱབ་བརྟེན་སྡེ་སྣོད་དགོངས་འགྲེལ་དང་བཅས་པའི་སྐོར་དང་གསུམ་ལས། དང་པོ་ལ། དངོས་བསྟན་མདོ་ལུགས་ཀྱི་ཁྲིད། ཐུན་མོང་མ་ཡིན་པ་མདོ་སྔགས་ཟུང་འབྲེལ་གྱི་ཁྲིད་དང་གཉིས། དང་པོ་ལའང་གཉིས་ལས། རྒྱ་ཆེན་སྤྱོད་བརྒྱུད་ནི། སྟོན་པ་རྫོགས་པའི་སངས་རྒྱས་..... ཤཱསྟཱ་སམྱཀྶཾ་བུདྡྷ། རྒྱལ་ཚབ་རྗེ་བཙུན་བྱམས་པ་མགོན་པོ་.....མཻ་ཏྲི་ནཱ་ཐ། ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད།.....ཏྲི་བྷུ་མི་སྠན་ཨརྻ་ཨ་པྲ་ཏི་ཧ་ཏ། ཀུན་མཁྱེན་གཉིས་པ་གཅུང་དབྱིག་གཉེན།..... དྭི་ཏཱི་ཡ་སརྦ་ཛྙཱ་བ་སུ་མི་ཏྲ། འཕགས་པ་གྲོལ་སྡེ། ..... ཨརྱ་མུཀྟ་བརྒ་སེ་ན། བཙུན་པ་རྣམ་གྲོལ་སྡེ།..... བནྡེ་བི་མུཀྟ་བརྒ་སེ་ན། སློབ་དཔོན་ཆེན་པོ་མཆོག་གི་སྡེ།..... པཱ་ར་མ་སྱ་སེ་ན། རྒྱལ་སྲས་ཆེན་པོ་དུལ་པའི་སྡེ།.....ཤནྟ་སྱ་སེ་ན .....བི་ནི་ཏ་པ་སེ་ན། ཟ་ཧོར་མཁན་པོ་ཞི་བ་མཚོའམ་རྣམ་སྣང་མཛད།.....ས་ཧོ་ར་ཨུ་བ་དྷྱཱ་ཤནྟ་རཀྵི་ཏ། ཤེར་ཕྱིན་རྒྱས་མཛད་སེངྒེ་བཟང་པོ།.....མཧཱ་པཎྜི་ཏ་སིདྷ་བྷཱ་དྲ། མན་ངག་ཀུན་འཛིན་ཀུ་ས་ལི་ཆེ་བ་སྟེ་དགེ་བ་ཅན་ཆེ་བ།.....མ་ཧཱ་ཀུ་ས་ལི། བརྩེ་བའི་དབང་ཕྱུག་དགེ་བ་ཅན་ཆུང་བའམ་བྱམས་པའི་རྣལ་འབྱོར་པ།.....ཨལ་པ་ཀུ་ས་ལིའམ་ཡང་ན་མཻ་ཏྲིཾ་ཡོ་ཀི །གསེར་གླིང་རྒྱལ་པོ་ཆོས་ཀྱི་གྲགས་པ།.....ཀན་ཀ་དྭི་པ་རཱ་ཛ་དྷཱརྨཿཀིརྟི། སྣང་མཐའི་རྣམ་འཕྲུལ་ཇོ་བོ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས།.....དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། སྤྱན་རས་གཟིགས་དབང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས།.....ཛཱ་ཡཱ་ཀ་ར། འཛེད་.....དགོན་པ་དབང་ཕྱུག་རྒྱལ་མཚན.....ཤ་ཝ་རཱི་ཤྭ་ར་དྷྭ་ཛ། སྣེ་ཟུར་བ་ཡེ་ཤེས་འབར།.....མཧཱ་སིདྡྷ་ཛྙཱ་ན་ཛྭ་ལ། ཐག་མ་པ་ཀ་པ་དར་སེང༌།.....ཨུ་ཏ་ཡ་སིདྷ། ལྷོ་བྲག་པ།.....ཤུད་པུ། ནམ་མཁའ་སེངྒེ་།.....བོ་དྷི་སཏྭ་ཁ་ཧ་རི། ལྷོ་བྲག་པ།.....ཤུད་པུ། ནམ་མཁའ་རྒྱལ་པོ།.....བོ་དྷི་སཏཱ་ཨཱ་ཀ་ཤ་རཱ་ཛཱ། ལྷོ་བྲག་པ།.....ཤུད་པུ། སེངྒེ་བཟང་པོ།.....སུ་སདྷི། ལྷོ་བྲག་པ།.....ཤུད་པུ། རྒྱལ་སྲས་བཟང་པོ།.....ཛ་ཡ་པུཏྲ་བྷ་དྲ། ལྷོ་བྲག་པ།.....ཤུད་པུ། ཕྱག་ན་རྡོ་རྗེ་ནམ་མཁའ་རྒྱལ་མཚན།.....ཨཱ་ཀ་ཤ་དྷྭ་ཛ།རྒྱལ་བའི་ཡབ་གཅིག་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོ།.....དྭི་ཏཱི་ཡ་ཛ་ཡ་སུ་མ་ཏི་ཀིརྟཱི་ཤྲཱི་བྷ་དྲ། མདོ་སྔགས་བསྟན་པའི་སྲོག་ཤིང་མཁས་ཤིང་གྲུབ་པའི་དབང་ཕྱུག །.....སྣར་ཐང་པ། ཤེས་རབ་སེངྒེ་།.....པཎྜིཏ་སིདྡྷི་ཙེ་ཤྭ་ར་པྲཛྙཱ་སིདྷ༌། གངས་རིའི་མགོན་པོ།.....གུ་རམ་པ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ།.....སརྦ་ཛྙཱ་སཾ་གྷ་སིདྡྷི་བྷ་དྲ། ཟུང་འཇུག་སྒྱུ་མའི་གར་མཁན་དུས་ཞབས་པ།.....རྟ་ནག །ནོར་བཟང་རྒྱ་མཚོ།.....ཀཱ་ལ་ཙཀྲ་སུ་མ་ནི་ས་ག་ར། གངས་རིའི་མགོན་པོ།.....རྟ་ནག་པ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ།.....སརྦ་ཛྙཱ་སཾ་གྷ་ས་མུ་ཏྲ། ཁྲི་རིན་པོ་ཆེ་ཐོན་པ་མཁས་གྲུབ་དགེ་ལེགས་དཔལ་བཟང།.....པཎྜི་ཏ་ཤྲི་རྱ་ཤྲི་བྷཱ་དྲ། མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང།.....སིདྡྷ་དེ་བ་སྱ་བནྡེ་པུཎྱ་ཤྲཱི་བྷ་དྲ། གསང་གསུམ་རྒྱ་མཚོའི་མངའ་བདག་ཕྱག་ན་པདྨ།.....སྟོད་ལུང་པ། བསོད་ནམས་རྒྱ་མཚོ།.....ཏྲི་གུ་ཧྱ་ས་ར་ཨ་དྷི་པ་ཏི་པཎཽ་པདྨ་པུ་ནྱཱ་ས་ག་ར་ཤྲཱི་བྷ་དྲ། བྲག་དགོན་སྤྱན་མངའ་གཞོན་ནུ་ཆོས་དཔལ་བཟང་པོ།.....ཀུ་མ་ར་དྷཱརྨཿཤྲི་བྷ་དྲ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ།.....མ་ཧ་པཎྜི་ཏ་ཤྲི་བྷཱུ་ཏི། ཟུར་འཕྲིན་ལས་རབ་རྒྱས།.....དྷཱརྨ་དྷ་ཏུ་སྭ་མུཀྟ། གངས་རིའི་མགོན་པོ་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་བློ་བཟང་རྒྱལ་བའི་དབང་པོ་རིན་པོ་ཆེའི་ཞལ་མངའ་ནས་ལས་.....སརྦ་ཛ་ཡ་ཨ་དྷི་བ་ཏི་སརྦ་ཛྙཱ་ན་ཝ་ཀེནྡྲ་སུདྷཱི་ས་ག་ར་ཤྲཱི་བྷ་དྲ། འཇམ་དབྱངས་བླ་མ་.....ཧོར་འཕྲིན་ལས་རྒྱ་མཚོའི་ཞལ་མངའ་ནས་དང༌.....གུ་རུ་མཉྫུ་གྷོ་ཥ་ཀརྨཿས་མུ་ཏྲ། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་.....མདོ་སྨད་པ་སྦྱིན་པ་རྒྱ་མཚོའི་ཞལ་མངའ་ནས་རྣམ་གཉིས་ཀྱིས་གསན།.....ཨ་དྷི་པ་ཏི་དཱ་ན་ས་ག་ར། དེ་གཉིས་ལ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ཕྱོགས་ལས་རྣམ་རྒྱལ་གཞན་ཕན་དབང་པོའི་སྡེས་ཚར་རེ་རེ་ལེགས་པར་ཞུས་སོ། །.....མཉྫུ་གྷོ་ཥ་ཧ་ས་སྱ་བཛྲ། ཟབ་མོ་ལྟ་བརྒྱུད་ནི། སྟོན་པ་སངས་རྒྱས།.....ཤསྟཱ་ཤཱཀྱ་མུ་ནི། རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས།.....ཛ་ཡ་སྱཻ་ཀ་པི་ཏཱ་བྷཊྚ་ར་ཀ་མཉྫུ་གྷོ་ཥ། དྭ་ཏཱི་ཡ་བུདྡྷ་ཨརྱ་ནཱ་གཱརྫུ་ན།.....སངས་རྒྱས་གཉིས་པ་འཕགས་པ་ཀླུ་སྒྲུབ།.....སྟོན་པའི་མཚན་འཆང་བ་སྟེ་མིང་ལ་སྟོན་པ་གཉིས་པར་གྲགས་པ་ཡིན་གྱི་མཚན་དཔེའི་མཚན་མིན་ནོ། །ས་བཅུའི་དབང་ཕྱུག་དཔལ་ལྡན་ཟླ་བ།.....ད་ཤ་བྷཱུ་མཱི་ཤྭ་ར་ཤྲཱི་མཱ་ན་ཙནྡྲ་ཀིརྟི། རིག་པའི་ཁུ་བྱུག་ཆེ་བ།.....མཧཱ་བིདྱ་སྱ་ཀོ་ཀི་ལ། རིག་པའི་ཁུ་བྱུག་ཆུང་བ།.....ཨ་ཝ་བིདྱ་སྱ་ཀོ་ཀི་ལ། སྣང་བ་མཐའ་ཡས་དཔལ་ལྡན་ཨ་ཏི་ཤ །.....དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན། སྤྱན་རས་གཟིགས་དབང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས།.....ཛ་ཡཱ་ཀ་ར། སེམས་དཔའ་ཆེན་པོ་པོ་ཏོ་པ་རིན་ཆེན་གསལ།.....མ་ཧཱ་བོ་དྷི་སཏྭ་རཏྣ་ཀ་ཤ །སེམས་དཔའ་ཆེན་པོ་ཤ་ར་པ་ཡོན་ཏན་གྲགས།.....མ་ཧཱ་བོ་དྷི་ས་ཏཱ་གུ་ཎ་ཀིརྟི། རྗེ་འཆད་ཁ་པ་ཡེ་ཤེས་རྡོ་རྗེ།.....བོ་དྷི་སཏྭ་ཛྷཱ་ན་བཛྲ། སེ་སྤྱིལ་བུ་པ་ཆོས་ཀྱི་རྒྱལ་མཚན།.....བོ་དྷི་སཏྭ་དྷཱརྨ་དྷཱ་ཛ། ལྷ་དྲི་མེད་ལུང་གི་དབང་ཕྱུག་བྱང་ཆུབ་རིན་ཆེན།.....དེ་བ་བི་མ་ལཱ་ག་མེ་ཤྭ་ར་བོདྷི་རཏྣ། ལྷ་འགྲོ་བའི་མགོན་པོ་དབང་ཕྱུག་འོད་ཟེར།.....དེ་བ་ག་ཏ་ནཱ་ཐེ་ཤྭ་ར་བྲ་བྷ། རྗེ་ཟངས་ཆེན་པ་དར་མ་བསོད་ནམས།.....མཧཱ་བོ་དྷི་ས་ཏྭ་ད་ཡ་པུཎྱེ། རྗེ་མཚོ་སྣ་པ་ཤེས་རབ་བཟང་པོ།.....པྲཛྙབྷ་དྲ། རྗེ་མོན་གྲ་བ་ཚུལ་ཁྲིམས་བཀྲ་ཤིས།.....ཤཱི་ལ་མངྒ་ལཾ། མཁན་ཆེན་ཆོས་སྐྱབས་བཟང་པོ།.....མ་ཧོ་པ་དྷྱཱ་དྷཱརྨེ་ཎ་ཏྲཱ་ཏཾ་བྷ་དྲ། རྗེ་བདག་ཉིད་ཆེན་པོ་མན་འདྲ།.....དྭི་ཏཱི་ས་བུདྡྷ་སུདྷཱི་ཀིརྟི་ཤྲཱི་བྷ་ཏྲ། ཡང་གྲུབ་པའི་དབང་ཕྱུག་སྤྱན་སྔ་ཚུལ་ཁྲིམས་འབར།.....སུདྡྷ་ཨི་ཤྭ་ར་ཤཱི་ལ་ཛྭ་ལ། བྱ་ཡུལ་བ་གཞོན་ནུ་འོད།.....བོདྷི་སཏྭ་ཀུ་མ་རཱ་བྲ་བྷ། སྒྱེར་སྒོམ་བ་ཆེན་པོ་གཞོན་ནུ་གྲགས།.....བོདྷི་སཏྭ་ཀུ་མ་ར་ཀིརྟི། སངས་རྒྱས་དབོན་སྟོན་གཞོན་ནུ་འབྱུང་གནས།.....བོདྷི་ས་ཏྭ་ཀུ་མ་རྭ་ཀ་ར། ལྷོ་བྲག་པ་.....ཤུད་བུ། ནམ་མཁའ་རྒྱལ་པོ་མན་འདྲ། འདི་དག་བརྒྱུད་པ་རེ་རེ་ལའང་ཟབ་མོ་ལྟ་བ་དང༌། རྒྱ་ཆེན་སྤྱོད་པ་གཉིས་ཀ་ཡོད་ཀྱང་སོ་སོར་བགྲངས་པ་ནི་གཙོ་ཆེ་ཆུང་དང་བརྗོད་བདེ་བའི་དབང་གིས་མིང་སོ་སོར་བཏགས་པ་ཙམ་ཡིན་ཏེ། རྒྱལ་ཚབ་བྱམས་པས་ཀྱང་བྱམས་ཆོས་སྡེ་ལྔར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང༌། རྒྱལ་སྲས་ཀྱི་སྤྱོད་པ་སོགས་རྒྱ་ཆེ་བར་མ་ཟད། དབུ་སེམས་ཀྱི་ལྟ་བ་རྣམ་པར་དག་པ་བཤད་ཅིང༌། ཐོགས་མེད་སྐུ་མཆེད་བརྒྱུད་པ་དང་བཅས་པས་ཀྱང་དེ་ལྟར་ཉམས་སུ་བཞེས་ལ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཀླུ་སྒྲུབ་ལ་བཤད་པ་བཞིན་དུ། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་རིགས་ཚོགས་སུ་ཟབ་མོ་ལྟ་བའི་སྐོར་བཤད་པར་མ་ཟད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཕྱིན་དྲུག་སོགས་རྒྱ་ཆེ་བའི་ལམ་གྱི་རིམ་པ་བཤད་པ་ལྟར་ཡབ་སྲས་བརྒྱུད་པ་དང་བཅས་པས་ཀྱང་ཉམས་སུ་བཞེས་པའི་ཕྱིར་རོ། །ཡང་ཉེ་བརྒྱུད་ཀྱི་དབང་དུ་བྱས་ན། མཁས་གྲུབ་རྗེས། འཇམ་པའི་དབྱངས་ཀྱིས་ཁྱོད་ལ་མངོན་སུམ་དུ། །ཉིན་རེ་བཞིན་ཡང་ལེགས་བཤད་བདུད་རྩིའི་རྒྱུན། །དུས་གསུམ་རྒྱལ་བའི་ཐུགས་ཀྱི་བཅུད་བསྡུས་པ། །རྒྱུན་མི་འཆད་པར་འདོམས་ཞེས་དང༌། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས། དེ་ནས་བརྩམ་སྟེ་རྗེ་བཙུན་མཁྱེན་པའི་གཏེར། །ནམ་འདོད་གཟིགས་ཤིང་དཔལ་ལྡན་འདུས་པ་དང༌། །ཤེས་རབ་ཕ་རོལ་ཕྱིན་གཞུང་ཟབ་མོའི་དོན། །རྒྱུན་དུ་གསན། ཞེས་དང༌། བཀའ་གདམས་ཆོས་འབྱུང་དུའང༌། དེ་ནས་བཟུང་སྟེ་བླ་མ་ལ་སློབ་མ་ལྟར་ཞུས་ཆོག་པར་བཤད་ལ། རྗེ་རང་གིས་ཀྱང་བླ་མ་དབུ་མ་བའི་ཡིག་ལན་ལས། འདིར་ཡང་སྒྲུབ་པ་ལ་ཕྱིན་འཕྲལ་ནས་གདུལ་བྱའི་རིགས་འགའ་ཞིག་ལ་ཡི་དམ་གྱི་སྐུ་དང་གསུང་གི་སྣང་བ་བྱུང་བ་ཐེ་ཚོམ་ནམ་འདོད་ཀྱིས་བཅད་པས་ཆོག་པ་བྱུང་འདུག་ཅིང༌། ཁྱད་པར་དུ་གཅིག་ལ་ནི་གསུང་ཕལ་མོ་ཆེ་ངེས་དོན་དུ་འོང་ཞིང་མང་པོ་མི་གསུང་བར་སྣང་ནའང༌། གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞི་གང་ལ་དཔྱོད་དང་ཚུལ་ཇི་ལྟར་དཔྱོད་དང་དེ་ལྟར་དཔྱད་པ་རྫོགས་མ་རྫོགས་རྣམས་འཆུག་མེད་དུ་འོང་བར་སྣང་པས། ཆོས་གང་སྟོན་དང་འཁོར་ཇི་ལྟ་བུ་བསྟེན་དང༌། གནས་གང་དུ་སྡོད་ལ་སོགས་པ་ཕལ་ཆེ་བ་རྣམས་རང་བཟོས་ཞུགས་པ་ཆེན་པོ་མ་བྱས་ལགས་ཞེས་དང༌། རྗེ་རེད་འདའ་བ་ལ་གནང་བ་ལས་ཀྱང༌། འདི་རྣམས་ཐམས་ཅད་ལ་དགག་སྒྲུབ་དཔག་མེད་བྱས་ནས་ཞུ་གཏུགས་བྱས་པ་དུ་མ་ཡོད་ཀྱང་བྲིར་མ་ལང༌། ཞེས་དང༌། འདི་པ་རང་གི་ལུགས་ཀྱིས་ངེས་འབྱུང་སོགས་གསུམ་ལ་འཁྲིད་ལུགས་ཞིབ་ཆ་དང་བཅས་པ་གནང་ནས་ཡོད་དེ། རྒྱས་པར་བྲིར་མ་ལང༌། ཞེས་གསུངས་པ་ལྟར་ཡིན་པས་ཉེ་བརྒྱུད་ལ་ཟབ་རྒྱས་གཉིས་ཀའི་ཉེ་བརྒྱུད་བྱས་ན། རྒྱལ་བ་རྡོ་རྗེ་འཆང༌།.....པྲ་བྷཱུ་ཛ་ཡ་བཛྲ་དྷཱ་ཀ །རྗེ་བཙུན་འཇམ་པའི་དབྱངས།.....བྷཊྚ་རཀ་མཉྫུ་གྷོ་ཥ། རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་མན་ཆད་སྔར་དང་འདྲ། གཉིས་པ་ཐུན་མོང་མ་ཡིན་པ་མདོ་སྔགས་ཟུང་འབྲེལ་གྱི་ཉམས་ལེན་བླ་མ་སངས་རྒྱས་སུ་དྲན་པ། འགྲོ་དྲུག་ཕ་མར་དྲན་པ། རང་ལུས་ལྷ་སྐུར་དྲན་པ། གང་སྣང་བདེན་མེད་དུ་དྲན་པ་བཞིའི་སྒོ་ནས་འཁྲིད་པ་ནི། རིང་བརྒྱུད་ལ་སྔར་ལྟར་བགྲང་ཡང༌། ཉེ་བརྒྱུད་ཐུན་མོང་མ་ཡིན་པ་རྗེ་ཡན་ཆད་སྔར་ལྟར་ཡིན་ལ། དེ་ནས་འཛམ་གླིང་མཁས་པའི་གཙུག་རྒྱན་མཁས་གྲུབ་དགེ་ལེགས་དཔལ་བཟང༌།.....ཛ་མྦུ་དྭི་པི་སརྦ་ཤིར་རྭ་ཨ་ལཾ་ཀ་ར་པཎྜིཏ་སིདྡྷི་ཤྲིརྱ་ཤྲི་བྷ་དྲ། མདོ་རྒྱུད་གསང་བའི་བང་མཛོད་བ་སོ་ཆོས་ཀྱི་རྒྱལ་མཚན།.....མ་ཧ་པཎྜི་ཏ་དྷཱརྨ་དྷྭ་ཛ། འཇའ་ལུས་རྡོ་རྗེའི་སྐུ་བརྙེས་གྲུབ་ཆེན་ཆོས་རྡོ་རྗེ།.....མཧ་སིདྡྷཾ་དྷཱརྨ་བཛྲ། རྒྱལ་བའི་དབང་པོ་བློ་བཟང་དོན་གྲུབ།.....ཛ་ཡེནྡྲ་སུ་དྷྱརྠ་སིདྷི། མཚུངས་མེད་མཁས་གྲུབ་སངས་རྒྱས་ཡེ་ཤེས།.....པཎྜི་ཏ་བུདྡྷ་ཛྙ་ན། རིགས་བརྒྱའི་ཁྱབ་.....པྲ་བྷཱུ། བདག་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།.....ཤ་ཏ་ཀུ་ལ་སྱཱ་དྷི་པ་ཏི་མ་ཧཱ་པཎྜི་ཏ་སུདྡྷི་དྷཱརྨ་དྷྭཛ། གྲུབ་པའི་དབང་ཕྱུག་དྲུང་བློ་བཟང་དམ་ཆོས་རྒྱལ་མཚན།.....སུ་དྷི་སང་དྷཱརྨ་དྷྭ་ཛ། འཇམ་དབྱངས་མིའི་གར་མཁན་ཁྱབ་བདག་རྡོ་རྗེ་འཛིན་པ་བློ་བཟང་ཆོས་ལྡན་གྱི་ཞལ་སྔ་ནས།.....པྲ་བྷཱུ་བཛྲ་དྷཱ་ར་སུ་མ་ཏི་དྷཱརྨི་ཤྲི་བྷ་ཏྲ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་པཎ་ཆེན་ཐམས་ཅད་མཁྱེན་པ། དྲུང་པ་རྒྱལ་ཚབ་པ། ཧོར་རིན་པོ་ཆེ་འཇམ་དབྱངས་འཕྲིན་ལས་ལྷུན་གྲུབ། དེས་བདག་འཇམ་དབྱངས་བཞད་པ་ལའོ། །གཉིས་པ་བཀླག་ལུང་སྐོར་ལ། ལམ་རིམ་ཆེན་མོའི་ལུང་གི་བརྒྱུད་པ་ནི། རྗེ་རིན་པོ་ཆེ། རྒྱལ་ཚབ་རྗེ།.....ཨུད་ཡ་རཏྣ། ཉན་པོ་ཤཱཀྱ་རྒྱལ་མཚན།.....ཤཱཀྱ་དྷྭ་ཛ། སེ་ར་དོན་ཡོད་དཔལ་ལྡན།.....ཨ་མོ་གྷ་ཤྲཱི་མཱ་ན། སེ་ར་རྗེ་བཙུན་པ།....དྷཱརྨ་དྷཱ་ཛ། ཁྲི་རིན་པོ་ཆེ་དགེ་འདུན་རྒྱལ་མཚན།.....སཾ་གྷ་དྷྭ་ཛ། ལྟག་ལུང་བྲག་པ་བློ་རྒྱམ།.....མ་ཏི་ས་ག་ར། ཁྲི་རིན་པོ་ཆེ་དཀོན་མཆོག་ཆོས་འཕེལ།.....རཏྣ་དྷཱརྨ་བནྡྷ། གངས་རིའི་མགོན་པོ་རྒྱལ་བའི་དབང་པོ།.....བྷོཌ་སྱ་ནཱ་ཐ་ཛ་ཡེནྡྲ། རྗེ་བློ་བཟང་ཆོས་འཕེལ།.....བྷིཀྵ་སུ་དྷཱི་དྷཱརྨ་བརྡྷ། ཁྱབ་བདག་བཀའ་དྲིན་པ་སྦྱིན་པ་རྒྱ་མཚོ།.....པྲ་བྷཱུ་དཱ་ན་ས་ག་ར། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན། རྗེ་རྒྱལ་བ་གཉིས་པ།.....དཱིཏཱི་ཡ་ཛ་ཡ། རྒྱལ་ཚབ་རྗེ།.....ཨུད་ཡ་རཏྣ། ཉན་པོ་ཤཱཀྱ་རྒྱལ་མཚན། སེར་དོན་ཡོད་དཔལ་ལྡན། སེ་ར་རྗེ་བཙུན་པ་ཆོས་ཀྱི་རྒྱལ་མཚན། ཨེ་པ་ཤེས་རབ་རྒྱལ་པོ།.....པྲ་ཛྙཱ་རཱ་ཛ། སྒོམ་སྡེ་ནམ་མཁའ་རྒྱལ་མཚན།.....ཨཱ་ཀ་ཤ་དྷྭ་ཛ། པཎ་ཆེན་ཐམས་ཅད་མཁྱེན་པ།.....མཧཱ་པཎྜི་ཏ་སརྦ་ཛྙཱ་སུ་མ་ཏི་དྷཱརྨ་དྷ་ཛ། སྐུ་སྐྱེ་རིན་པོ་ཆེ་བློ་བཟང་བསྟན་པ་དར་རྒྱས།.....བུ་དྷཱི་ཤཱ་ས་ན་ཨུད་ཡ་སུ་དྷྱ། རྗེ་མཚུངས་མེད་ངག་དབང་བློ་གྲོས།.....མ་ཧ་བོ་དྷི་སཏྭཱ་ཝ་གིནྡྲ་མ་ཏི། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་མཚུངས་མེད་ངག་དབང་བློ་གྲོས་ཡན་ཆད་སྔར་ལྟར་ལ། དེ་ནས་མཉམ་མེད་འཇམ་དབྱངས་བླ་མ་བློ་བཟང་ཆོས་ལྡན། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། ལམ་རིམ་ཆུང་བའི་བརྒྱུད་པ་ནི། རྗེ་བདག་ཉིད་ཆེན་པོ། རྗེ་བཙུན་ཤེས་རབ་སེངྒེ་། འདུལ་འཛིན་བློ་གྲོས་སྦས་པ། པཎ་ཆེན་ཡེ་ཤེས་རྩེ་མོ། རྗེ་སྐྱབས་མཆོག་དཔལ། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ། གྲུབ་པའི་དབང་ཕྱུག་བརྩོན་འགྲུས་རྒྱལ་མཚན། མཚུངས་མེད་ངག་དབང་བློ་གྲོས་ཞལ་སྔ་ནས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ལམ་ཁྲིད་གསེར་གྱི་ཡང་ཞུན་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་བ་གཞོན་ནུ་ཆོས་དཔལ་བཟང་པོ། རྗེ་དཔལ་འབྱོར་ལྷུན་གྲུབ། རྗེ་འཕྲིན་ལས་རབ་རྒྱས། རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། མཚུངས་མེད་ངག་དབང་བློ་གྲོས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ལམ་རིམ་གྱི་རྩ་བ་བྱང་ཆུབ་ལམ་གྱི་སྒྲོན་མའི་བརྒྱུད་པ་ནི། རྒྱལ་དབང་རིན་པོ་ཆེ། མཚུངས་མེད་ངག་དབང་བློ་གྲོས་ཞལ་སྔ་ནས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་བརྒྱུད་པ་ནི། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། མཚུངས་མེད་ངག་དབང་བློ་གྲོས། དེས་བདག་འཇམ་དབྱངས་བཞད་བའི་རྡོ་རྗེ་ལའོ། །ཡང་ན། རྒྱལ་བ་གཉིས་པ། མཚུངས་མེད་ངག་དབང་བློ་གྲོས། སྐུ་སྐྱེ་རིན་པོ་ཆེ་བློ་བཟང་ཆོས་ལྡན། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །པཎ་ཆེན་རིན་པོ་ཆེས་མཛད་པའི་ལམ་ཁྲིད་ཚིགས་བཅད་ཚིགས་ལྷུག་གཉིས་ཀྱི་བརྒྱུད་པ་ནི། པཎ་ཆེན་རིན་པོ་ཆེ་ལ། དྲུང་པ་རྟ་ཕུག་པ། སྔགས་ཆེན་དཀོན་མཆོག་རྒྱལ་མཚན་གཉིས་ཀྱིས་གསན། དེ་གཉིས་ཀར་བསམ་བློ་སྐུ་སྐྱེ་རིན་པོ་ཆེས་གསན། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    སྔགས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་ཚིགས་བཅད་མ། དེའི་ཟུར་འདེབས་ཞི་ལྷག་བསྒོམ་ཚུལ་གཉིས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སྔགས་ཆེན་དཀོན་རྒྱན། སྐུ་སྐྱེ་རིན་པོ་ཆེ། དེ་ལ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་ཞུས་སོ། །ཧོར་ནོ་མོན་ཧན་གྱི་གསུང༌། འཇམ་དབྱངས་སྐུ་སྐྱེ་རིན་པོ་ཆེས་ཟིན་བྲིས་མཛད་པའི་ཁྲིད་གསོལ་འདེབས་ཀྱི་ཚུལ་དུ་མཛད་པའི་བརྒྱུད་པ་ནི། འཇམ་དབྱངས་སྐུ་སྐྱེ་རིན་པོ་ཆེ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །བེའུ་བུམ་སྔོན་པོའི་འགྲེལ་བ་ལྷ་འབྲི་སྒང་པའི་མཛད་པའི་བརྒྱུད་པ་ནི། ལྷ་འབྲི་སྒང་པ། དེ་ནས་མཁས་གྲུབ་སངས་རྒྱས་ཀྱི་བར་འཚོལ་དགོས། སངས་ཡེ། པཎ་ཆེན་ཐམས་ཅད་མཁྱེན་པ། བླ་མ་དྲུང་བ་རིན་པོ་ཆེ་བརྩོན་འགྲུས་རྒྱལ་མཚན། མཚུངས་མེད་ངག་དབང་བློ་གྲོས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །གསུམ་པ་ཟུར་འདེབས་བློ་སྦྱོང་སྐོར་ལ། རྒྱ་ཆེ་བའི་ཟུར་འདེབས་དང༌། ཟབ་པའི་ཟུར་འདེབས་གཉིས། དང་པོ་ནི། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གིས་མཛད་པའི་བློ་སྦྱོང་ལེགས་བཤད་ཀུན་འདུས་ཀྱི་བརྒྱུད་པ་ནི། དམ་པ་དེ་ཉིད། དེ་ནས་སྡེ་པ་མདར་པའི་ཨ་ཁུ་བླ་མའི་བར་འཚོལ་དགོས། དེས་དྲུང་པ་སྐུ་གཞོན་པ་བློ་བཟང་རྒྱལ་མཚན། མཚུངས་མེད་ངག་དབང་བློ་གྲོས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    བློ་སྦྱོང་སྙན་བརྒྱུད་ཆེན་པོའི་རྣམ་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་ཧོར་སྟོན་ནམ་མཁའ་དཔལ་གྱིས་མཛད་པའི་བློ་སྦྱོང་གི་བརྒྱུད་པ་ནི། དམ་པ་དེ་ཉིད། དེ་ནས་བར་གྱི་འགའ་ཞིག་འཚོལ་དགོས། དེ་ནས་གསེར་སྡིང་པ་བཀྲ་ཤིས་རིན་ཆེན། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། བླ་མ་དྲུང་པ་བརྩོན་འགྲུས་རྒྱལ་མཚན། མཚུངས་མེད་ངག་དབང་བློ་གྲོས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    བློ་སྦྱོང་སྙན་བརྒྱུད་ཆེན་མོའི་གདམ་པ་བྱང་སེམས་ཀྱི་ཆུ་རྒྱུན་ཞེས་བྱ་བ་བྱང་སེམས་རྭ་སྒྲེངས་པ་ཤཱཀྱ་བསོད་ནམས་ཀྱིས་མཛད་པའི་བློ་སྦྱོང་གི་བརྒྱུད་པ་ནི། དམ་པ་དེ་ཉིད་ནས་རིམ་པར་བརྒྱུད་ཚུལ་ནི། ཡེ་བཟང་པ། ལས་ཆེན་ཀུན་རྒྱལ་བ། པཎ་ཆེན་གསུམ་མམ། ཕྱི་མ་གཉིས་ཡིན་སྙམ་སྟེ་དཔྱད། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། དྭགས་པོ་གྲྭ་ཚང་གི་བླ་མ་བྱམས་པ་བསྟན་པ། བླ་མ་དྲུང་པ་རིན་པོ་ཆེ་བརྩོན་འགྲུས་རྒྱལ་མཚན། ལྷ་པ་ཞབས་དྲུང་བློ་བཟང་དར་རྒྱས། མཚུངས་མེད་ངག་དབང་བློ་གྲོས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཊཱིཀྐ་ལུང་རིགས་གཏེར་མཛོད་ཀྱི་བརྒྱུད་པ་ནི། རྒྱལ་དབང་མཆོག །དགེ་སློང་འཇམ་དབྱངས་གྲགས་པ། རྟ་ཚག་རྗེ་དྲུང༌། ཕ་བོང་ཁ་བ་འཇམ་དབྱངས་གྲགས་པ། མཚུངས་མེད་ངག་དབང་བློ་གྲོས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ་གྱི་བརྒྱུད་པ་ནི། རྒྱལ་དབང་མཆོག །དྲུང་ཡིག་འཇམ་དབྱངས་བསྟན་འཛིན། མཁན་ཆེན་ངག་དབང་འཕྲིན་ལས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    བློ་སྦྱོང་གཅིག་དང་ལྔ་པའི་དོན་འགྲེལ། གླང་རི་ཐང་པའི་ཚིག་བརྒྱད་མ་རྣམས་ཀྱི་བརྒྱུད་པ་ནི། པཎ་ཆེན་ཐམས་ཅད་མཁྱེན་པ། མངའ་རིས་དྲུང་པ་བློ་བཟང་རྒྱལ་མཚན། འཇམ་དབྱངས་བླ་མ་སྐུ་སྐྱེ་རིན་པོ་ཆེ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཡང་ན་དྲུང་པ་རིན་པོ་ཆེ་བརྩོན་འགྲུས་རྒྱལ་མཚན་ཡན་འཚོལ་རྒྱུ། དེ་ནས་རྡོ་རྗེ་འཆང་ནོ་མོན་ཧན། དེས་བདག་འཇམ་དབྱངས་བཞད་རྡོར་ལའོ། །པཎ་ཆེན་ཐམས་ཅད་མཁྱེན་པའི་རྣམ་ཐར་ནས་བསྡུས་པའི་གསུང་མགུར་ཐོར་བུའི་བརྒྱུད་པ་ནི། པཎ་ཆེན་ཐམས་ཅད་མཁྱེན་པ། དྲུང་པ་རིན་པོ་ཆེ་བློ་བཟང་རྒྱལ་མཚན། སྐུ་སྐྱེ་རིན་པོ་ཆེ་འཇམ་དབྱངས་བླ་མ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    གཉིས་པ་ཟབ་པའི་ཟུར་འདེབས་ཀྱི་སྐོར་ལ། ལྟ་ཁྲིད་འཇམ་དཔལ་སྙིང་པོའི་ཞལ་ལུང་གི་བརྒྱུད་པ་ནི། རྒྱལ་བའི་དབང་པོ་རིན་པོ་ཆེ། མཁན་ཆེན་འཇམ་དབྱངས་བསྟན་འཛིན། མཁན་ཆེན་ངག་དབང་འཕྲིན་ལས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །བླ་མ་སྐུ་སྐྱེ་རིན་པོ་ཆེ་རང་ཉིད་ཀྱིས་བརྩམ་པའི་ལྟ་ཁྲིད་ཆེ་ཆུང་གཉིས་ཀྱི་བརྒྱུད་པ་ནི། འཇམ་དབྱངས་བླ་མ་སྐུ་སྐྱེ་རིན་པོ་ཆེ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་མཛད་པའི་ཕྱག་ཆེན་ཡང་གསལ་སྒྲོན་མེ་རྩ་འགྲེལ་གྱི་ཁྲིད་ཀྱི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། རྗེ་བཙུན་འཇམ་དབྱངས། རྗེ་བདག་ཉིད་ཆེན་པོ། རྟོག་ལྡན་འཇམ་དཔལ་རྒྱ་མཚོ། མཁས་གྲུབ་ཐམས་ཅད་མཁྱེན་པ། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་རྡོ་རྗེ། རྒྱལ་བ་དབེན་ས་པ། རྗེ་སངས་ཡེ། པཎ་ཆེན་ཐམས་ཅད་མཁྱེན་པ། དཔོན་སློབ་སྔགས་ཆེན་དཀོན་མཆོག རྒྱལ་མཚན། གསུམ་ལྡན་ཁྱབ་བདག་འཁོར་ལོའི་མགོན་པོ་བློ་བཟང་ཆོས་ལྡན། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ལྟ་ཁྲིད་གསུམ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པའི་ལྟ་ཁྲིད་བདུན་ལ་སོགས་པ་རྣམས་རང་རང་གི་བཀའ་འབུམ་ཐོབ་ཡིག་ནང་བཞིན་དུ་གྱིས།

    བཞི་པ་རྒྱབ་རྟེན་སྡེ་སྣོད་གསུམ་གྱི་སྐོར་ལ་གསུམ་ལས། འདུལ་བའི་སྡེ་སྣོད་ལ། ལུང་སྡེ་བཞིའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བ་མདོ་རྩ་བ་དང༌། འདུལ་འཛིན་གྱིས་མཛད་པའི་གཞི་གསུམ་ཆོ་ག །འདུལ་བའི་ལས་ཆོག་གསུམ་གྱི་ལུང་རྒྱུད་ནི། རྡོ་རྗེ་འཆང་ཁྲི་རིན་པོ་ཆེ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །འདུལ་ཊཱིཀ་རིན་ཆེན་འཕྲེང་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་དགེ་འདུན་གྲུབ་པ། རྗེ་སྟོབས་ལྡན་འོད་ཟེར། པཎ་ཆེན་ན་བཟའ་བ། རྗེ་དོན་ཡོད་པ། པཎ་ཆེན་རིག་པ་སེངྒེ་། རྗེ་བཀྲ་ཤིས་རིན་ཆེན། པཎ་ཆེན་རིན་པོ་ཆེ། སྔགས་འཆང་དགེ་འདུན་གྲུབ། གྲུབ་པའི་དབང་ཕྱུག་ངག་དབང་བློ་གྲོས། དེས་བདག་འཇམ་དབྱངས་བཞད་རྡོར་ལའོ། །རྗེ་འདུལ་འཛིན་གྱིས་མཛད་པའི་འདུལ་བའི་བསླབ་བྱ་ཆེན་མོའི་ལུང་རྒྱུན་ནི། འདུལ་འཛིན། རྗེ་ཤེར་འབྱུང་བློ་གྲོས། འདུལ་འཛིན་བློ་གྲོས་སྦས་པ། ལྷ་བཙུན་པ། པཎ་ཆེན་བཟང་པོ་བཀྲ་ཤིས། སྟོབས་འབར་འོད་ཟེར། རྗེ་སྐྱབས་མཆོག །དབེན་ས་ཞབས་དྲུང༌། མཁས་གྲུབ་སངས་ཡེ། དེ་ནས་པཎ་ཆེན་རིན་པོ་ཆེ། དྲུང་པ་རིན་པོ་ཆེ་བརྩོན་འགྲུས་རྒྱལ་མཚན། མེར་རྒན། དེས་བདག་འཇམ་དབྱངས་བཞད་རྡོར་ལའོ། །རྒྱལ་དབང་མཆོག་གིས་མཛད་པའི་འདུལ་བའི་ལས་ཆོག་གི་ཊཱིཀྐ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག་གི་ལུང་རྒྱུན་ནི། རྒྱལ་དབང་རིན་པོ་ཆེ། དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས། སྐྱོར་ལུང་མཁན་པོ་ལེགས་དོན་པ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །བུ་སྟོན་རིན་པོ་ཆེའི་འདུལ་བའི་ལས་ཆོག་དྲི་མ་མེད་པའི་འཕྲེང་པའི་ལུང་རྒྱུན་ནི། ཁྲི་རིན་པོ་ཆེ། དེས་བདག་འཇམ་དབྱངས་བཞད་རྡོར་ལའོ། །གཉིས་པ་མདོ་སྡེ་སྐོར་ལ། འབུམ་སོགས་ཐོབ་ཡིག་བཀའ་འགྱུར་ལྟར་ལ། འདིར་ཉེར་འཁོ་འགའ་ཞིག་བཀོད་ན། བརྒྱད་སྟོང་པའི་རྒྱུན་ནི། རྒྱལ་དབང་རིན་པོ་ཆེ་ཡན་ཆད་གསན་ཡིག་ཆེན་མོ་ལྟར་ལ། དེ་ནས་འཇམ་མགོན་བླ་མི་ཁྲ་རིན་པོ་ཆེ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། མངོན་རྟོགས་རྒྱན་༼ཁྲི༽༼ཀ༽དང་མདོ་སྡེ་རྒྱན་༼ཁྲི༽ཏེ་རྒྱན་གཉིས། དབུས་མཐའ་རྣམ་འབྱེད་༼ཁྲི༽༼ཀ༽དང༌། ཆོས་དབྱིངས་རྣམ་འབྱེད་༼ཀ༽༼ཁྲི༽དེ་འབྱེད་གཉིས། རྒྱུད་བླ་མ་༼ཀ༽རྣམས་ཀྱི་ཁྲི་རྟགས་ཅན་གྱི་ལུང་རྒྱུན་ནི། རྒྱལ་དབང་རིན་པོ་ཆེ་ཡན་ཆད་གསན་ཡིག་ལྟར་ལ། རྒྱལ་བའི་དབང་པོ་རིན་པོ་ཆེ། བློ་བཟང་འཇམ་དབྱངས། ཁྱབ་བདག་ཕ་བོང་ཁ་པ་འཇམ་གྲགས། དཀའ་ཆེན་ཚུལ་རྒྱམ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ། དེས་བདག་འཇམ་དབྱངས་བཞད་རྡོར་ལའོ། །ཡང་ཀ་རྟགས་ཡོད་པའི་བརྒྱུད་པ་ནི། ཁྲི་རིན་པོ་ཆེ་ཡན་སྔར་ལྟར། སྐུ་སྐྱེ་རིན་པོ་ཆེ། དེས་བདག་འཇམ་དབྱངས་བཞད་པ་ལའོ། །ཡང་ཀ་རྟགས་ཡོད་པའི་བརྒྱུད་པ་ནི། ཕ་བོང་ཁ་པ་ཡན་སྔར་ལྟར་ལ། དཀའ་ཆེན་ཚུལ་རྒྱམ། དེས་བདག་འཇམ་དབྱངས་བཞད་རྡོར་ལའོ། །འཇུག་འགྲེལ་དང༌། འགྲེལ་བ་དོན་གསལ་གྱི་ལུང་རྒྱུན་ནི། རྗེ་བཙུན་ཙོང་ཁ་པ་ཆེན་པོ། མཁས་གྲུབ་སྨྲ་བའི་སེངྒེ་། ཤར་བ་རིན་ཆེན་རྒྱལ་མཚན། མཁན་ཆེན་ངག་གི་དབང་པོ། རྗེ་དགེ་འདུན་ལྷུན་གྲུབ། ཨེ་པ་ཤེས་རབ་རྒྱལ་པོ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་རྒྱན། རྗེ་བཙུན་བསྟན་པ་དར་རྒྱས། སློབ་དཔོན་བློ་བཟང་འཕྲིན་ལས། རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་པོའི་མགུར་དྲུང་ལས་བྱུང་བའི་བྱམས་ཆོས་སྡེ་ལྔའི་ལུང་བརྒྱུད་ལྷན་ཅིག་ནི། ཐུབ་པའི་དབང་པོ། རྒྱལ་ཚབ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། མཁན་པོ་རྣམ་སྣང་མཛད། སློབ་དཔོན་སེངྒེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས། གུ་ན་མི་ཏྲ། རིན་ཆེན་བཟང་པོ། ཟླ་བ་བཟང་པོ། དྷི་ར་སྔ་མ། ལོ་ཆེན་བློ་ལྡན་ཤེས་རབ། ཨར་བྱང་ཆུབ་ཡེ་ཤེས། གཞོན་ནུ་ཚུལ་ཁྲིམས། ཤེས་རབ་འབུམ། བྱང་ཆུབ་འབུམ། འཇམ་དཔལ་རྡོ་རྗེ། ཆོས་ཀྱི་ཚུལ་ཁྲིམས། བརྩོན་འགྲུས་རྡོ་རྗེ། བསོད་ནམས་སེངྒེ་། དངོས་གྲུབ་སེངྒེ༌། བསོད་ནམས་མགོན་པོ། བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོ། མཁན་ཆེན་དྷརྨ་ཤྲཱི། བླ་མ་མགོན་པོ་དཔལ་བ། མཁན་ཆེན་བསོད་ནམས་བཟང་པོ། འཇམ་དབྱངས་དཔལ་འབྱོར་བཟང་པོ། བཀའ་བཞི་པ་སངས་རྒྱས་བཟང་པོ། མཁན་ཆེན་ཤེས་རབ་རྣམ་རྒྱལ། བླ་མ་ཚུལ་ཁྲིམས་མགོན་པོ། རྗེ་ཆོས་གྲགས་རྒྱ་མཚོ། བླ་མ་རྡོ་རྗེ་སེངྒེ་། མཁས་གྲུབ་ངག་གི་དབང་པོ། གོང་ར་ལོ་ཆེན། སོ་སོའི་བརྒྱུད་ལུགས་མངོན་རྟོགས་རྒྱན་ནི། རྔོག་བློ་ལྡན་ཤེས་རབ་ཡན་ཐུན་མོང་གི་བརྒྱུད་པ་ལྟར་ལ། དེ་ནས་འབྲེ་ཤེས་རབ་འབར། ཨར་བྱང་ཡེ། འདུལ་འཛིན་དཀར་མོ། དཀར་ཆུང་རིང་མོ། ཞང་ཡེ་པ། གཉལ་ཞིག་འཇམ་དཔལ་རྡོ་རྗེ། བཟང་རིང་དར་མ་ཚུལ་ཁྲིམས། བོ་དོང་བརྩོན་འགྲུས་རྡོ་རྗེ། སྟག་སྡེ་བ་སེངྒེ་རྒྱལ་མཚན། སྤང་ལོ་བློ་གྲོས་བརྟན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། རྒྱལ་ཚབ་དར་མ་རིན་ཆེན། གཉལ་རྒོད་རིན་ཆེན་བསམ་འགྲུབ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། མུས་སྲད་པ་བློ་གྲོས་རིན་ཆེན་སེངྒེ་། གཉལ་སྟོན་དཔལ་འབྱོར་ལྷུན་འགྲུབ། ཆོས་རྗེ་དོན་ཡོད་དཔལ་ལྡན། དྭགས་ཉག་རིགས་པའི་རལ་གྲི་བློ་གྲོས་འཕེལ། གཙང་སྟོན་དགེ་ལེགས་བཤེས་གཉེན། ཏེའུ་རས་པ་དགེ་འདུན་བསམ་འགྲུབ། གྲོམ་མདའ་བ་བློ་བཟང་ཆོས་འཕེལ། དཀོན་མཆོག་ཆོས་འཕེལ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། ཡང་ན་བོ་དོང་བ་བརྩོན་འགྲུས་རྡོ་རྗེ་ནས། ཁྲོ་ཕུ་པ་བསོད་ནམས་སེངྒེ་། ལྷ་སྟོན་གྲུབ་པ་སེངྒེ་། ཚད་མའི་སྐྱེས་བུ་བསོད་ནམས་མགོན་པོ། བུ་སྟོན་ཐམས་ཅད་མཁྱེན་པ། ཉ་དབོན་ཀུན་དགའ་དཔལ། རྗེ་རེད་མདའ་བ། རྗེ་བཙུན་ཙོང་ཁ་པ་ཆེན་པོ། དར་མ་རིན་ཆེན། གུང་རུ་རིན་ཆེན་བྱང་ཆུབ། ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ། སློབ་དཔོན་ནེ་ཙོ་བ་ཆོས་དཔལ་རྒྱལ་མཚན། དྲུང་ཆེན་ཉི་མ་གྲགས། དྲུང་ཆེན་ཆོས་ཀྱི་བཤེས་གཉེན། ར་ཚག་པ་བློ་བཟང་ཨེ་ཝཾ། རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ངག་གི་དབང་ཕྱུག །ཐམས་ཅད་མཁྱེན་པ་འཇམ་དབྱངས་དགའ་བའི་བཤེས་གཉེན། ཡང་ན་རྒྱལ་ཁང་རྩེ་པ་ནས། རྗེ་འཕྲིན་ལས་ལྷུན་འགྲུབ། རྡོ་རྗེ་འཆང་ཕ་བོང་ཁ་པ། འཕྲིན་ལས་བསམ་འགྲུབ། མདོ་སྡེ་རྒྱན་དང་དབུས་མཐའ་རྣམ་པར་འབྱེད་པ་གཉིས་ནི། ཐུབ་དབང༌། བྱམས་མགོན། ཐོགས་མེད་སྐུ་མཆེད། ཁ་ཆེ་པཎ་ཆེན་བློ་གྲོས་བརྟན་པ། པཎ་ཆེན་རིགས་པའི་དབང་ཕྱུག །སློབ་དཔོན་མཆེ་བའི་སྡེ། བྷ་དྲ་པ་ད། མར་མེ་མཛད། གངྒཱ་དྷཱ་ར། བུ་ཎྱ་ཤྲཱིཿཁ་ཆེ་དགོན་པ་བ། བྲམ་ཟེ་སངྒེ་པ། ཁ་ཆེ་ཛྙཱ་ན་ཤྲིཿརྔོག་ལོ་ཆེན་པོ། བ་རེག་ལོ་ཙཱ་བ་རྒྱལ་མཚན། བ་རེག་སྟོན་སྐྱབ། སྐྱེས་བུ་ཡོན་ཏན་དགའ། བླ་མ་བཀྲ་ཤིས་རྡོ་རྗེ། བླ་མ་འདུལ་བ་འཛིན་པ། ཉང་རོང་ཀུན་དགའ་རྡོ་རྗེ། འཇམ་དབྱངས་དར་མ་ཚུལ་ཁྲིམས་རིན་ཆེན། ཁྲོ་ཕུ་ཚད་མའི་སྐྱེས་བུ། བུ་སྟོན་ཐམས་ཅད་མཁྱེན་པ་མན་མངོན་རྟོགས་རྒྱན་ལྟར་ལས། རྒྱལ་དབང་མཆོག་ནས་ཁྱབ་བདག་སྦྱིན་པ་རྒྱ་མཚོ། ཡང་དབུས་མཐའ་རྣམ་འབྱེད་ནི། རྒྱལ་དབང་མཆོག་ནས། ཞབས་དྲུང་བློ་བཟང་འཕྲིན་ལས། མདོ་སྡེ་རྒྱན་བརྒྱུད་ལུགས་གཅིག་ནི། བློ་གྲོས་བརྟན་པ་ནས། སློབ་དཔོན་གང་བ་སྤེལ། གངྒཱ་དྷ་ར། གངྒཱ་ཛི་ན་རཏྣ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་ས་ཛ་ན། པ་ར་ཧེ་ཏ། བློ་གྲོས་གྲགས། མར་པ་ཇོ་ཕན། མཆིམས་དོན་གྲུབ། མཆིམས་བརྩོན་སེང༌། མཆིམས་ནམ་མཁའ་གྲགས། སྐྱི་སྟོན་ཤཱཀ་འབུམ། སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་ཤེས་རབ་རྒྱལ་མཚན། མ་ཏི་པཎ་ཆེན། ས་བཟང་གཞོན་ནུ་བློ་གྲོས། ངོར་ཆེན་དཔལ་ལྡན་རྡོ་རྗེ། རཏྣ་ཤཱི་ལ། རིན་ཆེན་འབྱུང་གནས། ངག་དབང་གྲགས་པ་དཔལ་བཟང༌། ངག་དབང་ཆོས་གྲགས། བོད་མཁར་བ་དོན་གྲུབ་རྒྱལ་མཚན། སྒོམ་སྡེ་ནམ་མཁའ་རྒྱལ་མཚན། དྲུང་ཆེན་བྱང་མ་བ། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་འགྲུབ། ཟུར་ཆེན་ཆོས་ཀྱི་རྒྱལ་པོ། ཚངས་སྲས་བཞད་པའི་རྡོ་རྗེ་མན་འདྲ། ཆོས་ཀྱི་དབྱིངས་རྣམ་པར་འབྱེད་པ་དང༌། རྒྱུད་བླ་མའི་བསྟན་བཅོས་གཉིས་ནི། ཐུབ་པའི་དབང་པོ། མ་ཕམ་མགོན་པོ། མངའ་བདག་མཻ་ཏྲི་པ་ཆེན་པོ། པཎྜི་ཏ་དགའ་བའི་གྲགས་པ། པཎྜི་ཏ་ས་ཛཱ་ན། རྔོག་ལོ་ཆེན་པོ། ཁྱུང་རིན་ཆེན་གྲགས། རྒྱ་མ་བ་བྱང་ཆུབ་གྲགས་པ། གྲོ་ལུང་པ་སུ་མ་ཏཱི་ཀ་ར། ཆ་པ་ཆོས་ཀྱི་སེངྒེ་། འདུལ་དཀར་བ། གཙང་པ་འབྲེ་རྒུར། སྡོང་ཁྲོད་འདུལ་འཛིན། སློབ་དཔོན་དར་མ་འོད་ཟེར། ལྷོ་པ་གྲུབ་པ་སེངྒེ་། སློབ་དཔོན་རིག་ཐིགས་པ། བུ་སྟོན་ཐམས་ཅད་མཁྱེན་པ་མན་མངོན་རྟོགས་རྒྱན་ལྟར་ལས། རྒྱལ་དབང་མཆོག་ནས། ཞབས་དྲུང་བློ་བཟང་འཕྲིན་ལས། བེ་བུམ་འགྲེལ་པ་ལྷ་འབྲི་སྒང་པས་མཛད་པ། ཇོ་བོའི་ལམ་ཡིག་མཆིམས་ཀྱིས་མཛད་པ་ཆོས་ཀྱི་འབྱུང་གནས་བོད་ལ་ཕེབས་པ་མན་རྣམས་ཀྱི་བརྒྱུད་པ། སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ། བློ་བཟང་བསྟན་པ་དར་རྒྱས། སློབ་དཔོན་བློ་བཟང་འཕྲིན་ལས། དཔེ་ཆོས་རིན་ཆེན་སྤུངས་པའི་ལུང་བརྒྱུད་ནི། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ། སྨན་བླ་སངས་རྒྱས་དཔལ་བཟང༌། དྲུང་པ་བློ་བཟང་རྣམ་རྒྱལ། དྲུང་པ་བློ་བཟང་རྒྱལ་མཚན། སྤྲུལ་པའི་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས། སློབ་དཔོན་བློ་བཟང་འཕྲིན་ལས། བྱང་སའི་ལུང་བརྒྱུད་ནི། སྟོན་པ་ཐུབ་པའི་དབང་པོ། རྒྱལ་ཚབ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། མཁས་པ་བློ་གྲོས་བརྟན་པ། པུནྱ་ཤྲཱི་དྷ། གང་བ་སྤེལ། གངྒཱ་དྷ་ར། གངྒཱ་ཛི་ན་རཏྣ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་ས་སཛྫ་ན། པཎྜིཏ་པ་ར་ཧེ་ཏ། བླ་མ་བློ་གྲོས་གྲགས་པ། མར་པ་ཇོ་ཕན། མཆིམས་སྟོན་དོན་གྲུབ། མཆིམས་བརྩོན་འགྲུས་སེངྒེ་། མཆིམས་ནམ་མཁའ་གྲགས། སྐྱི་སྟོན་ཤཱཀྱ་འབུམ། སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་ཇོ་ནང་པ། ས་བཟང་མ་ཏི་པཎ་ཆེན། ས་བཟང་གཞོན་ནུ་བློ་གྲོས། རྗེ་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། མཁན་ཆེན་རཏྣ་ཨཱ་ཀཱ་ར། རྗེ་བཙུན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས། མེ་ཏྲི་དོན་གྲུབ་རྒྱལ་མཚན། ཤར་ཆེན་ནམ་མཁའ་རྒྱལ་མཚན། དྲུང་ཆེན་དཔལ་འབྱོར་བསོད་ནམས་ལྷུན་འགྲུབ། རྡོ་རྗེ་འཆང་ཕ་བོང་ཁ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། དྲུང་པ་རིན་པོ་ཆེ་བརྩོན་འགྲུས་རྒྱལ་མཚན། དཀའ་ཆེན་བློ་བཟང་ཆོས་འཕེལ། དཀའ་ཆེན་བསོད་ནམས་གྲགས་པ། སློབ་དཔོན་བློ་བཟང་འཕྲིན་ལས། ཡང་ན་རྒྱལ་དབང་མཆོག་ནས། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། ཡང་ན་གང་བ་སྤེལ་མན་གོང་ལྟར་ལ། ཛི་ན་མི་ཏྲ། ཀ་བ་དཔལ་བརྩེགས། ལྷ་ལུང་དཔལ་གྱི་རྡོ་རྗེ། གྲུ་རྒྱལ་བའི་ཡེ་ཤེས། སེ་བཙུན་དབང་ཕྱུག་གཞོན་ནུ། གར་མི་ཡོན་ཏན་གཡུང་དྲུང༌། ཁུ་སྟོན། ར་ཁྲི་བཟང་འོད། རྒྱ་རྒྱལ་ཚུལ། ལི་སྟོན་ཆོས་གྲགས། བྲང་ཏི་དྷརྨ་སྙིང་པོ། རོགས་ཆོས་བརྩོན། མཆིམས་བརྩོན་འགྲུས་སེངྒེ་། མཆིམས་དོན་ནེ། མཆིམས་བློ་བརྟན། ཞང་སྟོན་བསོད་ནམས་རིན་ཆེན། བོ་དོང་རིན་ཆེན་རྩེ། སེངྒེ་རྒྱལ་མཚན། ཐུགས་རྗེ་ཤེས་རབ། རིན་ཆེན་ཡེ་ཤེས། རྒྱལ་སྲས་ཐོགས་མེད། རྒྱ་མ་ཡོན་ཏན་འོད། ཆོས་རྗེ་བསོད་ནམས་བློ་གྲོས། དཀའ་བཅུ་དར་མ་བཟང༌། མཁན་ཆེན་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ་མན་གོང་བཞིན་ནོ། །བསླབ་པ་ཀུན་ལས་བཏུས་ཀྱི་ལུང་བརྒྱུད་ནི། ཐུབ་པའི་དབང་པོ། །ཤནྟ་དེ་ཝ། ཨེ་ལ་དྷ་རི། ཤུ་རཾ་ག །དྷརྨ་ཀིརྟི། ཇོ་བོ། འབྲོམ། པོ་ཏོ་བ། ཤ་ར་བ་ཡོན་གྲགས། ཤེས་རབ་གྲགས། བློ་གྲོས་གྲགས། བདུད་རྩི་གྲགས། ཞང་བཙུན་པ། ཞང་སྟོན་པ། སངས་རྒྱས་སྒོམ་པ། ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི། སྐྱི་སྟོན་ཤཱཀྱ་འབུམ། སྐྱི་སྟོན་འཇམ་དབྱངས། ཀུན་མཁྱེན་དོལ་པོ་བ། ཕྱོགས་ལས་རྣམ་རྒྱལ། ཡེ་ཤེས་རྒྱལ་མཚན། གྲགས་དོན་པ། ཤཱཀྱ་རྒྱལ་མཚན། དཀོན་མཆོག་ཚུལ་ཁྲིམས། རཏྣ་ཨ་ཀ་ར་མན་གོང་བཞིན་ནོ། །ཡང་ན་ཞི་བ་ལྷ། ཛེ་ཏ་རི། བློ་གྲོས་འབྱུང་གནས། དྷ་ན་ཤྲཱི། སུ་མ་ཏི་ཀིརྟི། བློ་ལྡན་ཤེས་རབ། རིན་ཆེན་གྲགས་པ། ཞང་ཚེ་སྤོང་པ། ཉང་བྲན་ཆོས་བཟང༌། གཙང་ནག་པ། རྨ་བྱ་ཤཱཀ་སེང༌། མཁན་ཆེན་བདེ་ལྡན་གྲུབ་པ། མཁན་ཆེན་རྡོ་རྗེ་ཡེ་ཤེས། བླ་མ་ཤེས་རབ་རྒྱལ་མཚན། བླ་མ་ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། རྗེ་གྲགས་དོན་པ་མན་གོང་ལྟར་རོ། །རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པའི་ལུང་བརྒྱུད་ནི། སངས་རྒྱས། འཇམ་དབྱངས། ཞི་བ་ལྷ། པཎྜིཏ་མི་རྗེད་གཟུངས་ཐོབ། ཛེ་ཏ་རི། ཟླ་གྲགས་ཆུང་བ། པུཎྱ་ཤྲཱིཿབལ་པོ་ཀ་ན་ཀ །པཎྜི་ཏ་སུ་མ་ཏི། རྔོག་ལོ། ཞང༌། ཆོས་སེང༌། གཙང་ནག །གྲོ་སྟོན། མཆིམས། སྐྱི་སྟོན་ཤཀ་འབུམ། སྐྱི་སྟོན་འཇམ་དབྱངས། དོལ་པོ་བ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན། མུས་ཆེན། གོ་རམ་པ། སངས་རྒྱས་རིན་ཆེན། གཉུག་ལ་པཎ་ཆེན། སྤྱན་སྔ་ངག་དབང་ཆོས་གྲགས། རིན་པོ་ཆེ་བོད་མཁར་བ། ཞལ་སྔ་ནས་སྒོམ་སྡེ། རྩེ་ཐང་བྱང་མ་ཁང་གསར་བ། ཁྱབ་བདག་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ། འཇམ་དབྱངས་དགའ་བའི་བཤེས་གཉེན། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། ཐོགས་མེད་མཁས་པའི་གཙུག་རྒྱན་རྗེ་འཇམ་དབྱངས་བཞད་པ། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དགེ་འདུན་རྒྱ་མཚོ། དེས་བདག་མི་བསྐྱོད་དགྱེས་པའི་རྡོ་རྗེ་ལ་མཉེས་བཞིན་དུ་གནང༌།.....ཡིག་ཆུང་འདི་ནི་འདིའི་མ་དཔེའི་སྟེང་དུ་སྐྱབས་མགོན་འཇིགས་མེད་དབང་པོས་ཕྱག་བྲིས་གནང་བ་ལྟར་བྲིས། དབུ་མ་འཇུག་པའི་ཀླག་ལུང་གི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཀླུ་སྒྲུབ་ཡབ་སྲས། སངས་རྒྱས་བསྐྱངས། ཟླ་གྲགས། དེ་ཝ་ཙནྡྲ། བྲམ་ཟེ་རིན་ཆེན་རྡོ་རྗེ། སློབ་དཔོན་པ་ར་ཧེ་ཏ། པཎ་ཆེན་ཧ་སུ་མ་ཏི། པ་ཚབ་ཉི་མ་གྲགས། རྨ་བྱ་བྱང་སེ༷ང༌། རྨ་བྱ་བྱང་བརྩོན། ཚུར་གཞོན་སེང༌། རྨ་བྱ་ཤཱཀྱ་སེངྒེ་། ཞང་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི། ལོ་ཙཱ་བ་མཆོག་ལྡན། སྤང་ལོ་ཆེན་པོ། སློབ་དཔོན་བྱང་སེང༌། རྗེ་རེད་མདའ་པ། རྗེ་བཙུན་ཙོང་ཁ་པ་ཆེན་པོ། རྒྱལ་ཚབ་རྗེ། སློབ་དཔོན་རིན་ཆེན་བསམ་འགྲུབ། འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། མུས་སྲད་པ་བློ་གྲོས་རིན་ཆེན། གཉལ་སྟོན་དཔལ་ལྡན་ལྷུན་འགྲུབ། རྗེ་དོན་ཡོད་དཔལ་ལྡན། དྭགས་ཉག་རིགས་པའི་རལ་གྲི། རྗེ་དགེ་ལེགས་བཤེས་གཉེན། ཞལ་སྔ་ནས་དགེ་འདུན་བསམ་འགྲུབ། སྒྲོམ་མདའ་བློ་བཟང་ཆོས་འཕེལ། དཀོན་མཆོག་ཆོས་འཕེལ། རྗེ་བཙུན་བློ་བཟང་རྒྱ་མཚོ། ཡང་ན་པ་ཚབ་ལོ་ཆེན་ནས། ཐང་སག་ཡེ་འབྱུང༌། འབྲོམ་དབང་གྲགས། བླ་མ་ཛྙཱ་བཛྲ། སློབ་དཔོན་སྟོན་ཚུལ། བདེ་བའི་ལྷ། ཇོ་བཙུན། ཨུ་ར་བ། པྲ་ཛྙཱ་ཤྲཱིཿཆོས་ཤེས་རབ། བག་སྟོན། ཤེས་རབ་རིན་ཆེན། བསོད་ནམས་སེངྒེ་། བག་སྟོན་བསམ་བཟང༌། བག་སྟོན་གཞོན་བསམ། བྱང་སེང་བ་མན་འདྲ། ཡང་ན་མཆིམས་ནས་སྐྱི་སྟོན་སྨོན་ལམ་ཚུལ་ཁྲིམས། སློབ་དཔོན་དགེ་འབར་བ། དབུ་ཚད་པ་འོད་ཟེར་དོན་གྲུབ། མི་གཡོ་བ་བཟང་པོ། སློབ་དཔོན་ཀུན་རྒྱལ་བ། རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོ་མན་འདྲ། ཡང་ན་ལོ་མཆོག་པ་ནས། བླ་མ་དཔལ་སེང༌། ཀུན་མཁྱེན་བུ། ཐུགས་སྲས་ལོ་ཙཱ་བ། གཡག་པ་སངས་རྒྱས་འཕེལ། རོང་སྟོན་ཤཱཀྱ་རྒྱལ་མཚན། མཁྱེན་རབ་དབང་ཕྱུག་གྲགས་བཟང༌། གྲགས་ཆུང་པ་ཡོན་ཏན་རྒྱ་མཚོ། ཤངས་སྟོན་པ། འཇམ་དབྱངས་མཆོག་ལ་འོད་ཟེར། དྲུང་ཆེན་ལེགས་པ་བཟང་པོ། ཞལ་སྔ་ནས་ཆོས་གྲགས་པ། ཁྲི་རིན་པོ་ཆེ་དཔལ་འབྱོར་རྒྱ་མཚོ། སྨྲ་བའི་དབང་ཕྱུག་ལྟག་ལུང་བྲག་པ། དཀོན་མཆོག་ཆོས་འཕེལ་མན་འདྲ། ཡང་ན་བག་སྟོན་གཞོན་བསམ་ནས། དམར་སྟོན་གཞོན་ནུ་རྒྱལ་མཚན། རོང་སྟོན་ཤཱཀྱ་ཀུན་རིག་མན་འདྲ། འདིར་མ་དཔེ་འགའ་ཞིག་ཤོག་གྲངས་མི་ཚང་བ་ལྟ་བུ་དང་འདྲི་འཕྲོར་ལུས་པ་ལྟ་བུ་ཡང་འགའ་ཞིག་འདུག་པས། ཚན་པ་སོ་སོའི་མཚམས་སུ་བཞི་ཤད་རེའམ་སྦྲུལ་ཤད་རེ་ལྟ་བུ་བཞག་ནས་མ་ལྟར་ཞུས། དཔལ་འཁོར་ཆོས་སྡེའི་མཁན་རིན་པོ་ཆེ་ངག་དབང་འཕྲིན་ལས་ཀྱི་ཞབས་དྲུང་ནས། རྒྱལ་བའི་བཀའ་འབུམ་ཁྲོད་ནས། དམིགས་བརྩེ་མའི་ཊཱིཀྐ་ཚིག་དོན་གསལ་བ། འཁྲུངས་རབས་ཚིག་བཅད་མ། ཐམས་ཅད་མཁྱེན་པ་གོང་མ་གཉིས་ཀྱི་རྣམ་ཐར་གཉིས། སོ་ཐར་གྱི་རྣམ་བཤད་ཉུང་ངུ་དང༌། བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་གའི་བཤད་པ། ཞལ་གདམས་སྐོར་གྱི་ཁལ་ཁའི་རྒྱལ་པོར་གདམས་པ་ཡན་ཆད། རྩིས་དཀར་ནག་གི་དྲིས་ལན། གཟུངས་འབུལ་རྣམ་བཞག །ལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ། བླ་མ་མཆོད་པ་ཆེ་ཆུང་གཉིས། བསངས་མཆོད་ཆེན་མོ། རྒྱ་ཧོར་གྱི་བསངས་བསྔོ་བཤད་དང་བསྔོ་བ་ཚན་འགའ། ལྟ་ཁྲིད་འཇམ་དཔལ་ཞལ་ལུང༌། སྐུ་ཕྱོགས་ཉིད་ཀྱིས་ཕྱག་བྲིས་གནང་བ་དང་དྲུང་ཡིག་པ་ངག་དབང་དགེ་ལེགས་ཀྱི་ཡི་གེ་བྱས་པ་མིན་པའི་གསོལ་འདེབས་བརྟན་བཞུགས་སྐོར་བྱ་ལོ་ཡན་ཆད་དུ་པར་ལ་བཀོད་པ་དག་ལེགས་པར་ནོད་དོ། །བརྒྱུད་པ་ནི་དྲུང་ཡིག་འཇམ་དབྱངས་བསྟན་འཛིན་ལས་མཁན་པོས་ཞུས། དེ་ལས་བདག་གིས་ཐོབ། དེ་ཡན་ཆད་སླར་འཚོལ་རྒྱུའོ། །

    མགོན་པོའི་ཆོས་སྐོར་གྱི་ཁྲིད་ཀླག་ལུང་ཐོབ་པ་ནི། རྟ་མགྲིན་གྱི་གསུངས་པའི་མགོན་པོའི་རྒྱུད་ལེའུ་བརྒྱད་པ་ཤངས་ལོའི་འགྱུར། བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་གི་ཁྲིད་དང་ལུང༌། བེ་བུམ་དཀར་པོར་གྲགས་པ་ལས། བླ་མ་མགོན་པོ་དབྱེར་མེད་ཡིག་རྙིང་ལ་ཞུས་དག་གནང་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། རྟེན་བཞི་གནད་གསུམ་ཐུན་མོང་དང་ཐུན་མོང་མིན་པ་རྣམས་ཀྱིས་ཁྲིད་དང་ལུང༌། བྲིས་སྐུའི་ཞལ་གདམས། རབ་གནས་ཞལ་གདམས། སྦྱིན་སྲེག་གི་ཞལ་གདམས་ཡིག་རྙིང་རྣམས་ཀྱི་ལུང༌། བེ་བུམ་ནག་པོ་ལས་ཤོག་དྲིལ་དམར་ནག་གི་ཁྲིད་དང་ལུང༌། དེའི་དོན་འགྲེལ་གྱི་ཁྲིད་དང་ལུང༌། སྲོག་འཁོར་ཆེན་མོ་འབྲི་ཚུལ་གྱི་ཁྲིད་དང༌། ལིང་ཀའི་སྐོར་དཔེ་རིས་རྣམས་ཀྱི་སྟེང་ནས་ཁྲིད། བེ་བུམ་མགོ་རྒྱན་དང་དངོས་གཞི་གཏོར་ཆེན་ཀྱི་རྣམ་བཞག །ཁོན་ཟས་ཟ་བའི་མཐའ་ཅན་གྱི་ཞིབ་ཁྲིད། གཏོར་མ་རྩིག་ཚུལ་དམིགས་རིམ་མཐའ་དག་ཚང་བ་དང༌། ཧ་ལའི་ཤོག་དྲིལ་དྲུག །སྙིང་ཁྲག་ཤོག་དྲིལ་དྲུག །སེར་བའི་ཤོག་དྲིལ་སྟེ་ཤོག་དྲིལ་ཆུང་ངུ་བཅུ་གསུམ་དང༌། དེའི་ཞལ་ཤེས་དང་བཅས་པའི་ཁྲིད་དང་ལུང༌། འཁོར་བཞིའི་སྒོས་སྒྲུབ། ལྷ་མོའི་སྒོས་སྒྲུབ། འཁོར་བཞིའི་སྦྲགས་སྒྲུབ། མགོན་པོའི་ལས་བཞིའི་ཞལ་ཤེས་གདམས་པ་ཟབ་ཁུངས་ཅན། དཀར་ནག་ཅི་རིགས་འདྲེས་པ། བསྲུང་བཟློག་བསད་གསུམ་ཐུན་མོང་དང་ཐུན་མོང་མིན་པ་དང་བསྒྲལ་པའི་ལས་དྲུག་གི་གནད་ཕྱག་ལེན་ཚིགས་བཅད་དུ་གནང་བ་སོགས་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པ། མཁའ་འགྲོ་འབུམ་བསྐུལ་ཆོས་སྐུ་ཡངས་པ་མ། ཤཱ་ས་ནའི་སྔགས་དོན་ལྟར་སེ་ར་རྗེ་བཙུན་པས་བསྟོད་པ། རྟེན་འཛུག་པ། སད་སེར་བསྲུང་པ། ལམ་བསྲུང་བ། ངག་བསྲུང་ཆེ་ཆུང་གཉིས་སོགས་ལེགས་པར་མནོས་པའི་བརྒྱུད་པ་ནི། སྤོ་པོ་གྲུབ་ཆེན་དགེ་ལེགས་དར་རྒྱས་ཡན་སྐུ་ཕྱོགས་གསན་ཡིག་ལྟར་ལ། དེ་ནས་ཕ་བོང་ཁ་བ་རྡོ་རྗེ་འཆང་འཇམ་དབྱངས་གྲགས་པ། དཔལ་འཁོར་ཆོས་སྡེའི་མཁན་རིན་པོ་ཆེ་ངག་དབང་འཕྲིན་ལས། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་བཀའ་དྲིན་དུ་སྩལ་ཏོ། 

                                                                                                                                      རྩོམ་སྒྲིག་པ། མང་ར་བ།

     གསལ་འདེབས། 
        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།