བྱིང་བསམ་གཏན་རྩེའི་བླ་མ་ནམ་མཁའ་བཟང་པོ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 17:35:16     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

IMG_4206.JPG

 

མདོ་སྔགས་གསུང་རབ་ནམ་མཁའ་ཡངས་པ་ལ། །ཕུལ་བྱུང་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས། །འཕྲིན་ལས་བཟང་པོའི་འོད་དཀར་སྟོང་འཕྲོ་བ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བྱིང་བསམ་གཏན་རྩེའི་བླ་མ་ནམ་མཁའ་བཟང་པོ་ལ་བསྟོད་པ་འདི་ཡང་དེ་ཉིད་ཀྱི་སློབ་མ་འགས་བསྐུལ་བའི་ངོར་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་སྦྱར་བའོ།། །།

                                                       རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
    གསལ་འདེབས།
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།