ཐར་འདོད་བུང་བའི་དགའ་སྟོན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 12:48:12     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

微信图片_20171004120705.jpg

 

སྭ་སྟི། མཁྱེན་པའི་སྤྱན་གྱིས་ཤེས་བྱའི་གནས་ཀུན་གཟིགས། །ལེགས་བཤད་དགའ་སྟོན་འགྲོ་ལ་འདོད་དགུ་སྩོལ། །ཚེ་འདིར་མཆོག་བརྙེས་ཐུབ་བསྟན་འཕེལ་མཛད་པ། །རྨད་བྱུང་བཤེས་གཉེེན་མཆོག་དེ་རྒྱལ་གྱུར་ཅིག །རྣམ་དག་དལ་འབྱོར་རིན་ཅེན་ས་གཞི་ལ། །འདུལ་བ་འབུམ་སྡེའི་ཆར་གྱིས་ལེགས་བྲན་པས། །ཚུལ་ཁྲིམས་འདབ་སྟོང་རྫོགས་པའི་དྲི་བཟང་ཅན། །ཐར་འདོད་བུང་བའི་ཉེར་འཚོ་རྒྱལ་གྱུར་ཅིག །བརྒྱ་ཕྲག་གཞུང་གི་གངས་རི་ལས་འོངས་ཤིང་། །ཐ་སྙད་གཙུག་ལག་རྣམ་དག་དབུ་བའི་ཕྲེང་། །རབ་འཁྲིགས་ཟབ་དོན་རིན་ཅེན་འབྱུང་བའི་གནས། །དཔལ་ལྡན་མ་ཕམ་དབང་པོ་རྟག་པར་རྒྱལ། །ཕུལ་བྱུང་མཁྱེན་པའི་དབང་པོ་རབ་ཡངས་པར། །རྒྱ་ཆེན་མང་ཐོས་ཆུ་ལྡན་(༧༤ན)སར་པའི་ཕྲེང་། །འཆད་རྩོད་རྩོམ་པའི་འབྲུག་གི་གད་རྒྱངས་ཅན། །ཕན་བདེའི་ལོ་ཐོག་རྒྱས་མཛད་དེ་ལ་འདུད། །གང་གི་ཡོན་ཏན་བདུད་རྩིའི་ཟེགས་མ་འདི། །ཆ་ཤས་སྤོབས་པའི་རྔ་ཡབ་ཀྱིས་བླངས་པས། །མཐའ་དག་འགྲོ་འདིའི་སེམས་ཀྱི་རྡོ་རྗེ་ཉིད། །སྒྲིབ་བྲལ་སེམས་ཀྱི་རྡོ་རྗེ་ཉིད་གྱུར་ཅིག །ཅེས་པ་འདི་ཡང་དེ་ཉིད་ཀྱི་བཀའ་འབངས་འགས་བསྐུལ་ནས་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་སྨྲས་པའོ།། །།

                                                        རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
      གསལ་འདེབས།
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
     དྲ་བའི་སྦྲེལ་ཐགhttp://www.tb1025.cn
 
 

བརྒྱུད་འགོད།