ཚོགས་ཆེན་མཁན་པོ་གྲགས་རྒྱལ་བ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 12:06:34     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

微信图片_20171004120806.jpg

རྣམ་དག་དལ་དང་འབྱོར་པའི་རྟེན་བཟང་ལ། །ཐོས་བསམ་བྱ་བས་སྙིང་པོ་ལེན་མཛད་ཅིང་། །ལུང་རྟོགས་ཡོན་ཏན་ཚོགས་ཀྱིས་མངོན་པར་མཐོ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བློ་གྲོས་དཀྱིལ་འཁོར་ཤེས་བྱའི་མཁའ་ལ་རྒྱུ། །གྲགས་པའི་འོད་ཟེར་ཕྱོགས་བཅུར་རབ་འཕྲོ་བས། །ཕན་བདེ་ཀུ་མུད་ཟེ་འབྲུ་རབ་རྒྱས་པ། །བཤེས་གཉེན་རྒྱུ་སྐར་རྒྱལ་པོ་དེ་ལ་འདུད། །གང་གི་སྐུ་ཚེ་རི་དབང་ལྟར་བརྟན་ཅིང་། །རྨད་བྱུང་འཕྲིན་(༦༧ན)ལས་ཕྱོགས་བཅུར་རྒྱས་པ་དང་། །སྲིད་མཐའི་བར་དུ་འགྲོ་བའི་དོན་མཛད་ཅིང་། །བཀྲ་ཤིས་དགེ་མཚན་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་ཚོགས་ཆེན་མཁན་པོ་གྲགས་རྒྱལ་བ་ལ་བསྟོད་པ་ཚིགས་སུ་བཅད་པ་འདི་ནི་དེ་ཉིད་ཀྱི་ཞལ་སློབ་འགའ་ཞིག་གིས་བསྐུར་བའི་ངོར་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོས་སྦྱར་བའོ།། །།

                                                 རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
   གསལ་འདེབས།
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་    འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
       དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།