ཆོས་རྗེ་རྗེ་དབོན་པ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-27 10:47:35     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

 

IMG_4381.JPG

 མཐའ་བྲལ་ཡིད་བཞིན་རྒྱ་མཚོའི་འཇུག་ངོགས་སུ། །ཟབ་དོན་རྟོགས་པའི་ཡེ་ཤེས་ནོར་བུ་ཡི། །ཅོད་པན་བཟང་པོ་འགྲོ་ན་ལྷན་ནེར་མཛེས། །མཁས་མཆོག་ཀླུ་དབང་མཆོག་ལ་གསོལ་བ་འདེབས། །ཞེས་རྗེ་ནོར་བཟང་རྒྱ་མཚོ་ལ་བསྟོད་པའོ། །བློ་བཟང་གསུང་རབ་ལྷ་ལམ་རབ་ཡངས་པར། །བསྟན་པའི་ཉི་མ་འཕྲིན་ལས་འོད་སྟོང་ཅན། །ཐུབ་བསྟན་འདབ་བརྒྱ་བཞད་པའི་གཉེན་གཅིག་པུ། །སྨྲ་བའི་ཉི་མ་མཆོག་ལ་གསོལ་བ་འདེབས། །ཞེས་ཆོས་རྗེ་རྗེ་དབོན་པ་ལ་བསྟོད་པ་འདི་ནི་དེ་ཉིད་ཀྱི་སློབ་མ་འགས་བསྐུལ་བའི་ངོར་གནང་བའོ།། །།

                                                                                                                                                                                                                                                                                                                   རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
      གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།