དད་པའི་འཇུག་ངོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-27 10:16:13     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 IMG_4199.JPG

 

IMG_4194.JPG

རྗེ་བཙུན་འཇམ་པའི་དབྱངས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་པ་ལ། །དཔལ་ལྡན་འཕྲིན་ལས་བཟང་པོའི་དཔལ་མངའ་བ། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །ངེས་འབྱུང་རྣམ་དག་འཆི་མེད་སྐྱེད་ཚལ་དུ། །འདུལ་བ་འབུམ་སྡེའི་འདབ་སྟོང་རབ་རྒྱས་ཤིང་། །རྣམ་དག་ཚུལ་ཁྲིམས་སྦྲང་རྩིས་ཉེར་གཏམས་པ། །ཐར་འདོད་བུང་བའི་གཉེན་ལ་གསོལ་བ་འདེབས། །མདོ་སྔགས་གཞུང་བརྒྱའི་ནམ་མཁའ་ཡངས་པ་ལ། །མཁྱེན་པའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་ཤིང་། །སྔོན་མེད་ལེགས་བཤད་འོད་དཀར་དྲ་བ་ཅན། །མཁས་མཆོག་མཚན་མོའི་མགོན་ལ་གསོལ་བ་འདེབས། །འཆད་པས་ལེགས་བཤད་བདུད་རྩིའི་ཆར་འབེབས་ཤིང་། །རྩོད་པའི་གནམ་ལྕགས་རྒོལ་ངན་བྲག་རི་འཇོམས། །སྡེབ་ལེགས་རྩོམ་པའི་འབྲུག་གི་གད་རྒྱངས་ཅན། །ཕྱོགས་ལས་རྣམ་(༦༢ན)རྒྱལ་ཁྱོད་ལ་གསོལ་བ་འདེབས། །རྒྱུ་སྐར་དབུས་ན་མཚན་མོའི་མགོན་པོ་དང་། །རི་དྭགས་ཁྲོད་ན་གདོང་ལྔའི་དབང་པོ་བཞིན། །མཁས་མང་དབུས་ན་འགྲན་པའི་ཟླ་བྲལ་བ། །བསྟན་པའི་དཔལ་གྱུར་ཁྱོད་ལ་གསོལ་བ་འདེབས། །རྒྱ་ཆེན་མང་ཐོས་རྒྱ་མཚོའི་འཇིང་ན་གནས། །ཚུལ་བཞིན་སེམས་པའི་རིན་ཅེན་ཁམས་ལས་གྲུབ། །བསྒོམས་བྱུང་རྟོགས་པའི་བང་རིམ་མངོན་པར་མཐོ། །བསྔགས་འོས་དམ་པའི་མགོན་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པས་འགྲོ་བ་མ་ལུས་པ། །ཐེག་མཆོག་དགེ་བའི་བཤེས་ཀྱི་མགོན་དང་བཅས། །ཐུབ་པའི་དགོངས་ཟབ་རྒྱ་མཚོར་ལེགས་ཞུགས་ནས། །རྣམ་གྲོལ་ནོར་བུའི་དཔལ་ལ་སྤྱོད་གྱུར་ཅིག །ཚུལ་འདི་རིགས་རུས་ཕུན་ཚོགས་རྣམ་དཔྱོད་ཅན། །མཛོ་མཁར་དབོན་པོ་བསོད་ནམས་མཚན་ཅན་གྱིས། །ནན་གྱིས་བསྐུལ་ཕྱིར་དཔལ་ལྡན་འབྲས་སྤུངས་སུ། །དགེ་འདུན་རྒྱ་མཚོའི་འཇུག་ངོགས་ལས་འོངས་སོ། །

 

                                                                          རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
     གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་      པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn
ངེད་དགེ་ལུགས་པའི་དྲ་བ། རྗེ་དགེ་འདུན་རྒྱ་མཚོ།

 

བརྒྱུད་འགོད།