གཅོད་ཡུལ་བརྒྱུད་པའི་གསོལ་འདེབས་ནི།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-14 12:40:14     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

IMG_4165.JPG

 

གཅོད་ཡུལ་བརྒྱུད་པའི་གསོལ་འདེབས་ནི། དུས་གསུམ་རྒྱལ་བ་སྐྱེད་མཛད་པ། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །མི་མཇེད་ཞིང་གི་སྟོན་པ་མཆོག །བཅོམ་ལྡན་ཤཱཀ་ཐུབ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྒྱལ་བའི་མཁྱེན་པ་གཅིག་བསྡུས་པ། །འཇམ་དཔལ་སྨྲ་སེང་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །འགྲོ་ཀུན་འཇིགས་པ་བརྒྱད་ལས་སྐྱོབ། །རྗེ་བཙུན་སྒྲོལ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ། །སུ་ཀ་སིདྡྷི་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །དགའ་ལྡན་ལྷ་བརྒྱའི་གཙུག་གི་རྒྱན། །མ་ཕམ་མགོན་པོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་ཤིང་(༤༨ན)རྟ་ཆེ། །ཐོགས་མེད་སྐུ་མཆེད་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །གནས་ལྔ་རིག་པའི་པཎྜི་ཏ། །ཨཱརྱ་དེ་ཝ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་འཛམ་གླིང་རྒྱན། །དམ་པ་སངས་རྒྱས་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །མགོན་དེའི་གདམས་པས་ཐུགས་རྒྱུད་སྨིན། །བསོད་ནམས་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོའི་དབང་ཕྱུག་མ། །ལབས་ཀྱི་སྒྲོན་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །མ་གཅིག་གདམས་པས་སྨིན་པའི་སྲས། །སྐལ་ལྡན་སེང་གེ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྨད་བྱུང་ཡོན་ཏན་མཛོད་འཛིན་པ། །གླང་ལུང་ཆོས་རྗེ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །འགྲོ་བ་ཀུན་གྱི་འདྲེན་པ་མཆོག །དགེ་བཤེས་གཉལ་པ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྟོགས་པ་མཐར་ཕྱིན་མལ་གྲོ་བ། །གྲུབ་པ་འབའ་རེ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །གཅོད་ཡུལ་གདམས་པའི་མཛོད་འཛིན་པ། །སྤང་པོ་ཁ་པ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བསྟན་འཛིན་ཀུན་གྱི་རྒྱན་གྱུར་པའི། །ཤཱཀྱ་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བདེ་དྲོད་གཏུམ་མོ་མཐར་ཕྱིན་པའི། །སངས་རྒྱས་རས་པ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྙིང་སྟོབས་མཐར་ཕྱིན་རྒྱལ་(༤༨བ)བའི་སྲས། །རིན་ཅེན་གཞོན་ནུ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུང་དང་རྟོགས་པའི་མཛོད་གྱུར་པའི། །དཔལ་ལྡན་གྲགས་པའི་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །གནས་ལྔ་མཐར་ཕྱིན་མཁས་གྲུབ་མཆོག །འཇམ་དབྱངས་མགོན་པོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བླ་མ་མཆོག་དེའི་ཐུགས་ཀྱི་སྲས། ཁྱུང་སྟོན་རས་པ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྤངས་རྟོགས་ཡོན་ཏན་ཕུལ་དུ་བྱུང་། །བླ་མ་གྲགས་གྲུབ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྔོན་བསགས་སྦྱངས་པའི་ལས་འཕྲོ་ཅན། །སངས་རྒྱས་ཡེ་ཤེས་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བསོད་ནམས་ཡེ་ཤེས་མཐར་ཕྱིན་པའི། །བསོད་ནམས་རིན་ཅེན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །མཁས་བཙུན་འགྲོ་བ་ཡོངས་ཀྱི་དཔལ། །ཆོས་གྲགས་བཟང་པོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །གྲུབ་པ་མཆོག་བརྙེས་ནམ་མཛོད་པ། །བྱ་བཏང་ཆུ་སྒོམ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །དུས་གསུམ་མཁྱེན་པའི་རྣལ་འབྱོར་པ། །དོན་ཡོད་རྒྱལ་མཚན་(༤༩ན)བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་ཆོས་ཀྱི་རྗེ། །ཀུན་དགའ་རྒྱལ་མཚན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །དངོས་གྲུབ་རྩ་བ་ཕན་བདེའི་གཏེར། །རྩ་བའི་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཞེས་པ་ཟབ་དོན་བརྒྱུད་པའོ། །

                                                                                                                                     རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
            
གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                                
དྲ་བའི་སྦྲེལ་ཐགhttp://www.tb1025.cn

                     

བརྒྱུད་འགོད།