སྐུ་གསུམ་འདོད་དགུའི་ཆར་ཆེན་འབེབས།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-30 14:41:31     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

img_8496.jpg

སྭ་སྟི། མཐའ་ཡས་དགེ་ཚོགས་རིང་ནས་གོམས་པའི་མཐུས། །བྱང་ཆུབ་སྤྱོད་ལ་འདུན་པའི་ལྷག་བསམ་གྱིས། །ཚོགས་གཉིས་རྒྱ་མཚོ་ལེགས་པར་སྒྲུབ་མཁས་པ། །རྒྱལ་བའི་སྲས་པོ་མཆོག་ལ་གསོལ་བ་འདེབས། །རྣམ་མང་ཡོན་ཏན་ཚོགས་ཀྱི་གཏེར་གྱུར་པ། །དགེ་འདུན་འདུས་པ་རྒྱ་མཚོའི་གཙུག་གི་རྒྱན། །དཔལ་ལྡན་འཕྲིན་ལས་བཟང་པོས་དུས་མཐའ་འདིར། །བསྟན་པ་གསལ་མཛད་ཁྱོད་ལ་གསོལ་བ་འདེབས། །དུས་གསུམ་བསགས་པའི་དགེ་ཚོགས་མཐུ་སྟོབས་དང་། །འདུན་ལྡན་རྒྱལ་སྲས་རྒྱ་མཚོའི་སྨོན་ལམ་གྱིས། །རྡོ་རྗེ་རྒྱལ་མཚན་མཆོག་ཏུ་མཛེས་བྱས་ནས། །སྐུ་གསུམ་འདོད་དགུའི་ཆར་ཆེན་འབེབས་གྱུར་ཅིག །ཅེས་པ་འདི་ཡང་བར་མི་དགེ་སློང་རྡོ་རྗེ་རྒྱལ་མཚན་གྱིས་རྗེ་ཉིད་ཀྱི་མཚན་སྤེལ་ཡོད་པའི་བསྟོད་པ་འདི་ལྟ་བུ་ཞིག་དགོས་སོ་ཞེས་ནན་གྱིས་བསྐུལ་བའི་ངོར་(༢༩བ)རྗེ་ཉིད་ཀྱིས་མཛད་པའོ།། །།

                                              རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
     གསལ་འདེབས།
  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།