རྡོ་རྗེའི་ཚིག་ཏུ་སྨྲས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-15 22:02:29     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ    ཀློག་ཐེངས།  

 རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།།ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་ནི།།འབངས་དད་ལྡན་ཡིད་ངོར་ཤར་བ་ལས།།ཕ་བསྟན་འཛིན་ཞེས་གྲགས་བདག་གི་སྐྱབས།།ཆོས་ཟབ་མོས་ཕན་བཏགས་ཕལ་ཆེ་བས།།དུས་དེང་སེང་བདག་ལ་ངན་སྨྲ་བརྗོད།།གཏམ་ངན་པས་གནོད་རྒྱུ་ཅི་ཡང་མེད།།བསྟོད་པ་ཁྱོད་ཅི་ལྟར་དགྱེས་དགྱེས་མཛོད།།ས་ཕྱོགས་འདི་ཡོན་བདག་ཕལ་ཆེ་བས།།དུས་དེང་སེང་བདག་ལ་འབུལ་བ་བྱེད།།ནོར་དངོས་པོས་ཕན་རྒྱུ་ཅི་ཡང་མེད།།སྐུ་བསོད་ཁྱོད་ཇི་ལྟར་དགྱེས་དགྱེས་མཛོད།།དགོན་གྲྭ་ཚང་ཁྲི་གོག་ལ་སོགས་པ།།དུས་དེང་སང་བདག་གིར་བཟུང་ན་ཡང་།།དགོན་ཆོས་གྲྭས་ཕན་རྒྱུ་ཅི་ཡང་མེད།།དགོན་ཆོས་གྲྭ་ཇི་ལྟར་དགྱེས་དགྱེས་མཛོད།།གཉེན་ཉེ་དུ་རུས་ལ་གཏོགས་པ་ཀུན།།དུས་དེང་སང་བདག་གིར་བཟུང་ན་ཡང་།།གཉེན་ཉེ་དུས་ཕན་རྒྱུ་ཅི་ཡང་མེད།།དཔོན་པོ་ཁྱོད་ཇི་ལྟར་དགྱེས་དགྱེས་མཛོད།།

              ཅེས་པ་འདི་ཡང་སྐལ་ལྡན་རྒྱ་མཚོས་རྡོ་རྗེའི་ཚིག་ཏུ་སྨྲས་པའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།