ན་གཞོན་ལོ་ཙྰ་བ་བློ་བཟང་སྦྱིན་པ་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-13 17:00:30     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20220513170117.jpg

བློ་བཟང་སྦྱིན་པ།1982ལོར་མང་རྗོང་བྱ་མདོའི་ཀོ་རི་མདོ་རུ་སྐྱེས། ལོ་བདུན་ནས་སློབ་གྲྭར་འགྲིམས་ཞིང་རང་ལོ་བཅུ་བདུན་སྟེང་༧སྐྱབས་རྗེ་ཡང་ཀྱཱ་རིན་པོ་ཆེའི་དྲུང་དུ་རབ་ཏུ་བྱུང་ནས་མཚམས་ཁང་དགོན་པའི་ཚོགས་ལ་ཞུགས་ཞིང་དགོན་དེའི་འདོན་རྟ་དབྱངས་གསུམ་ལ་སྦྱངས་པ་མཛད།

2001ལོར་མདོ་སྨད་ཀྱི་ཆོས་གྲྭ་ཆེན་མོ་ཀླུ་ཚང་དགོན་པའི་ཆོས་གྲྭར་ཞུགས། བསྡུས་གྲྭ་ནས་བཟུང་ཚད་མ་དང་ཕར་ཕྱིན་སོགས་ལ་སྦྱངས་པ་མཛད་ཏེ་2009ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག དེ་ནས་མུ་མཐུད་དུ་དབུ་མ། མཛོད། འདུལ་བ། སྔགས་བཅས་ལ་སྦྱངས་པ་མཛད་ནས་ད་ལྟ་ཀླུ་ཚང་དགོན་པའི་བཀའ་རམས་གཉིས་པའི་འཛིན་གྲྭར་སློབ་གཉེར་བྱེད་བཞིན་མཆིས །

  ཀླུ་ཚང་དགོན་དུ་སློབ་གཉེར་གྱི་ཞོར་དུ་རང་བཞིན་གནས་རིགས་ཞེས་པ་དང་སྐྱུག་བྲོ་བའི་ཀྲུང་གོ་བ་སོགས་རྩོམ་ཡིག་འགའ་ཞིག་བོད་ཡིག་ཏུ་བསྒྱུར་ནས་དུས་དེབ་སྟེང་དུ་སྤེལ།

2015ལོར་རྒྱ་བོད་བཀའ་བསྟན་གསབ་བསྒྱུར་གྱི་ལས་གཞི་ལས་ལུང་ཕྲན་ཚེགས་བསྒྱུར་བའི་ཚོགས་པར་ཞུགས་ཏེ་ལུང་ཕྲན་ཚེགས་ལས་བམ་པོ་བརྒྱད་པ་དང་སོ་དགུ བཞི་བཅུ། ཞེ་བཞི་བཅས་ཀྱི་མདོ་ཕྲན་༩༨བོད་ཡིག་ཏུ་བསྒྱུར་བའོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།