ན་གཞོན་ལོ་ཙྰ་བ་དོན་གྲུབ་རྒྱལ་གྱི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-11 18:18:31     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20220511181546.jpg

དོན་གྲུབ་རྒྱལ། ཕ་ཡུལ་ཅོ་ནེ། 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། སློབ་གྲྭ་དེ་གའི་དབྱིན་ཡིག་དགེ་རྒན་དང་འཛིན་བདག་སོགས་ཀྱི་འགན་ཁུར་ཅིང་། སྔ་རྗེས་སུ་སློབ་དོན་ཁང་གི་ཀྲུའུ་རིན་དང་སློབ་གཙོ་གཞོན་པའི་འགན་བཅས་ཁུར། 

ད་ལྟ་བོད་ལྗོངས་སློབ་ཆེན་གྱི་ཡིག་བསྒྱུར་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། ད་ལྟ་རྒྱ་བོད་ལོ་ཙཱའི་ཞིབ་འཇུག་སློབ་མའི་ཆེད་ལས་ལ་སློབ་སྦྱོང་བྱེད་བཞིན་ཡོད།

ད་ལྟའི་བར་དུ་རྩོམ་ཡིག་ཉིས་བརྒྱར་ལོངས་པ་བོད་ཡིག་ཏུ་བསྒྱུར་ཅིང་། 2016ལོར་རྒྱ་བོད་བཀའ་བསྟན་གསབ་བསྒྱུར་ལས་གཞི་ལས་ལུང་ཕྲན་ཚེགས་བསྒྱུར་བའི་ཚོགས་པར་ཞུགས་ཏེ་ལུང་སིལ་བའི་བམ་པོ་བཅུ་བཞི་བ་དང་ཉེར་གཅིག་པ་གཉིས་བོད་ཡིག་ཏུ་བསྒྱུར། 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།