རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་གདམས་ཐོར་བུ་བདུད་རྩི་ཐིགས་པ་ཞེས་བྱ་བ་བཞུགས་སོ།། 尊者无畏具德海开示拾零甘露滴(1)

    སྤེལ་དུས།  2021-02-13 20:49:21     རྩོམ་པ་པོ།   དགེ་སློང་ཤཀྱ་སངས་རྒྱས་འོད་ཟེར་    ཀློག་ཐེངས།  

རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་གདམས་ཐོར་བུ་བདུད་རྩི་ཐིགས་པ་ཞེས་བྱ་བ་བཞུགས་སོ།།

尊者无畏具德海开示拾零甘露滴(1)

 བླ་མ་མིང་གྲགས་པ་སོགས་གང་ཡིན་ཡིན་མི་བསྟེན།བླ་མ་བརྟགས་ནས་བསྟེན་དགོས་ལ་སློབ་མ་ཡང་བརྟགས་ནས་བསྟེན་དགོས།དཔེ་ཆ་བལྟ་ནའང་འདྲ།གང་ལྟར་ཀྱང་བླ་མའི་རྣལ་འབྱོར་གལ་ཆེ།

         不可冒然依止负有盛名之上师,须观察已再依止,(上师)对弟子亦须观察已再确认依止(关系)。观阅书籍亦如是。无论如何,上师瑜伽极为重要。

ལས་འབྲས་ལ་ཡིད་ཆེས་ཡོད་ན་ཅུང་ཟད་བཤད་ནའང་སེམས་ལ་འབབ་རྒྱུ་ཞིག་ཡོད།ལས་འབྲས་ལ་ཡིད་ཆེས་མེད་ན་གཞུང་པོ་ཏི་པོ་ཏི་བྱས་ནས་བཤད་ཀྱང་ཕན་ཐོགས་ཅི་ཡང་ཡོད་མི་སྲིད།

 若相信业果(道理)则稍讲即能理解,若不信业果(道理)纵讲整函整函教典亦不会有任何利益。

 གཞན་གྱིས་ཁྱོད་ལ་བསྟོད་པ་བྱས་ན་ཁྱོད་ཀྱི་ཚེ་ཇེ་རིང་ལ་འགྲོ་ནི་ཨེ་རེད།ཁྱོད་ཕྱུག་པོར་འགྲོ་ནི་ཨེ་རེད།ཁྱོད་ཇེ་སྐྱིད་ལ་འགྲོ་ནི་ཨེ་རེད།གཞན་གྱིས་ཁྱོད་ལ་སྨད་པ་བྱས་ན་ཁྱོད་ཀྱི་ལུས་ཕུང་ཚ་ནི་ཨེ་རེད།ཁྱོད་ལ་འབིག་གཙགས་བྱས་པ་ཨེ་རེད།གང་རེད།གང་ལ་གནོད་པ་ཡོང་གིཁྱོད་དེ་ལྟར་བདག་བསྟོད་གཞན་སྨོད་ལ་གོམས་ཆ་བུད་སོང་བས་དགའ་བ་དང་ཁྲོ་བ་མ་གཏོགས་ཁྱོད་ལ་ཕན་གནོད་ཅུང་ཟད་ཀྱང་ཡོད་པ་མ་རེད།

  别人夸赞你,会使你延长寿命吗?会使你发财吗?会使你幸福吗?别人贬损你,会使你身体疼痛吗?会刺伤你吗?到底是何者?对谁会有损害?你如是串习自赞毁他除了喜怒外不会给你带来丝毫损益。

ཤེས་རབ་བསྟན་དར་གྱིིས་ཟིན་བྲིས་བཏབ།

喜饶丹代尔    笔录

དགེ་སློང་ཤཀྱ་སངས་རྒྱས་འོད་ཟེར་གྱིས་བསྒྱུར།

比丘释佛光    译

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།