ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པའི་ཆོ་ག་བཞུགས་སོ།།受取大乘长净之仪轨藏汉对照

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-05 20:10:48     རྩོམ་པ་པོ།   དཔའ་རིས་བློ་བཟང་གིས་བསྒྱུར།    ཀློག་ཐེངས།  

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།

诸佛正法以及众中尊,

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།

直至菩提之间我皈依,

བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།།

我以施等所行诸资粮,

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།

为利有情祈愿成佛果!

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག།

愿一切有情具足安乐及安乐因!

སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་པར་གྱུར་ཅིག།

愿一切有情远离痛苦及痛苦因!

སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག།

愿一切有情不离无苦之乐!

སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་བར་གྱུར་ཅིག།

愿一切有情远离亲疏、贪瞋二者住平等之中!

ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ།།

用香遍涂鲜花敷大地,

རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།།

须弥四洲日月所庄严,

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས།།

向佛刹土所缘做供养,

འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །

愿诸众生享受此净土!

ཨི་དཾ་གུ་རུ་རཏྣ་མཎྜལ་ཁཾ་ནི་རྻ་དཱ་ཡ་མི། །

俄丹格日冉那曼札拉康努雅达雅木


ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ།

祈求住于十方之一切佛及菩萨垂念我!

ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ།གླང་བོ་ཆེན་པོ།བྱ་བ་བྱས་ཤིང་།བྱེད་པ་བྱས་པ།

昔时如来应供正等正觉佛,如同宝马、大象作事,作业、

ཁུར་བོར་བ།རང་གི་དོན་རྗེས་སུ་ཐོབ་པ།སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ།ཡང་དག་པའི་བཀའ།

弃荷,己事随得,断尽轮回之结生,清净教言、

ལེགས་པར་རྣམ་པར་གྲོལ་བའི་ཐུགས།ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས།

善于解脱之意,善于解脱之智慧者,

སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་།ཕན་པར་བྱ་བའི་ཕྱིར་དང་།གྲོལ་བར་བྱ་བའི་ཕྱིར་དང་།མུ་གེ་མེད་པར་བྱ་བའི་ཕྱིར་དང་།

诸如此类使为了一切有情之事、为了饶益、为了解脱、为了没有饥馑、为了无病、

ནད་མེད་པར་བྱ་བའི་ཕྱིར་དང་།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ།

为了圆满菩提品之诸法,以及为了证达无上正等正觉的菩提则行持清净长净,

བདག་མིང་འདི་ཞེས་བགྱི་བས་ཀྱང་།དུས་འདི་ནས་བཟུང་སྟེ།ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་།

同理,我名叫某某者,从现在开始,翌日未升起太阳之间,

ཕན་པར་བྱ་བའི་ཕྱིར་དང་།གྲོལ་བར་བྱ་བའི་ཕྱིར་དང་།མུ་གེ་མེད་པར་བྱ་བའི་ཕྱིར་དང་།ནད་མེད་པར་བྱ་བའི་ཕྱིར་དང་།

为了一切有情之事、为了饶益、为了解脱、为无灾荒、为无疾病,

བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ།།ཞེས་ལན་གསུམ་བརྗོད།

以及为了菩提品之诸法圆满而证达菩提之故则正确(清净)受取长净(诵持三遍)。

དེང་ནས་སྲོག་གཅོད་མི་བྱ་ཞིང་།།

从今不做杀生事,

གཞན་གྱི་ནོར་ཡང་བླང་མི་བྱ།།

他人之物亦不盗,

འཁྲིག་པའི་ཆོས་ཀྱང་མི་སྤྱོད་ཅིང་།།

亦不做那行淫事,

རྫུན་གྱི་ཚིག་ཀྱང་མི་སྨྲའོ།།

亦不能说妄语事。

སྐྱོན་ནི་མང་བོ་ཉེར་བརྟེན་པའི།།

由于引生诸过失,

ཆང་ནི་ཡོངས་སུ་སྤང་བར་བྱ།།

应当断尽饮酒行,

ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་།།

不能坐卧大床上,

དེ་བཞིན་དུས་མ་ཡིན་པའི་ཟས།།

同样不行非时食,

དྲི་དང་ཕྲེང་བ་རྒྱན་དང་ནི།།

当断香水鬘装饰,

གར་དང་གླུ་སོགས་སྤང་བར་བྱ། །

以及跳舞唱歌等。

ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི།།

就像阿罗汉恒常,

སྲོག་གཅོད་ལ་སོགས་མི་བྱེད་ལྟར།།

不做杀生等诸事,

དེ་བཞིན་སྲོག་གཅོད་ལ་སོགས་སྤང་།།

同样当断杀生等,

བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག།

祈速获无上菩提!

སྡུག་བསྔལ་མང་འཁྲུགས་འཇིག་རྟེན་འདི།།

痛苦众多此世间,

སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། ཞེས་ལན་གཅིག

三有海中愿解脱!(诵读一遍)

ཨ྄ོཾ་ཨ་མོ་གྷ་ཤི་ལ་སཾ་བྷ་ར།བྷ་ར་བྷ་ར།

嗡啊毛噶希拉 桑巴 、巴 巴 、

མ་ཧཱ་ཤུདྡྷ་ས་ཏྭ་པདྨ་བི་བྷཱུ་ཥི་ཏ་བྷུ་ཛ།

嘛哈希达萨埵,叭嘛吾布克达布杂,

ངྷ་ར་དྷ་ར།ས་མནྟ། ཨ་བ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱ་ཧཱ།ཞེས་ཉེར་གཅིག་བརྗོད།

达 达 ,萨曼达,阿瓦劳格代,吽哌梭哈(诵持二十一遍)

ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌།།

诺戒无过失,

ཚུལ་ཁྲིམས་རྣམ་པར་དག་དང་ལྡན།།

具足清净戒,

རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།།

以无傲心戒,

ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག།

愿满持戒度!

ཞེས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱ།

并以回向和发愿文作为终结。

应嘉照格西之托,由华锐罗桑嘉措速译于2020年藏历四月十四日午时。

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།