ས་ལམ་ཐེག་གསུམ་མཛེས་རྒྱན། 地道建立三乘庄严藏汉对照

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-07-29 08:22:02     རྩོམ་པ་པོ།   འཇིགས་མེད་དབང་པོ།    ཀློག་ཐེངས།  

༄༄། །ས་ལམ་རྣམ་བཞག་ཐེག་གསུམ་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །

地道建立三乘庄严

རྗེ་དཀོན་མཆོག་འཇིགས་མེད་དབང་པོས་བརྩམས།

宝无畏大师造

法尊法师译

མཆོད་བརྗོད།

礼赞

༄༄། །ན་མོ་གུ་རུ་བྷྱཿ།

敬礼诸师长

ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ།།  ཚུལ་དེ་འདོམས་མཛད་ཤྰཀྱའི་རྒྱལ་བོ་ལ། །

གུས་པས་བཏུད་དེ་སྐལ་མཉམ་རྗེས་བཟུང་ཕྱིར།།ས་ལམ་རྣམ་བཞག་མདོར་བསྡུས་བྲི་བར་བྱ། །

敬礼地道到究竟,垂训斯理释迦王,

为摄同分诸有情,略书地道诸建立。

དེ་ལ་འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དུ་མའི་གཞི་རྟེན་དུ་གྱུར་བའི་ས་དང་ལམ་གྱི་རྣམ་བཞག་འཆད་པ་ལ་ཐོག་མར།

今此宣说,世出世间无量功德所依根本,地道建立。

སྐྱེས་བུ་གསུམ་གྱི་ལམ་གྱི་རྣམ་བཞག་མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ་སྟེ།

先当略说三士道建立。

དེ་ཡང་རང་ཁོ་ནའི་དོན་དུ་ཚེ་ཕྱི་མའི་འཁོར་བའི་མངོན་མཐོ་ཙམ་གཙོ་བོར་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་དེ་སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་གྱི་ལམ་གྱི་མཚན་ཉིད།

此若专为自利,正求后世世间善趣,所立意乐,是殊胜下士道相。

མཚན་གཞི་ནི།སྐྱེས་བུ་ཆུང་ངུའི་རྒྱུད་ཀྱི་འཆི་བ་མི་རྟག་པ་རྟོགས་པའི་བློ་དང་། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུའོ། །

例如:下士身中,通达死没无常之心,及断十不善之戒。

དེ་དག་ལ་བརྟེན་ནས་རང་རྒྱུད་ལྡན་གྱི་གང་ཟག་མངོན་མཐོའི་གོ་འཕང་དུ་བགྲོད་པར་བྱེད་པས་ན་སྐྱེས་བུ་ཆུང་ངུའི་ལམ་ཞེས་བརྗོད་དོ། །

由依此道,能令彼人,往生善趣,故名下士道。

འཁོར་བའི་ཕུན་ཚོགས་ལ་བློ་ལོག་པའི་སྒོ་ནས་རང་ཁོ་ནའི་དོན་དུ་ཐར་བ་གཙོ་བོར་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་དེ་སྐྱེས་བུ་འབྲིང་གི་ལམ་གྱི་མཚན་ཉིད།

若由厌背,生死盛事,专为自利,正求解脱,所立意乐,是中士道相。

མཚན་གཞི་ནི།སྐྱེས་བུ་འབྲིང་གི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་ལྟ་བུའོ། །

例如:中士身中,通达无常等十六行相之心。

དེ་ལ་བརྟེན་ནས་རང་རྒྱུད་ལྡན་གྱི་གང་ཟག་ཐར་བའི་གོ་འཕང་དུ་བགྲོད་པར་བྱེད་པས་ན་སྐྱེས་བུ་འབྲིང་གི་ལམ་ཞེས་བརྗོད་དོ། །

由依此道,能令彼人,住解脱位,故名中士道。

སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་སྒོ་ནས་སེམས་ཅན་གཞན་གྱིས་སངས་རྒྱས་ཐོབ་ཕྱིར་དུ་རྣམ་མཁྱེན་དོན་དུ་གཉེར་པའི་ཆ་ནས་བཞག་པའི་བསམ་པ་དེ་སྐྱེས་བུ་ཆེན་པོའི་ལམ་གྱི་མཚན་ཉིད།

若由大悲

[1]自在而转,为令有情皆成佛故,求正遍知,所立意乐,是上士道相。


མཚན་གཞི་ནི།སྐྱེས་བུ་ཆེན་པོའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་དང་།ལྷག་བསམ་རྣམ་དག་ལྟ་བུའོ། །དེ་ལ་བརྟེན་ནས་རང་རྒྱུད་ལྡན་གྱི་གང་ཟག་བླ་ན་མེད་པའི་བྱང་ཆུབ་ཏུ་བགྲོད་པར་བྱེད་པས་ན་སྐྱེས་བུ་ཆེན་པོའི་ལམ་ཞེས་བརྗོད་དོ། །

例如:上士身中大悲心,增上意乐,由依此道能令彼人往无上菩提,故名上士道。

སྐྱེས་བུ་གསུམ་ཀའི་ཉམས་སུ་བླང་བྱ་ཡང་ཡིན། འབྲིང་གི་ལམ་རང་རྒྱུད་ལ་སྐྱེ་བ་ལ་རང་ཉིད་ལ་ཐོག་མར་བློ་སྦྱོང་དགོས་པའི་བསམ་པ་དེ་སྐྱེས་བུ་ཆུང་འབྲིང་ཐུན་མོང་གི་ལམ་གྱི་མཚན་ཉིད།

若是三士所修之意乐,于自身中生中士道,先须于此而修心者,是下中士共道之相。

མཚན་གཞི་ནི།འཆི་བ་མི་རྟག་པ་དང་།ངན་འགྲོའི་སྡུག་བསྔལ་རྟོགས་པའི་ཤེས་རབ་ལྟ་བུའོ། །

例如:通达死没无常及恶趣苦之慧。

སྐྱེས་བུ་ཆེ་འབྲིང་གཉིས་ཀའི་ཉམས་སུ་བླང་བྱ་ཡང་ཡིན། ཆེན་པོའི་ལམ་རང་རྒྱུད་ལ་སྐྱེ་བ་ལ་ཐོག་མར་བློ་སྦྱོང་དགོས་པའི་བསམ་པ་དེ། སྐྱེས་བུ་ཆེ་འབྲིང་ཐུན་མོང་གི་ལམ་གྱི་མཚན་ཉིད།

若是上中二士所修之意乐,于自身中生上士道,先须于此而修心者,是上中士共道之相。

མཚན་གཞི་ནི།མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་ལྟ་བུའོ། །

例如:通达无常等十六行相之心。

སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་དག་རྒྱུད་ལ་སྐྱེ་བའི་ཚུལ་ཡང་ཡོད་དེ། དེ་ཡང་དལ་འབྱོར་རྙེད་དཀའ་ཞིང་དོན་ཆེ་བ་དང་། དེ་ཉིད་རིང་དུ་མི་གནས་པར་འདོར་པའི་ཚུལ་བསམ་སྟེ་ཚེ་འདིའི་སྣང་ཤས་ལོག་ནས་ཕྱི་མ་དོན་གཉེར་གྱི་བསམ་པ་ལ་བཅོས་མིན་གྱི་མྱོང་བ་ཐོན་པ་ན་སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་གྱི་ལམ་རྒྱུད་ལ་སྐྱེས་པ་ཡིན་ཞིང་།

彼三士道次第于身生起之理者,谓由思惟暇满,难得义大,复不久住,失弃之理,而能厌背,现法盛事,发生无伪希求后世之心,是于身中生起殊胜下士之道。

དེའི་འོག་ཏུ་འཁོར་བའི་ཕུན་ཚོགས་མཐའ་དག་མེ་འབར་པའི་འོབས་ལྟར་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་ལ་བཅོས་མིན་གྱི་མྱོང་བ་ཐོན་པ་ན་སྐྱེས་བུ་འབྲིང་གི་ལམ་རྒྱུད་ལ་སྐྱེས་པ་ཞེས་པའོ། །

其后由见,生死一切圆满,皆如火坑,发生无伪欲解脱心,是于身中生起中士之道。

དེའི་འོག་ཏུ་རང་ཉིད་ཀྱིས་འཁོར་བ་ལས་གྲོལ་བའི་ཐར་བ་ཞིག་ཐོབ་ཀྱང་སྐྱོན་ཕྱོགས་རེ་བ་ཟད་པ་དང་།ཡོན་ཏན་ཕྱོགས་རེ་བ་ཙམ་ཐོབ་པ་ཡིན་པས་རང་དོན་མ་རྫོགས་པར་མ་ཟད།གཞན་དོན་ཡང་ཉི་ཚེ་བར་ཟད་ཅིང་རང་དོན་ཙམ་ལ་དམིགས་པ་ནི་དུད་འགྲོ་དང་ཐུན་མོང་བར་ཤེས་ནས་སེམས་ཅན་གཞན་ཏན་གྱི་བདེ་བ་ལ་འགོད་པའི་ཆེད་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་གཙོ་བོར་དོན་གཉེར་གྱི་བསམ་པ་ལ་བཅོས་མིན་གྱི་མྱོང་བ་ཐོན་པ་ན་སྐྱེས་བུ་ཆེན་པོའི་ལམ་རྒྱུད་ལ་སྐྱེས་པ་ཡིན་ནོ།

其后由见,自出生死,而得解脱,仍唯灭一分过失,得一分功德,即于自利且未圆满,其利他事,更属少分,唯求自利,旁生亦同,为将诸余有情,安立于毕竟安乐,而发生无伪正求一切种智之意乐,是于身中生起上士之道。

འོ་ན་ས་ལམ་གྱི་རྣམ་བཞག་ཇི་ལྟ་བུ་ཞེ་ན།དེ་འཆད་པ་ལ་གཉིས། 

若尔,地道建立云何,释此分二。

ས་ལམ་གྱི་རྣམ་བཞག་སྤྱིར་བསྟན་པ་དང་།

甲一、总标地道建立。

ཐེག་པ་གསུམ་གྱི་ས་ལམ་གྱི་རྣམ་བཞག་བྱེ་བྲག་ཏུ་བཤད་པའོ།

甲二、别释三乘地道建立

སྤྱིར་བཤད་པ།དང་པོ་ནི།སའི་མཚན་ཉིད་སྲ་ཞིང་འཐས་པ་ཡིན་ལ།སའི་བྱེད་ལས་ནི།རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ཐམས་ཅད་སྐྱེ་ཞིང་གནས་པའི་རྟེན་བྱེད་པའི་ཕྱིར།

今初、坚硬为地相,地之作用,谓与动不动一切世间,为生住依故。

དེ་ནི་འབྱུང་བ་བཞིའི་ནང་ཚན་གྱི་ས་མཚན་ཉིད་པ་ཡིན་ལ།ཐེག་པ་གསུམ་གྱི་ལམ་ལ་ས་ཞེས་བརྗོད་པ་ནི།ས་བཏགས་པ་བ་ཡིན་ཞིང་།

此是四大种中之地,于三乘道,说名地者,是假名地。

དེ་ལྟར་འདོགས་པའི་རྒྱུ་མཚན་ཡང་བྱེད་ལས་ཆོས་མཚུངས་པའི་སྒོ་ནས་སོ།། སའི་ཐ་སྙད་འཇུག་ཚུལ་དུ་མ་ཡོད་དེ།ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི་ས་གསུམ་དང་།

如是假立之理,谓由作用相等故。地之名言,总有多种,谓声闻、独觉、菩萨三地;

གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས།གཉིས་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས། བདེན་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས་སྟེ་རྣལ་འབྱོར་ས་གསུམ།

通达人无我之瑜伽地,通达二取空之瑜伽地,通达谛实空之瑜伽地,名三瑜伽地(或译三观行地);

བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་དང་།བསམ་གཏན་དང་པོའི་དངོས་གཞི་ཙམ་ཁྱད་གཉིས།བསམ་གཏན་ཕྱི་མ་གསུམ་སྟེ་བསམ་གཏན་ས་དྲུག་དང་།

第一静虑未到定,第一静虑胜劣二根本定,后三静虑,共名六静虑地;

ཟག་མེད་ཀྱི་བསམ་གཏན་ས་དྲུག་གི་སྟེང་དུ་ཟག་མེད་ཀྱི་གཟུགས་མེད་དང་པོ་གསུམ་བསྣན་ནས་ཟག་མེད་ས་དགུ་དང་།

又于六无漏定地上,更加前三无色,名九无漏地;

འདོད་སེམས་ཀྱི་སྟེང་དུ་བསམ་གཟུགས་བརྒྱད་བསྣན་པས་ཁམས་གསུམ་ས་དགུ་དང་། དམན་པ་ས་བརྒྱད་རྣམས་སུ་ཡོད་པའི་ཕྱིར།

欲界心上加静虑无色八地

[2],名三界九地;又有小乘八地等故。


རང་གི་འབྲས་བུར་གྱུར་པའི་ཡོན་ཏན་དུ་མའི་གཞི་རྟེན་བྱེད་པའི་ལམ་ཞུགས་ཀྱི་མངོན་རྟོགས་དེ་ས་ལམ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སའི་མཚན་ཉིད།

能为自果,无量功德,所依之入道现观,是地道二种之地相。

དེ་ལ་དབྱེ་ན། ཉན་ཐོས་ཀྱི་ས།རང་རྒྱལ་གྱི་ས།བྱང་སེམས་ཀྱི་ས་དང་གསུམ་ཡོད།དེ་གསུམ་ལ་ས་ཞེས་བརྗོད་པ་ནི།སས་རྩི་ཤིང་ནགས་ཚལ་ལ་སོགས་པའི་རྟེན་བྱེད་པ་བཞིན་དུ་འདིས་ལམ་ཞུགས་ཀྱི་ཡོན་ཏན་དུ་མའི་རྟེན་བྱེད་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར།

差别有三,谓声闻地、独觉地、菩萨地。此三说名地者,谓如大地,为草木山林等之所依,此亦为入道无量功德之所依,而作如是说故。

ཡང་དེ་ལ་མཆོག་དམན་གྱི་སྒོ་ནས་དབྱེ་ན།ཐེག་དམན་གྱི་ས་དང་།ཐེག་ཆེན་གྱི་ས་གཉིས་ཡོད།

此就胜劣分小乘大乘二地。

དང་པོ་ཐེག་དམན་གྱི་ས་ལ་དབྱེ་ན།དམན་པ་ས་བརྒྱད་ཡོད་དེ།

小乘地中分为小乘八地。

འགྲེལ་ཆུང་དོན་གསལ་

[3]དུ་ཞུགས་པ་ཕྱི་མ་གསུམ་ཀྱི་མངོན་རྟོགས་ལ་ཉན་ཐོས་ཀྱི་ས་ཞེས་ས་བརྒྱད་ཀྱི་གྲངས་སུ་སྨོས་པ་ནི་ཐེག་པ་གསུམ་གྱི་ཚུལ་རྣམ་པར་གཞག་པའི་ཆེད་ཡིན་ལ།


《显义释》中,说后三向现观,名声闻地,而列八地者,是为别立三乘。

གསུང་རབ་སྤྱི་འགྲོ་ལྟར་ན་དམན་པའི་ས་བརྒྱད་ནི་དཀར་པོ་རྣམ་པར་མཐོང་བའི་ས།རིགས་ཀྱི་ས། བརྒྱད་པའི་ས།མཐོང་བའི་ས།བསྲབ་པའི་ས།འདོད་ཆགས་དང་བྲལ་བའི་ས།བྱས་པ་རྟོགས་པའི་ས།རང་སངས་རྒྱས་ཀྱི་ས་རྣམས་སོ། །མཚན་གཞི་རིམ་པ་བཞིན་བརྗོད་ན།

若就经论总轨,而立小乘八地者,谓见白地、种性地、八人地、见地、薄地、离欲地、己办地、独觉地,举列如次。

ཉན་ཐོས་ཀྱི་ཚོགས་ལམ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱ་སྟེ། རྣམ་བྱང་གི་ཆོས་དཀར་པོ་དང་པོར་མཐོང་བའི་ལམ་ཡིན་པའི་ཕྱིར།ཉན་ཐོས་ཀྱི་སྦྱོར་ལམ་ལ་རིགས་ཀྱི་ས་ཞེས་བྱ་སྟེ། རང་གི་རིགས་ལ་མི་འཁྲུལ་བ་དེ་ནས་ཐོབ་པའི་ཕྱིར།

声闻资粮道名见白地,以是初见白净法之道故;声闻加行道名种性地,种性无乱

[4]从此得故;


རྒྱུན་ཞུགས་ཞུགས་པའི་མངོན་རྟོགས་ལ་བརྒྱད་པའི་ས་ཞེས་བྱ་སྟེ།ཞུགས་གནས་བརྒྱད་ཀྱི་དང་པོ་དེ་ནས་ཐོབ་པའི་ཕྱིར།རྒྱུན་ཞུགས་འབྲས་གནས་ཀྱི་མངོན་རྟོགས་ལ་མཐོང་བའི་ས་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་གང་ཟག་གི་བདག་མེད་དང་པོར་མངོན་སུམ་དུ་མཐོང་བའི་ཕྱིར།

预流向现观,名八人地,相果

[5]八位初从此得故;预流果现观,名为见地,以出世道最初现见人无我故;


ཕྱིར་འོང་འབྲས་གནས་ཀྱི་མངོན་རྟོགས་ལ་བསྲབ་པའི་ས་ཞེས་བྱ་སྟེ། འདོད་ཉོན་གྱི་གསུམ་གཉིས་སྤངས་ཏེ་བསྲབ་མོར་བྱས་པའི་ཕྱིར།ཕྱིར་མི་འོང་འབྲས་གནས་ཀྱི་མངོན་རྟོགས་ལ་འདོད་ཆགས་དང་བྲལ་བའི་ས་ཞེས་བྱ་སྟེ། འདོད་ཉོན་མཐའ་དག་ལ་ཆགས་པ་དང་བྲལ་བའི་ཕྱིར།

一来果现观,名为薄地,已断欲惑三分之二,令微薄故;不还果现观,名离欲地,于欲烦恼皆离贪故;

ཉན་ཐོས་དགྲ་བཅོམ་པའི་མངོན་རྟོགས་ལ་བྱས་པ་རྟོགས་པའི་ས་ཞེས་བྱ་སྟེ།རང་ལམ་གྱི་བྱ་བ་རྫོགས་པར་བྱས་པར་རྟོགས་པས་སོ།

声闻阿罗汉现观,名已办地,自道所作已办讫故;

རང་སངས་རྒྱས་ཀྱི་མངོན་རྟོགས་ལ་རང་སངས་རྒྱས་ཀྱི་ས་ཞེས་བྱ་སྟེ།སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་ལ་བརྟེན་མི་དགོས་པའི་ཡོན་ཏན་དང་ལྡན་པའི་མཁྱེན་པ་ཡིན་པའི་ཕྱིར། རང་རྒྱལ་སློབ་པའི་མངོན་རྟོགས་རྣམས་ཀྱང་འདིའི་ནང་དུ་བསྡུ་བར་བྱའོ།

独觉现观,名独觉地,是最后有,不依师教,具斯功德之智故。独胜诸有学现观,亦此中所摄。

ཞུགས་པ་ཕྱི་མ་གསུམ་གྱི་མངོན་རྟོགས་ཀྱང་འདིར་མ་འདུས་པའི་སྐྱོན་མེད་དེ།འབྲས་གནས་གསུམ་གྱི་མངོན་རྟོགས་སུ་འདུ་བའི་ཕྱིར་རོ། །

后三向现观亦无不摄之过,即摄入三果现观故。

རྣལ་འབྱོར་སྤྱོད་པའི་དབུ་མ་རང་བརྒྱུད་པའི་ལུགས་འདི་ལ།ཉན་ཐོས་རྣམས་ཀྱིས་ཉོན་མོངས་སྤངས་བྱའི་གཙོ་བོར་བྱེད་པ་དང་།རང་རྒྱལ་གྱིས་ཤེས་སྒྲིབ་རགས་པ་སྤངས་བྱའི་གཙོ་བོར་བྱེད་པའི་གནད་ཀྱིས་རང་རྒྱལ་ལ་ཞུགས་གནས་བརྒྱད་མི་འཇོག་ལ།

随瑜伽行自续中观师宗,由说声闻正断烦恼,独觉正断粗分所知障,故于独觉,不立八向果。

སློབ་དཔོན་གྱིས་ཀྱང་དམན་པའི་ས་དང་པོ་བདུན་ཉན་ཐོས་ཀྱི་མངོན་རྟོགས་ཀྱི་སྟེང་དུ་བཞག་ཅིང་།རང་རྒྱལ་གྱི་ས་ཞུགས་གནས་བརྒྱད་གང་ལ་ཡང་མི་གཏོགས་པའི་དམན་པའི་ས་བརྒྱད་པར་བཞག་པ་ཡིན་ནོ། །

论师(狮子贤)亦于声闻现观,立小乘前七地,其独觉地,俱非八向果所摄,立为第八地。

སེམས་ཙམ་པ་དང་།མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་།ཐལ་འགྱུར་བ་རྣམས་ཀྱི་ལུགས་ལ་རང་རྒྱལ་ལ་ཞུགས་གནས་བརྒྱད་ཚང་བར་འཇོག་སྟེ།ཉན་རང་གཉིས་ཀྱི་སྤང་བྱའི་གཙོ་བོ་འདྲ་བའི་ཕྱིར་རོ། །

唯识师、顺经部行自续中观师,及应成中观宗,于独觉亦立八种向果,与声闻独觉所断同故。

གཉིས་པ་ཐེག་ཆེན་གྱི་ས་ལ་དབྱེ་ན།ས་བཅུ་ཡོད་དེ་འོག་ཏུ་འཆད་དོ། །

第二大乘地中,分为十地至下当说。

རང་འབྲས་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པའི་ལམ་ཞུགས་ཀྱི་མཁྱེན་པ་དེ་ལམ་གྱི་མཚན་ཉིད།ཐར་ལམ། མཁྱེན་པ། ཡེ་ཤེས། མངོན་རྟོགས།ཡུམ། ཐེག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །དེ་ལ་ལམ་ཞེས་བརྗོད་པ་ནི།ཐར་བའི་གོ་འཕང་དུ་བགྲོད་པར་བྱེད་པ་ཡིན་པས་ན་དེ་ལྟར་བརྗོད་དོ།

开辟往自果菩提之入道现观,是为道相。解脱道、正智、智、现观、母、乘,一义异名。此云道者,由能往解脱位,而作是说故。

ཡང་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན།ཚོགས་ལམ། སྦྱོར་ལམ། མཐོང་ལམ།སྒོམ་ལམ།མི་སློབ་ལམ་དང་ལྔ་ཡོད།དང་བོ་ནི།ཆོས་མངོན་རྟོགས་དེ་ཚོགས་ལམ་གྱི་མཚན་ཉིད།དབྱེ་ན་ཐེག་པ་གསུམ་གྱི་ཚོགས་ལམ་གསུམ་ཡོད།ཚོགས་ལམ།དད་པའི་ས། ཐར་བ་ཆ་མཐུན།ཆོས་མངོན་རྟོགས་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །

此就自体分别有五,谓资粮道、加行道、见道、修道、无学道。初法现观,是资粮道相。分别有三,谓三乘资粮道。资粮道、信道

[6]、顺解脱分、法现观等,一义异名。


དེ་ལ་ཚོགས་ལམ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།ཐེག་པ་རང་ལམ་གྱི་བྱང་ཆུབ་ཐོབ་ཕྱིར་དུ་ཚོགས་བསགས་པའི་ལམ་གྱི་དང་བོ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར།དེ་ལ་དད་པའི་ས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།དད་སོགས་ཡུལ་ལྔ་ལ་གཙོ་བོར་མཁས་པའི་གནས་སྐབས་ཀྱི་ལམ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར།

此名资粮道者,为得自乘菩提,是最出积集资粮之道,而作是说故;名信地者,谓于信等五境正求善巧之道,而作是说故;

དེ་ལ་ཐར་བ་ཆ་མཐུན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།ཉོན་སྒྲིབ་སྤངས་པའི་འགོག་བདེན་ནི་ཐར་བ་དང་།དེའི་ཕྱོགས་གཅིག་ཉོན་སྒྲིབ་ཀུན་བཏགས་སྤངས་པའི་འགོག་བདེན་ནི་ཐར་བའི་ཆ་དང་།དེ་ཐོབ་པ་དང་རྗེས་སུ་མཐུན་པའི་གནས་སྐབས་ཀྱི་ལམ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར།

名顺解脱分者,永断烦恼障之灭谛,是为解脱,此之一分,断除分别烦恼障之灭谛,是解脱分,是随顺证彼之道,而作是说故;

དེ་ལ་ཆོས་མངོན་རྟོགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།ཆོས་མངོན་རྟོགས་ཞེས་བརྗོད་པའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་དང་། དེ་ལ་དམིགས་ནས་སྒྲ་སྤྱིའི་རྗེས་སུ་འབྲངས་ཏེ་ཉན་ཐོས་ཀྱི་དོན་མངོན་རྟོགས་ཐོས་བསམ་གྱིས་གཙོ་བོར་གཏན་ལ་འབེབས་པའི་སྐབས་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར།

名法现观者,法现观之法,谓十二分教,由缘彼教随逐总名,正以闻思决择声闻义现观之时,而作是说故。

དོན་མངོན་རྟོགས་དེ་སྦྱོར་ལམ་གྱི་མཚན་ཉིད། དབྱེ་ན་ཉན་ཐོས་ཀྱི་སྦྱོར་ལམ་སོགས་གསུམ་ཡོད།

义现观,是加行道相,分别有三,谓声闻加行道等。

སྦྱོར་ལམ།ངེས་འབྱེད་ཆ་མཐུན། ངེས་འབྱེད་ཡན་ལགདོན་མངོན་རྟོགས་རྣམས་དོན་གཅིག

加行道、顺决择分、决择支、义现观等,是为一义。

དེ་ལ་སྦྱོར་ལམ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།ཐེག་པ་རང་ལམ་གྱི་མཐོང་ལམ་ལ་སྦྱོར་བས་ན་དེ་ལྟར་བརྗོད་པའི་ཕྱིར།

此名加行道者,由是自乘,见道加行,而作是说故;

དེ་ལ་ངེས་འབྱེད་ཆ་མཐུན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།ངེས་འབྱེད་ནི་མཐོང་ལམ་ཡིན་ལ།དེའི་ཆ་ལ་ཕན་འདོགས་པས་ན་དེ་ལྟར་བརྗོད་པའི་ཕྱིར།

名顺决择分者,决择是见道,由能饶益彼分,而作是说故;

དེ་ལ་ངེས་འབྱེད་ཡན་ལག་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།རང་འབྲས་མཐོང་ལམ་ཐོབ་པར་བྱེད་པའི་ཡན་ལག་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར།

名决择支者,由是能证

[7]自果见道之支,而作是说故;


དེ་ལ་དོན་མངོན་རྟོགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།གསུང་རབ་ཀྱི་དོན་བདག་མེད་ཕྲ་རགས་གང་རུང་ལ་སྒོམ་བྱུང་གི་མྱོང་བ་ཐོན་པས་ན་དེ་ལྟར་བརྗོད་པའི་ཕྱིར།

名义现观者,由缘经义粗细无我随一,在修成慧,而作是说故。

བདེན་པ་མངོན་རྟོགས་མཐོང་ལམ་གྱི་མཚན་ཉིད།དབྱེ་ན།ཉན་ཐོས་ཀྱི་མཐོང་ལམ་སོགས་གསུམ་ཡོད།

谛现观,是见道相,分别有三,谓声闻见道等。

མཐོང་ལམ།བདེན་པ་མངོན་རྟོགས།མཐོང་ལམ་པའི་རྒྱུད་ཀྱི་མཁྱེན་པ་རྣམས་དོན་གཅིག

见道、谛现观、证见道者身中之智,皆是一义。

དེ་ལ་མཐོང་ལམ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།བདག་མེད་ཕྲ་རགས་གང་རུང་མངོན་སུམ་དུ་གསར་དུ་རྟོགས་པའི་ལམ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར།

此名见道者,由是初证粗细无我随一之道,而作是说故;

དེ་ལ་བདེན་པ་མངོན་རྟོགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།བདེན་པ་མངོན་སུམ་དུ་གསར་དུ་རྟོགས་པའི་ལམ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར།

名谛现观者,由是初证圣谛之道,而作是说故。

རྗེས་ལ་མངོན་རྟོགས་དེ་སྒོམ་ལམ་གྱི་མཚན་ཉིད།དབྱེ་ན།ཉན་ཐོས་ཀྱི་སྒོམ་ལམ་སོགས་གསུམ་ཡོད།

随现观(或译后现观),是修道相,分别有三,谓声闻修道等。

སྒོམ་ལམ།རྗེས་ལ་མངོན་རྟོགས།སྒོམ་ལམ་པའི་མཁྱེན་པ་རྣམས་དོན་གཅིག

修道、随现观、修道者智等,皆是一义。

དེ་ལ་སྒོམ་ལམ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།བདག་མེད་མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར།

此名修道者,由已证无我,相继修习,而作是说故;

དེ་ལ་རྗེས་ལ་མངོན་རྟོགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།མཐོང་ལམ་གྱི་རྗེས་ལ་བདེན་པ་མངོན་སུམ་དུ་རྟོགས་པའི་ལམ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར།

名随现观者,随见道后,是证无我之道,而作是说故。

ཉོན་སྒྲིབ་སྤངས་པའི་ཆ་ནས་བཞག་པའི་མཁྱེན་པ་དེ་མི་སློབ་ལམ་གྱི་མཚན་ཉིད།སྒྲའི་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན།ཉན་ཐོས་ཀྱི་མི་སློབ་ལམ་སོགས་གསུམ་ཡོད།

就永断烦恼障所安立智,是无学道相。就言说分别,有声闻无学道等三。

མི་སློབ་ལམ།ཉོན་སྒྲིབ་སྤངས་པའི་ཡེ་ཤེས།དགྲ་བཅོམ་པའི་མཁྱེན་པ་རྣམས་དོན་གཅིགདེ་ལ་མི་སློབ་ལམ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐེག་པ་རང་ལམ་གྱི་བྱ་བ་མཐར་ཕྱིན་པས་ན་དེ་ལྟར་བརྗོད་པའི་ཕྱིར།

无学道,永断烦恼障智(意即烦恼障净智),阿罗汉智皆是一义。此名无学道者,由于自乘所作已到究竟,而作是说故。

གཉིས་པ་ཐེག་པ་གསུམ་གྱི་ས་ལམ་གྱི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་ལ།ཉན་ཐོས།རང་རྒྱལ།ཐེག་ཆེན་གྱི་ལམ་བཤད་པ་དང་གསུམ།

甲二、别释三乘地道建立分三;乙一、声闻道;乙二、独觉道;乙三、大乘道。

དང་བོ་ལ།ཉན་ཐོས་ཀྱི་ཚོགས་ལམ།སྦྱོར་ལམ།མཐོང་ལམ།སྒོམ་ལམ།མི་སློབ་ལམ་དང་ལྔ་ལས།

初中分五:丙一、声闻资粮道;丙二、加行道;丙三、见道;丙四、修道;丙五、无学道。

དང་བོ་ཉན་ཐོས་ཀྱི་ཚོགས་ལམ་ལ།མཚན་ཉིད།དབྱེ་བ།རྣམ་གྲངས།སྐྱེ་བའི་ཚུལ་བཤད་པ་དང་བཞི།

初中分四:丁一、性相;(丁二、分别;丁三、异名;丁三、异名;丁四、生起之理。)

དང་བོ་ནི།རང་འབྲས་སྦྱོར་ལམ་མ་སྐྱེས་གོང་གི་ཉན་ཐོས་ཀྱི་ཆོས་མངོན་རྟོགས་དེ།ཉན་ཐོས་ཀྱི་ཚོགས་ལམ་གྱི་མཚན་ཉིད།

丁一、性相;未生自果,加行道前之声闻法现观,是声闻资粮道相。

གཉིས་པ་ནི།དེ་ལ་དབྱེ་ན།ཉན་ཐོས་ཀྱི་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་ཡོད།ཡང་དེ་ལ་དབྱེ་ན།མངོན་སུམ།རྗེས་དཔགབཅད་ཤེས་གསུམ་ཡོད།

丁二、分别;此分上中下三品声闻资粮道。又分现量、比量、断知三种。

དང་བོ་ནི།དེའི་རྒྱུད་ཀྱི་མངོན་ཤེས་དང་བོ་ལྔ་ལྟ་བུའོ། །གཉིས་པ་ནི།དེའི་རྒྱུད་ཀྱི་རྟགས་ལ་བརྟེན་ནས་གང་ཟག་གི་བདག་མེད་གསར་དུ་རྟོགས་པའི་བློ་ལྟ་བུའོ། །གསུམ་པ་ནི།དེའི་རྒྱུད་ཀྱི་གང་ཟག་གི་བདག་མེད་ངེས་པའི་ངེས་ཤེས་ལྟ་བུའོ། །

初,如彼身中前五神通;二,如彼身中依因初达人无我慧;三,如彼身中决定人无我义之定智。

གསུམ་པ་ནི།ཉན་ཐོས་ཀྱི་ཚོགས་ལམ།ཉན་ཐོས་ཀྱི་དད་པའི་ས།ཉན་ཐོས་ཀྱི་ཐར་པ་ཆ་མཐུན།ཉན་ཐོས་ཀྱི་ཆོས་མངོན་རྟོགས་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །སྒྲ་བཤད་སྔ་མ་དང་རིགས་འགྲེའོ། །

丁三、异名;声闻资粮道、声闻信地、声闻顺解脱分、声闻法现观等,一义异名。训释如前例知。

བཞི་བ་ནི།ངེས་འབྱུང་གི་བསམ་པ་རྒྱུད་ལ་སྐྱེས་པའི་སྒོ་ནས་ཉན་ཐོས་ཀྱི་ཐར་བ་དོན་གཉེར་གྱི་བསམ་པ་ལ་བཅོས་མིན་གྱི་མྱོང་བ་ཐོན་པ་ན་ཉན་ཐོས་ཀྱི་ཚོགས་ལམ་རྒྱུད་ལ་སྐྱེས་པ་ཡིན་ནོ། །

丁四、生起之理;由于相续,发出离心,生起无伪希求声闻解脱意乐,即是身中发起声闻资粮之道。

ས་མཚམས་ནི།ཉན་ཐོས་ཀྱི་ཚོགས་ལམ་ནས་ཉན་ཐོས་ཀྱི་སྦྱོར་ལམ་མ་ཐོབ་བར་དུ་ཡོད།

界限,谓从得声闻资粮道,乃至未得声闻加行道。

གཉིས་པ་ཉན་ཐོས་ཀྱི་སྦྱོར་ལམ་ལ་མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།སྐྱེ་ཚུལ་དང་བཞི།

丙二、声闻加行道分四;丁一、行相;(丁二、分别;丁三、异名;丁四、生起之理。)

དང་བོ་ནི།རང་འབྲས་ཉན་ཐོས་ཀྱི་མཐོང་ལམ་མ་སྐྱེས་གོང་གི་ཉན་ཐོས་ཀྱི་དོན་མངོན་རྟོགས་དེ་ཉན་ཐོས་ཀྱི་སྦྱོར་ལམ་གྱི་མཚན་ཉིད།

丁一、行相;未生自果声闻见道前之声闻义现观,是声闻加行道相。

གཉིས་པ་ནི།དེ་ལ་ངོ་བོའི་སྒོ་ནས་དབྱེ་ན།ཉན་ཐོས་ཀྱི་སྦྱོར་ལམ་དྲོད།རྩེ་མོ།བཟོད་པ།ཆོས་མཆོག་བཞི་དང་།ནུས་པའི་སྒོ་ནས་དབྱེ་ན།ཆེ་འབྲིང་ཆུང་གསུམ་ཡོད་དེ།རྒྱུད་གཅིག་པའི་དབང་དུ་བྱས་ན།  དང་བོར་སྐྱེས་པའི་ཉན་ཐོས་ཀྱི་སྦྱོར་ལམ་དེ་ཆུང་ངུ་།བར་དུ་སྐྱེས་པའི་སྦྱོར་ལམ་དེ་འབྲིང་།ཐ་མར་སྐྱེས་པའི་ཉན་ཐོས་ཀྱི་སྦྱོར་ལམ་དེ་ཆེན་པོར་འཇོགརྒྱུད་ཐ་དད་པའི་དབང་དུ་བྱས་ན།དབང་རྣོན་གྱི་སྦྱོར་ལམ་དེ་ཆེན་པོ།དབང་འབྲིང་གི་དེ་འབྲིང་།དབང་རྟུལ་གྱི་དེ་ཆུང་ངུར་འཇོག་པའི་ཕྱིར།

丁二、分别;此就自性,分声闻暖、顶、忍、世第一法四加行道,就功能分上中下三,就一相续,谓初生之声闻加行道为下,次生之声闻加行道为中,后生之声闻加行道为上,就异相续,利根之加行道为上,中根者为中,钝根者为下。

གསུམ་པ་ནི།ཉན་ཐོས་ཀྱི་སྦྱོར་ལམ།ཉན་ཐོས་ཀྱི་ངེས་འབྱེད་ཆ་མཐུན།ཉན་ཐོས་ཀྱི་དོན་མངོན་རྟོགས་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །སྒྲ་བཤད་སྔ་མ་དང་རིགས་འགྲེའོ། །

丁三、异名;声闻加行道,声闻顺决择分,声闻义现观等,一义异名,训释如前例知。

རིགས་ངེས་ཉན་ཐོས་ཀྱི་སྦྱོར་ལམ་དེ་གང་ཟག་གི་བདག་མེད་ཕྲ་མོ་ལ་རྟོག་པ་བཅད་ཤེས་ཡིན་ཏེ།དེ་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་པའི་ཚད་མིན་གྱི་ཞེན་རིག་ཡིན་པའི་ཕྱིར།

定性声闻之加行道,是于微细人无我有分别断知,以是通达微细人无我,非量之着心故。

ཁ་ཅིགཉན་ཐོས་ཀྱི་ཚོགས་སྦྱོར་གཉིས་ལ་ལོག་ཤེས་ཡོད་ཅེས་སྨྲ་བ་ནི་མི་འཐད་དེ།དེ་ཡིན་ན་བློ་དོན་མཐུན་ཡིན་དགོས་པའི་ཕྱིར།

有说:声闻资粮加行二道有颠倒心,不应道理,凡是彼道,即是合义

[8]之心故。


བཞི་བ་ནི།ཉན་ཐོས་ཚོགས་ལམ་པ་དེས་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་པའི་ཞི་གནས་ལ་མཉམ་པར་བཞག་བཞིན་པའི་ངང་ནས་བདག་མེད་ཕྲ་མོ་ལ་དཔྱད་སྟོབས་ཀྱིས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ཁྱད་པར་ཅན་དྲངས་ཏེ།སྒོམ་བྱུང་གི་ཤེས་རབ་ཐོབ་པ་ན་ཉན་ཐོས་ཀྱི་སྦྱོར་ལམ་ཐོབ་པ་ཞེས་བྱའོ། །

丁四、生起之理;声闻资粮道人正住通达微细人无我奢摩他中,由于微细无我观择之力引生身心轻安妙乐,得修所成慧,是名证得声闻加行道。

ས་མཚམས་ནི།ཉན་ཐོས་ཀྱི་ཚོགས་ལམ་རྫོགས་ནས་ཉན་ཐོས་ཀྱི་མཐོང་ལམ་མ་ཐོབ་བར་དུ་ཡོད།

界限;谓从圆满声闻资粮道已,乃至未得声闻见道。

གསུམ་པ་ཉན་ཐོས་ཀྱི་མཐོང་ལམ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།སྐྱེ་ཚུལ་བཤད་པ་དང་བཞི།

丙三、声闻见道分四;丁一、性相;(丁二、分别;丁三、异名;丁四、生起之理。)

དང་བོ་ནི།རང་འབྲས་ཉན་ཐོས་ཀྱི་སྒོམ་ལམ་མ་སྐྱེས་གོང་གི་ཉན་ཐོས་ཀྱི་བདེན་པ་མངོན་རྟོགས་དེ།ཉན་ཐོས་ཀྱི་མཐོང་ལམ་གྱི་མཚན་ཉིད།

丁一、性相;未生自果声闻修道,前之声闻谛现观,是声闻见道相。

གཉིས་པ་ནི།དེ་ལ་ངོ་བོའི་སྒོ་ནས་དབྱེ་ན།ཉན་ཐོས་ཀྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་དང་།ཉན་ཐོས་ཀྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས།དེ་གཉིས་གང་རུང་མ་ཡིན་པའི་ཉན་ཐོས་ཀྱི་མཐོང་ལམ་དང་གསུམ་ཡོད།

丁二、分别;此就自性分三,谓声闻见道根本智、声闻见道后得智、俱非彼二之声闻见道。

རང་ཡུལ་དུ་གྱུར་པའི་གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་བདེན་པ་མངོན་རྟོགས་དེ།ཉན་ཐོས་ཀྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་ན།ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་དང་མཐོང་ལམ་རྣམ་གྲོལ་ལམ་གཉིས།དེ་གཉིས་གང་རུང་མ་ཡིན་པའི་ཉན་ཐོས་ཀྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་དང་གསུམ་ཡོད།

专注人无我境之声闻谛现观,是声闻见道根本智相。此复分三,谓声闻见道无间道、见道解脱道、俱非彼二之声闻见道根本智。

ཉོན་སྒྲིབ་ཀུན་བཏགས་ཀྱི་དངོས་གཉེན་དུ་གྱུར་པའི་ཉན་ཐོས་ཀྱི་བདེན་པ་མངོན་རྟོགས་དེ།ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་གྱི་མཚན་ཉིད།

真能对治分别烦恼障之声闻谛现观,是声闻见道无间道相;

དེ་ལ་དབྱེ་ན།ཉན་ཐོས་ཀྱི་མཐོང་ལམ་བཟོད་པ་བརྒྱད་ཡོད།དེ་རྣམས་ཡིན་ཁྱབ་མཉམ་ཡིན་ཏེ།ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་དེ་དེ་བརྒྱད་ཀ་ཡིན་པའི་ཕྱིར།ཆོས་བཟོད་བཞི་ཡང་ཡིན་རྗེས་བཟོད་བཞི་ཡང་ཡིན་པའི་ཕྱིར།

此中分别

[9]有声闻见道八忍,此等相同,以声闻见道无间道,俱是彼八忍故,既是四法忍亦是四类忍故,


དང་བོ་བཞི་ཡིན་ཏེ། ཡུལ་བདེན་པ་བཞི་གང་ཟག་གི་བདག་མེད་དུ་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཡིན་པའི་ཕྱིར།གཉིས་པ་བཞི་ཡིན་ཏེ།ཡུལ་ཅན་ཆོས་བཟོད་བཞི་གང་ཟག་གི་བདག་མེད་དུ་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཡིན་པའི་ཕྱིར།

即是前四,以是现证四圣谛境人无我之声闻见道无间道故,亦是后四,以是现证四法忍心人无我之声闻见道无间道故,

ཉོན་སྒྲིབ་ཀུན་བཏགས་སྤངས་པའི་རྣམ་གྲོལ་ལམ་དུ་གྱུར་བའི་ཉན་ཐོས་ཀྱི་བདེན་པ་མངོན་རྟོགས་དེ།ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་གྱི་མཚན་ཉིད།དེ་ལ་དབྱེ་ན།ཉན་ཐོས་ཀྱི་ཤེས་པ་བརྒྱད་ཡོད།དེ་རྣམས་ཡིན་ཁྱབ་མཉམ་ཡིན་ཏེ།ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་དེ་དེ་བརྒྱད་ཀ་ཡིན་པའི་ཕྱིར།ཆོས་ཤེས་བཞི་ཡང་ཡིན་རྗེས་ཤེས་བཞི་ཡང་ཡིན་པའི་ཕྱིར།

已断分别烦恼障解脱道性声闻之谛现观,是声闻见道解脱道相,此中分别有声闻见道八智,此等相同,以声闻见道解脱道,俱是彼八智故。既是四法智,亦是四类智故。

དང་བོ་བཞི་ཡིན་ཏེ།ཡུལ་བདེན་པ་བཞི་གང་ཟག་གི་བདག་མེད་དུ་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་ཡིན་པའི་ཕྱིར།གཉིས་པ་བཞི་ཡིན་ཏེ།ཡུལ་ཅན་ཆོས་ཤེས་བཞི་གང་ཟག་གི་བདག་མེད་དུ་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་ཡིན་པའི་ཕྱིར།

即是前四,以是现证四圣谛境人无我之声闻见道解脱道故,亦是后四,以是现证四法智心人无我之声闻见道解脱道故。

དེ་གཉིས་ཀ་གང་རུང་མ་ཡིན་པའི་མཐོང་ལམ་མཉམ་བཞག་ཡེ་ཤེས་ནི།སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་དང་།གཉིས་སྟོང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་དང་།གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་ལྟ་བུའོ། །

俱非彼二(无间道解脱道)之声闻见道根本智者,如专注空性之声闻见道根本智专注二取空之声闻见道根本智

[10],专注人无我之声闻见道根本智。


མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་དེ་སྐྱེ་ཐེབས་གཉིས་ཡིན་ཏེ།བཟོད་པ་བརྒྱད་གཅིག་ཆར་དང་ཤེས་པ་བརྒྱད་གཅིག་ཆར་དུ་སྐྱེ་བའི་ཕྱིར།ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཀྱི་ཡུན་ཚད་ཡོད་དེ།བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མའི་ཡུན་ཚད་དང་ལྡན་པའི་ཕྱིར།འདི་འོག་མའི་སྐབས་སུ་ཡང་ཤེས་པར་བྱའོ། །

见道忍智十六刹那,两次而生。(此是大乘义与俱舍不同)八忍同时生,八智同时生故,声闻见道之无间道与解脱道,生起时量,各有所作圆满最短之一刹那,以下诸道,亦如是知。

ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གང་རུང་མ་ཡིན་པའི་ཉན་ཐོས་ཀྱི་མཐོང་ལམ་ཡང་ཡིན། རང་འདྲེན་བྱེད་ཀྱི་རྣམ་གྲོལ་ལམ་རྫོགས་རྗེས་སུ་བྱུང་བའི་ཆ་ནས་བཞག་པའི་ཉན་ཐོས་ཀྱི་བདེན་པ་མངོན་རྟོགས་དེ།ཉན་ཐོས་ཀྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཀྱི་མཚན་ཉིད།འཇམ་དབྱངས་མཆོག་ལྷ་འོད་ཟེར།རྗེས་ཐོབ་ཡེ་ཤེས་ལ་རྟོག་པ་ཁོ་ན་དགོས་གསུངས་ཡང་།རང་ལུགས་ལ་རྟོག་པ་དང་རྟོག་མེད་གཉིས་ཀ་ཡོད་དོ། །

若有声闻见道俱非声闻见道之无间道与解脱道,而是解脱道圆满所引之声闻谛现观,是为声闻见道后得智相,有师云:后得智唯是分别。自宗俱许有分别无分别之二。

དེ་གཉིས་གང་རུང་མ་ཡིན་པ་ནི།ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་པ་དང་།ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་པ་བའི་རྒྱུད་ཀྱི་ཚད་མེད་བཞི་དང་།ཐར་བ་དོན་གཉེར་གྱི་བློ་དང་།ཉན་ཐོས་ཀྱི་མཐོང་ལམ་རྗེས་ཐོབ་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་མཁྱེན་པ་དང་གཉིས་སྟོང་རྟོགས་པའི་མཁྱེན་པ་རྣམས་ལ་བྱེད་དོ། །

俱非彼二(根本智后得智)之声闻见道者,如住声闻见道无间道及住声闻见道解脱道之身中四无量心、求解脱心、及住声闻见道后得智之身中,现空性智

[11]、证二取空智等。


གསུམ་པ་ནི། ཉན་ཐོས་ཀྱི་མཐོང་ལམ།ཉན་ཐོས་ཀྱི་བདེན་པ་མངོན་རྟོགས། ཉན་ཐོས་ཀྱི་མཐོང་ལམ་པའི་མཁྱེན་པ་རྣམས་དོན་གཅིགསྒྲ་བཤད་སྔ་མ་དང་རིགས་འགྲེ།

丁三、异名;声闻见道,声闻谛现观,声闻见道之智等,皆是一义,训释如前。

བཞི་བ་ནི། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་དང་།དེའི་རྣམ་གྲོལ་ལམ་གཉིས་མཉམ་བཞག་ཐུན་གཅིག་ལ་སྐྱེ།དེ་ལས་ལངས་ནས་དེའི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་སྐྱེ།དེའི་འོག་ཏུ་མཉམ་བཞག་ཕུང་གསུམ་པ་སྐྱེ་བ་ཡོད་དོ།

丁四、生起之理;

声闻见道无间道与解脱道,同一定生,从定起已,生声闻见道后得智,其后生第三类之根本智(此说第十六心仍是见道,与俱舍不同)。

བཞི་བ་ཉན་ཐོས་ཀྱི་སྒོམ་ལམ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།སྐྱེ་ཚུལ་དང་བཞི།

丙四、声闻修道分四:丁一、性相;(丁二、分别;丁三、异名;丁四、生起之理。)

དང་པོ་ནི།ཉན་ཐོས་ཀྱི་རྗེས་ལ་མངོན་རྟོགས་དེ།ཉན་ཐོས་ཀྱི་སྒོམ་ལམ་གྱི་མཚན་ཉིད།

丁一、性相;声闻之随现观,是声闻修道相。

གཉིས་པ་ནི།དབྱེ་ན།མཉམ་རྗེས་གཉིས།དེ་གཉིས་གང་རུང་མ་ཡིན་པའི་ཉན་ཐོས་ཀྱི་སྒོམ་ལམ་དང་གསུམ་ཡོད།རང་ཡུལ་དུ་གྱུར་པའི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་རྗེས་ལ་མངོན་རྟོགས་དེ།ཉན་ཐོས་ཀྱི་སྒོམ་ལམ་མཉམ་བཞག་ཡེ་ཤེས་ཀྱི་མཚན་ཉིད།

丁二、分别;此中分三,谓根本智、后得智、俱非彼二之声闻修道。专注无我境之声闻随现观,是声闻修道根本智相,

དེ་ལ་དབྱེ་ན།ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་དང་།རྣམ་གྲོལ་ལམ་དང་།དེ་གང་རུང་མ་ཡིན་པའི་ཉན་ཐོས་ཀྱི་སྒོམ་ལམ་མཉམ་བཞག་ཡེ་ཤེས་དང་གསུམ་ཡོད།རང་གི་ངོས་སྐལ་གྱི་སྤང་བྱ་སྒོམ་སྤང་ཉོན་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་ཉན་ཐོས་ཀྱི་རྗེས་ལ་མངོན་རྟོགས་དེ།ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་གྱི་མཚན་ཉིད།དེ་ལ་དབྱེ་ན།ཉན་ཐོས་ཀྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོའི་བར་དགུ་ཡོད།

此复分三,谓声闻修道无间道,解脱道,俱非彼二之声闻修道根本智。真对治自所应断,修断烦恼障之声闻随现观,是声闻修道无间道相。此分九品,谓声闻修道下下品乃至上上品,

རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་སྒོམ་སྤང་ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་དུ་གྱུར་པའི་ཉན་ཐོས་ཀྱི་རྗེས་ལ་མངོན་རྟོགས་དེ།ཉན་ཐོས་ཀྱི་སྒོམ་ལམ་རྣམ་གྲོལ་ལམ་གྱི་མཚན་ཉིད།དེ་ལ་དབྱེ་ན།སྤང་བྱ་རིམ་གྱིས་པའི་དབང་དུ་བྱས་པ་དང་།སྤང་བྱ་ཅིག་ཆར་བའི་དབང་དུ་བྱས་པ་གཉིས།

由无间道,断自愿断烦恼障,修所断已,引发之解脱道声闻随现观,是声闻修道解脱道相,此分二类,谓依渐断增上,与顿断增上。

དང་པོ་ནི།འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཉོན་མོངས་སྐོར་དགུ་དང་།དེ་བཞིན་དུ་བསམ་གཏན་དང་པོ་ནས་སྲིད་རྩེའི་སས་བསྡུས་ཀྱི་བར་གྱི་ས་རེ་རེ་ལ་སྒོམ་སྤང་ཉོན་མོངས་སྐོར་དགུ་དགུ་སྟེ་སྒོམ་སྤང་ཉོན་མོངས་བརྒྱད་ཅུ་རྩ་གཅིག་ཡོད་ལ།དེ་རྣམས་རིམ་པ་བཞིན་དུ་སྤོང་བྱེད་ཀྱི་དངོས་གཉེན་སྒོམ་ལམ་བར་ཆད་མེད་ལམ་བརྒྱད་ཅུ་རྩ་གཅིག་དང་།དེ་རྣམས་རིམ་གྱིས་སྤངས་པའི་སྒོམ་ལམ་རྣམ་གྲོལ་ལམ་བརྒྱད་ཅུ་དང་།དེའི་སྟེང་དུ་ཐེག་པ་རང་ལམ་གྱི་མི་སློབ་ལམ་གྱིས་བསྡུས་པའི་རྣམ་གྲོལ་ལམ་གཅིག་སྟེ།རྣམ་གྲོལ་ལམ་བརྒྱད་ཅུ་རྩ་གཅིག་ཡོད་དོ།།

初者,谓欲地所摄修断九品烦恼,如是第一静虑,乃至有顶地所摄,一一地中各有修断九品烦恼,修断烦恼共有八十一品,如彼次第,真能对治共有八十一品修道无间道,渐断彼已,有八十品修道解脱道,其上更有自乘无学道,摄一解脱道,共有八十一品解脱道(总谓八十一品解脱道中,前八十品是修道摄,最后一品是无学道)。

སྤང་བྱ་གཅིག་ཆར་བའི་དབང་དུ་བྱས་ན།ཁམས་གསུམ་ས་དགུའི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་དགུ་གཅིག་ཆར་དུ་སྤོང་བྱེད་ཀྱི་སྒོམ་ལམ་བར་ཆད་མེད་ལམ་ཆུང་ངུའི་ཆུང་ངུ་ནས་ས་དགུ་དེ་དག་གི་སྒོམ་སྤང་ཉོན་མོངས་ཆུང་ངུའི་ཆུང་ངུ་དགུ་གཅིག་ཆར་དུ་སྤོང་བྱེད་ཀྱི་སྒོམ་ལམ་བར་ཆད་མེད་ལམ་ཆེན་པོའི་ཆེན་པོའི་བར་དགུ་སྟེ་སྒོམ་ལམ་བར་ཆད་མེད་ལམ་སྐོར་དགུ་དང་།སྒོམ་སྤང་དེ་དག་སྤངས་པའི་རྣམ་གྲོལ་ལམ་སྐོར་དགུ་ཡོད་དོ།།

依顿断增上者,谓三界九地修所断上上九品烦恼,其能顿断,谓下下品修道无间道,乃至九地修所断下下九品烦恼,其能顿断,谓上上品修道无间道,共有九品修道无间道,永断彼等修所断,共有九品解脱道(前八品是修道,第九品是无学道)。

གསུམ་པ་ནི།ཉན་ཐོས་ཀྱི་སྒོམ་ལམ།ཉན་ཐོས་ཀྱི་རྗེས་ལ་མངོན་རྟོགས།ཉན་ཐོས་ཀྱི་སྒོམ་ལམ་པའི་རྒྱུད་ཀྱི་མཁྱེན་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །

丁三、异名;声闻修道,声闻随现观,声闻修道者之智等,一义异名。

བཞི་པ་ནི། ཉན་ཐོས་མཐོང་ལམ་པ་དེས་གང་ཟག་གི་བདག་མེད་རྟོགས་ཟིན་བསྒོམས་པ་ལ་བརྟེན་ནས་ཉོན་སྒྲིབ་ཆེན་པོའི་ཆེན་པོ་དངོས་གཉེན་ཐོབ་པ་ན་དེའི་རྒྱུད་ལ་ཉན་ཐོས་ཀྱི་སྒོམ་ལམ་སྐྱེས་པ་ཡིན་པའི་ཕྱིར།

丁四、生起之理;声闻见道人,已证人无我,次修习为依而得上上品烦恼障之真对治,即是彼身中生起声闻修道。

ལྔ་བ་ཉན་ཐོས་ཀྱི་མི་སློབ་ལམ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།ཐོབ་ཚུལ་དང་བཞི།

丙五、声闻无学道分四:丁一、行相;丁二、分别;丁三、异名;丁四、生起之理。

དང་བོ་ནི།ཉན་ཐོས་ཀྱི་ལམ་གྱི་བགྲོད་པ་མཐར་ཕྱིན་པའི་མངོན་རྟོགས་དེ།ཉན་ཐོས་ཀྱི་མི་སློབ་ལམ་གྱི་མཚན་ཉིད།

丁一、行相;声闻道之究竟现观,是声闻无学道相。

གཉིས་པ་ནི།དེ་ལ་དབྱེ་ན།སྤང་བྱ་གཅིག་ཆར་བའི་དགྲ་བཅོམ་པའི་མཁྱེན་པ་དང་། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་པའི་མཁྱེན་པ་གཉིས་ཡོད།དབང་བོའི་སྒོ་ནས་དབྱེ་ན།ཉན་ཐོས་དགྲ་བཅོམ་པ་དབང་རྣོན་དང་དབང་རྟུལ་གྱི་མཁྱེན་པ་གཉིས་ཡོད།

丁二、分别;此中分二,谓顿断所断阿罗汉智,渐断所断阿罗汉智。就根分二,谓利根声闻阿罗汉智,钝根声闻阿罗汉智。

གསུམ་པ་ནི།ཉན་ཐོས་ཀྱི་མི་སློབ་ལམ།ཉན་ཐོས་ཀྱི་མཐར་ཕྱིན་པའི་ལམ།ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་མཁྱེན་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ།

丁三、异名;声闻无学道,声闻究竟道,声闻阿罗汉(相续)智等,一义异名。

བཞི་པ་ནི། ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་སྒྲིབ་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་ཏེ།སྐད་ཅིག་གཉིས་པ་ལ་ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་ན་ཉན་ཐོས་ཀྱི་མི་སློབ་ལམ་མངོན་དུ་བྱས་པ་ཡིན་ནོ།།

丁四、生起之理;由声闻修道金刚喻定,令烦恼障成无生法,第二刹那证得永尽烦恼障之解脱道,即是现证声闻无学道也。

རང་རྒྱལ་གྱི་ལམ་བཤད་པ།

释独觉道

གཉིས་པ་རང་རྒྱལ་གྱི་ལམ་བཤད་པ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།ཕྱེ་བ་སོ་སོའི་དོན་དང་ལྔ།

乙二、独觉道分四:丙一、行相:丙二、分别:丙三、异名;丙四;分释别义。

དང་པོ་ནི།རང་རྒྱལ་གྱི་ཐར་པར་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་བའི་རང་རྒྱལ་གྱི་མངོན་རྟོགས་དེ།རང་རྒྱལ་གྱི་ལམ་གྱི་མཚན་ཉིད།

开辟往独觉解脱之独觉现观,是独觉道相。

གཉིས་པ་ནི།དེ་ལ་དབྱེ་ན།རང་རྒྱལ་གྱི་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་དང་ལྔ་ཡོད།

丙二、分别;此分独觉资粮、加行、见、修、无学五道。

གསུམ་པ་ནི། རང་རྒྱལ་གྱི་ས། རང་རྒྱལ་གྱི་ལམ།རང་རྒྱལ་གྱི་ཐེག་པ།རང་རྒྱལ་གྱི་མཁྱེན་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །

丙三、异名;独觉地,独觉道,独觉乘,独觉智等,一义异名。

བཞི་པ་ནི།རང་རྒྱལ་གྱི་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཤད་པ་དང་ལྔ།

丙四、分释别义分五:丁一、独觉资粮道;丁二、加行道;丁三、见道;丁四、修道;丁五、无学道。

དང་པོ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།སྐྱེ་ཚུལ་དང་བཞི།

丁一独觉资粮道分四:初、性相;二、分别;三、异名;四、生起之理。

དང་པོ་ནི།རང་འབྲས་རང་རྒྱལ་གྱི་སྦྱོར་ལམ་མ་སྐྱེས་གོང་གི་རང་རྒྱལ་གྱི་ཆོས་མངོན་རྟོགས་དེ།རང་རྒྱལ་གྱི་ཚོགས་ལམ་གྱི་མཚན་ཉིད།

初、性相;未生自果独觉加行道前之独觉法现观,是独觉资粮道相,

གཉིས་པ་ནི།དེ་ལ་དབྱེ་ན།རང་རྒྱལ་གྱི་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་ཡོད།

二、分别、此分独觉上中下三资粮道。

གསུམ་པ་ནི།རང་རྒྱལ་གྱི་ཚོགས་ལམ།རང་རྒྱལ་གྱི་ཐར་བ་ཆ་མཐུན།རང་རྒྱལ་གྱི་ཆོས་མངོན་རྟོགས་དོན་གཅིག་མིང་གི་རྣམ་གྲངས།

三、异名。独觉资粮道,独觉顺解脱分,独觉法现观等,一义异名。

བཞི་བ་ནི།རང་རྒྱལ་གྱི་བྱང་ཆུབ་གཙོ་བོར་དོན་དུ་གཉེར་བའི་བློ་ལ་བཅོས་མིན་གྱི་མྱོང་བ་ཐོན་པ་ན་རང་རྒྱལ་གྱི་ཚོགས་ལམ་རྒྱུད་ལ་སྐྱེས་པ་ཡིན་ནོ། །

四、生起之理;生起无伪正求独觉菩提之心,是于身中生起独觉资粮道。

གཉིས་པ་རང་རྒྱལ་གྱི་སྦྱོར་ལམ་བཤད་པ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།སྐྱེ་ཚུལ་དང་བཞི།

丁二、独觉加行道分四:初、性相;二、分别;三、异名;四、生起之理。

དང་བོ་ནི།རང་གི་ཉེར་ལེན་དུ་གྱུར་པའི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་རང་འབྲས་རང་རྒྱལ་གྱི་མཐོང་ལམ་མ་སྐྱེས་གོང་གི་རང་རྒྱལ་གྱི་དོན་མངོན་རྟོགས་དེ། རང་རྒྱལ་གྱི་སྦྱོར་ལམ་གྱི་མཚན་ཉིད།

初、行相;自因

[12]资粮道圆满后所生,未生自果独觉见道前之独觉义现观,是独觉加行道相。


གཉིས་པ་ནི།དེ་ལ་དབྱེ་ན།དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི། དང་པོ་གསུམ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་ཡོད་ཀྱང་ཉན་རང་གཉིས་ཀྱི་ཆོས་མཆོག་ལ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བ་མེད་དེ།བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མའི་ཡུན་ཚད་ཅན་ཡིན་པའི་ཕྱིར།

二、分别;此分暖、顶、忍、世第一法之四。前三加行道,各分上中下三,然声闻独觉之世第一法,不分上中下三,以彼唯有所作圆满最短之一刹那量故。

གསུམ་པ་ནི།རང་རྒྱལ་གྱི་སྦྱོར་ལམ།རང་རྒྱལ་གྱི་ངེས་འབྱེད་ཆ་མཐུན།རང་རྒྱལ་ངེས་འབྱེད་ཡན་ལག  རང་རྒྱལ་གྱི་དོན་མངོན་རྟོགས་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ།

三、异名;独觉加行道、独觉顺决择分、独觉决择支、独觉义现观等,一义异名。

བཞི་བ་ནི།རང་རྒྱལ་གྱི་ཚོགས་ལམ་གྱི་གནས་སྐབས་སུ་ཕྱི་རོལ་དོན་སྟོང་ལ་དམིགས་པའི་ཞི་གནས་ཐོབ་ཀྱང་ལྷག་མཐོང་མ་ཐོབ་ལ། དེ་ལ་དམིགས་པའི་ལྷག་མཐོང་ཐོབ་པ་ན་རང་རྒྱལ་གྱི་སྦྱོར་ལམ་དྲོད་ཐོབ་པ་ཡིན་ནོ། །

四、生起之理;独觉资粮道时,虽得缘外境空之奢摩他,而无毗钵舍那,若时证得缘彼毗钵舍那,即得独觉加行道暖位。

གསུམ་པ་རང་རྒྱལ་གྱི་མཐོང་ལམ་བཤད་པ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།སྐྱེ་ཚུལ་དང་བཞི།

丁三、独觉见道分四:初、性相;二、分别;三、异名、四、生起之理。

དང་པོ་ནི།རང་གི་ཉེར་ལེན་དུ་གྱུར་པའི་རང་རྒྱལ་གྱི་སྦྱོར་ལམ་རྫོགས་རྗེས་སུ་བྱུང་ཞིང་རང་གི་འབྲས་བུར་གྱུར་པའི་རང་རྒྱལ་གྱི་སྒོམ་ལམ་མ་སྐྱེས་གོང་གི་རང་རྒྱལ་གྱི་བདེན་པ་མངོན་རྟོགས་དེ།རང་རྒྱལ་གྱི་མཐོང་ལམ་གྱི་མཚན་ཉིད།

初、性相;自因独觉加行道圆满后所生,未生自果独觉修道前之独觉谛现观,是独觉见道相。

གཉིས་པ་ནི།དེ་ལ་དབྱེ་ན།རང་རྒྱལ་གྱི་མཐོང་ལམ་མཉམ་བཞག་ཡེ་ཤེས།རྗེས་ཐོབ་ཡེ་ཤེས།དེ་གཉིས་གང་རུང་མ་ཡིན་པའི་རང་རྒྱལ་གྱི་མཐོང་ལམ་དང་གསུམ་ཡོད། དང་པོ་ལ་དབྱེ་ན། བར་ཆད་མེད་ལམ་དང་།རྣམ་གྲོལ་ལམ་གཉིས་ཡོད།

二、分别。此中分三,谓独觉见道根本智,后得智,俱非彼二之独觉见道。初中又分无间道、解脱道之二。

གསུམ་པ་ནི།རང་རྒྱལ་གྱི་མཐོང་ལམ།རང་རྒྱལ་གྱི་བདེན་པ་མངོན་རྟོགས།རང་རྒྱལ་གྱི་མཐོང་ལམ་པའི་རྒྱུད་ཀྱི་མཁྱེན་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །གཞན་རྣམས་རིགས་འགྲེ།

三、异名。独觉见道,独觉谛现观,独觉见道者之智等,一义异名,余义例前应知。

རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟར་ན།རང་རྒྱལ་གྱི་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་གཉིས་སྟོང་གི་རྣམ་པ་ཅན་ཡིན་ཞིང་། དེ་ལས་གཞན་རྣམས་ཀྱི་ལུགས་ལ་གང་ཟག་གི་བདག་མེད་ཕྲ་མོའི་རྣམ་པ་ཅན་དུ་འདོད་དགོས་སོ།།

瑜伽行中观自续师,说独觉无间解脱二道,俱是二取空行相,余宗则说是微细人无我行相。

བཞི་བ་རང་རྒྱལ་གྱི་སྒོམ་ལམ་བཤད་པ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས་གསུམ།

丁四、独觉修道分三:初、性相;二、分别;三、异名。

དང་པོ་ནི།རང་གི་ཉེར་ལེན་དུ་གྱུར་པའི་རང་རྒྱལ་གྱི་མཐོང་ལམ་རྫོགས་རྗེས་སུ་བྱུང་ཞིང་། རང་གི་འབྲས་བུར་གྱུར་པའི་རང་རྒྱལ་གྱི་མི་སློབ་ལམ་མ་སྐྱེས་གོང་གི་རང་རྒྱལ་གྱི་རྗེས་ལ་མངོན་རྟོགས་དེ། རང་རྒྱལ་གྱི་སྒོམ་ལམ་གྱི་མཚན་ཉིད།

初、行相;自因独觉见道圆满后所生,未生自果独觉无学道前之独觉随现观,是独觉修道相。

གཉིས་པ་ནི།དེ་ལ་དབྱེ་ན།རང་རྒྱལ་གྱི་སྒོམ་མཉམ་བཞག་ཡེ་ཤེས་དང་རྗེས་ཐོབ་ཡེ་ཤེས་གཉིས་ཡོད།དང་པོ་ལ་སྒོམ་ལམ་སྐོར་དགུ་ཡོད་དེ།ཆུང་ངུ་སྐོར་གསུམ།འབྲིང་སྐོར་གསུམ།ཆེན་པོ་སྐོར་གསུམ་ཡོད་པའི་ཕྱིར།

二、分别;此中分二,谓独觉修道根本智,与后得智,初分九品修道,谓有下三品、中三品、上三品故。

གསུམ་པ་ནི།རང་རྒྱལ་གྱི་སྒོམ་ལམ།རང་རྒྱལ་གྱི་རྗེས་ལ་མངོན་རྟོགས།རང་རྒྱལ་སྒོམ་ལམ་པའི་རྒྱུད་ཀྱི་མཁྱེན་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །

三、异名,独觉修道,独觉随现观,独觉修道者之智等,一义异名。

ལྔ་བ་རང་རྒྱལ་གྱི་མི་སློབ་ལམ་བཤད་པ་ནི།གཟུང་བ་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་མ་ལུས་པར་སྤངས་པའི་རང་རྒྱལ་གྱི་མཁྱེན་པ་དེ་རང་རྒྱལ་གྱི་མི་སློབ་ལམ་གྱི་མཚན་ཉིད།

丁五、独觉无学道;尽断执有所取外境分别之独觉智,是独觉无学道相。

དབྱེ་ན།བསེ་རུ་ལྟ་བུའི་རྟོགས་པ་སྔོན་དུ་སོང་བའི་རང་རྒྱལ་གྱི་མི་སློབ་ལམ་དང་།ཚོགས་སྤྱོད་ཀྱི་རྟོགས་པ་སྔོན་དུ་སོང་བའི་རང་རྒྱལ་གྱི་མི་སློབ་ལམ་གཉིས་ཡོད།གཞན་རྣམས་རིགས་འགྲེ།

分别有二,谓麟喻为先之独觉无学道,与部行为先之独觉无学道,余义例前应知。

ཐེག་ཆེན་གྱི་ལམ་བཤད་པ།

释大乘道

གསུམ་པ་ཐེག་ཆེན་གྱི་ལམ་བཤད་པ་ལ།ལམ་ལྔ་སྤྱིར་བསྟན་པ་དང་།ས་བཅུའི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་གཉིས།

乙三、大乘道分二:丙一、总明五道;丙二、别释十地建立。

དང་པོ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།སྒྲ་བཤད།ཕྱེ་བ་སོ་སོའི་དོན་བཤད་པའོ།

初中分五:丁一、行相;丁二、分别;丁三、训释;生起之理。

དང་པོ་ནི།ཐེག་ཆེན་གྱི་བྱང་ཆུབ་ཏུ་བགྲོད་པར་བྱེད་པའམ།དེར་བགྲོད་ཟིན་པ་གང་རུང་གིས་བསྡུས་པའི་ཐེག་ཆེན་གྱི་མཁྱེན་པ་དེ།ཐེག་ཆེན་ལམ་གྱི་མཚན་ཉིད།ཐེག་ཆེན་གྱི་ཐར་པར་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པའི་བྱང་སེམས་མངོན་གྱི་རྟོགས་དེ།བྱང་སེམས་ཀྱི་ལམ་གྱི་མཚན་ཉིད།

丁一、行相;能趣大乘菩提,或已起大乘菩提随一所摄之大乘智,是大乘道相,开辟能住

[13]大乘解脱之菩萨现观,是菩萨道相。


བྱང་སེམས་ཀྱི་སྦྱོར་བ།རྣམ་རྫོགས་སྦྱོར་བ། ཐེག་ཆེན་གྱི་སྒྲུབ་པ།གོ་སྒྲུབ།བྱང་སེམས་ཀྱི་མཁྱེན་བ།བྱང་སེམས་ཀྱི་མངོན་རྟོགས་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ།

菩萨加行,圆满加行,大乘修行,(huàn)甲修行,菩萨正智,菩萨现观等,一义异名。

གཉིས་པ་ནི།དེ་ལ་དབྱེ་ན།ཐེག་ཆེན་གྱི་ཚོགས་ལམ།སྦྱོར་ལམ། མཐོང་ལམ།སྒོམ་ལམ།མི་སློབ་ལམ་དང་ལྔ་ཡོད།

丁二、分别;此中分五,谓大乘资粮道,加行道,见道,修道,无学道。

གསུམ་པ་ནི།ཐེག་ཆེན་གྱི་ལམ།ཐེག་ཆེན་གྱི་མངོན་རྟོགས།ཐེག་ཆེན་གྱི་མཁྱེན་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ།

丁三、异名;大乘道,大乘现观,大乘智等,一义异名。

བཞི་བ་སྒྲ་བཤད་པ་ནི།སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ། །ཐེག་ཆེན་གྱི་ལམ་རྣམས་ཆེན་པོ་བདུན་དང་ལྡན་པ་ཡིན་ཏེ།མདོ་སྡེ་རྒྱན་ལས།དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་།ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟར་རོ། །

丁四、训释;例前应知,又大乘道具七种大,如《庄严经论》云:“ 所缘广大性,如是二修行,智及发精进,并方便善巧,正所办广大,最大佛事业,成就此大义,故定名大乘。

ལྔ་བ་ཕྱེ་བ་སོ་སོའི་དོན་བཤད་པ་ལ།སོ་སྐྱེའི་ལམ་དང་།འཕགས་པའི་ལམ་བཤད་པ་གཉིས།

丁五、分释别义分二:()一、释异生道;戊二、释圣道。

དང་པོ་ནི།མོས་སྤྱོད་ཀྱི་སས་བསྡུས་པའི་བྱང་སེམས་ཀྱི་མཁྱེན་པ་དེ།བྱང་སེམས་སོ་སྐྱེའི་ལམ་གྱི་མཚན་ཉིད།

今初、胜解行地所摄之菩萨智,是异生菩萨道相。

དེ་ལ་དབྱེ་ན།བྱང་སེམས་ཀྱི་ཚོགས་ལམ་དང་སྦྱོར་ལམ་གཉིས།དང་པོ་ལ་མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས། སྐྱེ་ཚུལ་དང་བཞི།

此分菩萨资粮道、加行道二。初中有四:初、行相;二、分别;三、训释;四、生起之理。

དང་པོ་ནི།ཐེག་ཆེན་གྱི་ཆོས་མངོན་རྟོགས་དེ།ཐེག་ཆེན་གྱི་ཚོགས་ལམ་གྱི་མཚན་ཉིད།

初、行相;大乘法现观,是大乘资粮道相。

གཉིས་པ་ནི།དེ་ལ་དབྱེ་ན།ཆེ་འབྲིང་ཆུང་གསུམ་ཡོད།

二、分别;有下中上三。

གསུམ་པ་ནི།ཐེག་ཆེན་གྱི་ཐར་བ་ཆ་མཐུན།ཐེག་ཆེན་གྱི་ཚོགས་ལམ།ཐེག་ཆེན་གྱི་ཆོས་མངོན་རྟོགས་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །སྒྲ་བཤད་ནི་སྔ་མ་དང་རིགས་འགྲེའོ། །

三,异名,大乘顺解脱分,大乘资粮道,大乘法现观等,一义异名,训释例前应知。

བཞི་བ་སྐྱེ་ཚུལ་ནི།ཐེག་པ་ཆེན་པོའི་སེམས་བསྐྱེད་དང་པོར་སྐྱེས་པ་དང་།ཐེག་ཆེན་ཚོགས་ལམ་དུ་ཞུགས་པ་དུས་མཉམ་སྟེ།གཞན་དོན་དུ་བླ་མེད་བྱང་ཆུབ་དོན་གཉེར་གྱི་བློ་ལ་བཅོས་མིན་གྱི་མྱོང་བ་ཐོན་པ་ན་ཐེག་ཆེན་གྱི་ཚོགས་ལམ་དུ་ཞུགས་པར་འཇོག་དགོས་པའི་ཕྱིར།

四,生起之理,最初生起大乘发心,与入大乘资粮道同时,以为利他,发起无伪希求无上菩提之心,即便立为入大乘资粮道故。

གཉིས་པ་ཐེག་ཆེན་གྱི་སྦྱོར་ལམ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།སྐྱེ་ཚུལ་དང་བཞི།

第二、大乘加行道有四:初、行相;二、分别;三、训释;生起之理。

དང་པོ་ནི།བྱང་སེམས་ཀྱི་དོན་མངོན་རྟོགས་དེ།ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད།

初、行相;菩萨义现观,是大乘加行道相。

གཉིས་པ་ནི།དེ་ལ་དབྱེ་ན།དྲོད།རྩེ་མོ།བཟོད་པ།ཆོས་མཆོག་བཞི།དེ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་སྟེ་བཅུ་གཉིས་ཡོད།

二、分别有四,谓暖,顶,忍,世第一法,各有上中下三品,共十二品,

གསུམ་པ་ནི།ཐེག་ཆེན་གྱི་སྦྱོར་ལམ།ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན། ཐེག་ཆེན་གྱི་ངེས་འབྱེད་ཡན་ལག  ཐེག་ཆེན་གྱི་དོན་མངོན་རྟོགས་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །

三、异名;大乘加行道,大乘顺决择分,大乘决择支,大乘义现观等,一义异名。

བཞི་བ་སྐྱེ་ཚུལ་ནི།དམན་ལམ་སྔོན་དུ་མ་སོང་བར་དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་དབང་དུ་བྱས་ན།སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་དང་པོར་ཐོབ་པ་དང་ཐེག་ཆེན་གྱི་སྦྱོར་ལམ་དུ་ཞུགས་པ་དུས་མཉམ་ལ།དམན་ལམ་སྔོན་དུ་སོང་བ་ལྟར་ན་ཀུན་ནས་ཉོན་མོངས་གཟུང་རྟོག་མངོན་འགྱུར་འཇོམས་པའི་ནུས་པ་ཁྱད་པར་ཅན་གསར་དུ་ཐོབ་པ་དང་ཐེག་ཆེན་གྱི་སྦྱོར་ལམ་དུ་ཞུགས་པ་དུས་མཉམ་པ་ཡིན་ནོ། །

四、生起之理;若非劣道为先,依直往大乘决定种性增上,则初得缘空性之毗钵舍那,与入大乘加行道同时,若入先劣道(即行迹菩萨),则以初得能伏所取分别烦恼现行之殊胜功能,与入大乘加行道同时。

སྦྱོར་ལམ་དྲོད་སོགས་བཞིའི་ཁྱད་པར་ཡང་ཡོད་དེ།མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་མེ་ལྟ་བུའི་ལམ་ཡིན་ལ།དེ་སྐྱེ་བའི་སྔ་ལྟས་སུ་དྲོད་དང་མཚུངས་པའི་ལམ་དང་པོར་སྐྱེ་བ་ལ་སྦྱོར་ལམ་དྲོད་ཅེས་བརྗོད་དོ། །

暖等四加行道之差别者,谓见道无分别智,是如火之道,将生彼道之前相,先起如暖之道,而名暖加行道。

སྦྱོར་ལམ་དྲོད་མན་ཆད་དུ་ཁོང་ཁྲོ་སོགས་ཀྱི་དབང་གིས་དགེ་རྩ་གང་ཡང་རུང་བ་ཆད་པ་ཡོད་ལ། སྦྱོར་ལམ་རྩེ་མོ་ཐོབ་པ་ནས་བཟུང་སྟེ་དེའི་དབང་གིས་དགེ་རྩ་ཅི་རིགས་ཆད་པ་མེད་ཅིང་།དགེ་བའི་རྩ་བ་གཡོ་བའི་རྩེ་མོར་སོང་བས་ན་སྦྱོར་ལམ་རྩེ་མོ་ཞེས་བརྗོད་དོ། །

加行道暖位以下,容因嗔等增上而断善根,从得加行道顶位,则无彼增上而断善根,已至善根摇动之顶,故名顶加行道。

འདིར་དགེ་རྩ་ཆད་པའི་མྱང་འདས་ཀྱང་ཐོབ་པར་གསུངས་པའི་ཕྱིར་རོ། །ཆོས་ཟབ་མོ་སྟོང་བ་ཉིད་ལ་མི་སྐྲག་པའི་བཟོད་པ་གསར་དུ་ཐོབ་པས་ན་སྦྱོར་ལམ་བཟོད་པ་ཞེས་བྱའོ། །

于此而得断善根之涅槃故,于甚深法空性初得无畏之忍,故名忍加行道。

འདི་ཐོབ་པ་ནས་ལས་ཉོན་གྱི་དབང་གིས་ངན་སོང་དུ་མི་སྐྱེ་བས་ངན་འགྲོའི་མྱ་ངན་ལས་འདས་པ་ཐོབ་པར་གསུངས་སོ། །འཇིག་རྟེན་པའི་དགེ་བ་རྣམས་ཀྱི་མཆོག་ཡིན་པས་ན་སྦྱོར་ལམ་ཆོས་མཆོག་ཅེས་བརྗོད་དོ། །

从得此已,不由惑业增上而生恶趣,故得恶趣之涅槃,世间善法最为第一,故名世第一法加行道。

ཡང་ན་ཆོས་ཉིད་ལ་དོན་སྤྱིའི་གསལ་སྣང་གི་ཏིང་ངེ་འཛིན་དང་པོར་ཐོབ་པས་ན་ཐེག་ཆེན་གྱི་སྦྱོར་ལམ་དྲོད་དང་།ཆོས་ཉིད་ལ་དོན་སྤྱིའི་གསལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་པོར་ཐོབ་པས་ན།ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་དང་།

又于法性,初得影像光明三摩地,名大乘暖加行道,次于法性,初得影像明增三摩地,名大乘顶加行道。

ཆོས་ཉིད་ལ་དོན་སྤྱིའི་གསལ་སྣང་རབ་ཐོབ་ཅིང་།འཛིན་པ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་དང་པོར་ཐོབ་པས་ན། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་དང་།བར་ཆད་མེད་པའི་ཏིང་ངེ་འཛིན་མྱུར་དུ་བསྐྱེད་པའི་དེ་མ་ཐག་པའི་ཏིང་ངེ་འཛིན་དང་པོར་ཐོབ་པས་ན། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཅེས་བྱའོ། །

次于法性,得最明了影像,初得一分真实三摩地,名大乘忍加行道,速疾当生无间道定,初得无间三摩地,名大乘世第一,法加行道。

ཁ་ཅིགཆོས་ཉིད་ལ་གསལ་སྣང་དང་པོར་ཐོབ་པ་དྲོད་དང་།དེ་འཕེལ་བ་བཟོད་པ་ཞེས་སོགས་སྨྲ་བ་ནི་མི་འཐད་དེ།ཐེག་ཆེན་རིགས་ངེས་ཀྱི་སྦྱོར་ལམ་དྲོད་སོགས་བཞི་བོ་རྟོག་པ་ཡིན་པས་རང་ཡུལ་གསལ་བར་མི་སྣང་ལ།གསལ་སྣང་ཅན་གྱི་བློ་ནི་རྟོག་མེད་ཡིན་པའི་ཕྱིར། རྣམ་འགྲེལ་ལས།གསལ་བོར་སྣང་བ་ཅན་བློ་གང་། །དེ་ནི་དེ་ལ་རྟོག་མེད་འདོད།།ཅེས་གསུངས་པའི་ཕྱིར།

有说:于法性,初得光明名暖彼增忍等,名顶忍等。不应道理,以决定种性,大乘加行道暖等四位,皆是分别,故于自境必不明了,其明了心,定是无分别故,释量论云:彼明了诸心,许为无分别。

གསུམ་པ་ཐེག་ཆེན་གྱི་མཐོང་ལམ་ལ།མཚན་ཉིད།དབྱེ་བ། མིང་གི་རྣམ་གྲངས། སྐྱེ་ཚུལ་བཤད་བ་དང་བཞི།

第三、大乘见道分四:初、性相;二、分别;三、异名;四、生起之理。

དང་པོ་ནི། ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ།ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད།

初、行相,大乘谛现观,是大乘见道相。

གཉིས་པ་ནི། དེ་ལ་དབྱེ་ན།མཐོང་ལམ་མཉམ་བཞག་ཡེ་ཤེས་དང་རྗེས་ཐོབ་ཡེ་ཤེས་གཉིས།དེ་གཉིས་གང་རུང་མ་ཡིན་པའི་མཐོང་ལམ་དང་གསུམ་ཡོད། མཐུང་ལམ་མཉམ་བཞག་ཡེ་ཤེས་ལ་དབྱེ་ན། བར་ཆད་མེད་ལམ་དང་།རྣམ་གྲོལ་ལམ་དང་།དེ་གཉིས་གང་ཡང་མ་ཡིན་པའི་མཉམ་བཞག་ཡེ་ཤེས་དང་གསུམ་ཡོད།

二、分别,此中分三,谓见道根本智、后得智、俱非彼二之见道。见道根本智中,复分为三,谓无间道,解脱道,俱非彼二之根本智。

རང་གི་ངོས་སྐལ་གྱི་སྤང་བྱ་བདེན་འཛིན་ཀུན་བཏགས་ཀྱི་དངོས་གཉེན་དུ་གྱུར་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ།ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱི་མཚན་ཉིད།

真能对治,自所应断分别实执之大乘谛现观,是大乘见道无间道相。

དེ་ལ་དབྱེ་ན། བཟོད་པ་བརྒྱད་ཡོད།དེ་དང་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དོན་གཅིགཤེས་སྒྲིབ་ཀུན་བཏགས་སྤངས་པའི་རབ་ཏུ་ཕྱེ་བའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ།ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཤེས་པ་བརྒྱད་ཡོད། དེ་དང་ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་དོན་གཅིག

此分八忍,彼与大乘见道无间道义同。永断分别所知障所显之大乘谛现观,是大乘见道解脱道相,此分八智,与彼大乘见道解脱道义同。

དེ་གཉིས་གང་རུང་མ་ཡིན་པའི་མཐོང་ལམ་མཉམ་བཞག་ཡེ་ཤེས་ཡོད་དེ།གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་མཐོང་ལམ་དང་།གཉིས་སྟོང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་མཐོང་ལམ་དང་། ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཀྱི་རྗེས་སུ་སླར་ཡང་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པ་བཞག་པའི་ས་དང་པོའི་ཡེ་ཤེས་མཐོང་ལམ་གྱིས་བསྡུས་པ་དེ་དེ་ཡིན་པའི་ཕྱིར།

俱非彼二之见道根本智者,如专注人无我之大乘见道,及专注二取空之大乘见道,并大乘见道后得智后,仍专注空性,见道所摄之初地智。

ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ལས་ལངས་པའི་མཁྱེན་པ་ཡང་ཡིན།རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་མངོན་གྱུར་དུ་འབྱུང་བའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ།ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཀྱི་མཚན་ཉིད།དེ་དང་ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་དོན་གཅིག

大乘见道解脱道起后之智,复是彼身中之大乘谛现观,是大乘见道后得智相,彼与大乘见道后得智义同,

སྤྱིར་མཉམ་བཞག་ལ་འཇིག་རྟེན་པའི་མཉམ་བཞག་བསམ་གཏན་གཟུགས་མེད་སོགས་དང་།འཇིག་རྟེན་ལས་འདས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་བློ་གཉིས་ཡོད་ལ།

总之根本定有二,谓世间根本定,如静虑无色等;二、出世根本定,如无分别慧。

རྗེས་ཐོབ་ལ་བསམ་གཏན་ལས་ལངས་པའི་འདོད་སེམས་ལྟ་བུ་འཇིག་རྟེན་པའི་རྗེས་ཐོབ། འདས་ལམ་མཉམ་བཞག་གི་སྟོབས་ཀྱིས་དེའི་དམིགས་རྣམ་དང་མཐུན་པར་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པ་ལྟ་བུ་མཉམ་བཞག་གིས་ཟིན་པའི་རྗེས་ཐོབ་གཉིས་ལས་ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ནི་མཉམ་བཞག་གིས་ཟིན་པའི་རྗེས་ཐོབ་ཡིན་ལ།

后得亦有二,如起静虑之欲界心,是世间后得。二、如由初世道根本定力所引与彼所缘行相随顺通达实空如幻之心,是根本定所摄之后得,今此大乘见道后得智是根本定所摄之后得。

མཉམ་བཞག་གི་དམིགས་རྣམ་སོགས་བརྗེད་པའི་དུས་ཀྱི་ཡིད་ཤེས་རྒྱ་ཡན་པ་ལྟ་བུ་རྗེས་ཐོབ་རྒྱ་ཡན་པ་དང་། སློབ་ལམ་དུ་མཉམ་རྗེས་གཉིས་འགལ་ཡང་།སངས་རྒྱས་ཀྱི་སར་མཉམ་རྗེས་ངོ་བོ་གཅིག་ཏུ་འདོད་དོ། །

若忘失根本定所缘时之散意识,是散后得,在有学位,根本后得虽属相违,然在佛地,根本后得许为一体。

མཉམ་རྗེས་གང་རུང་མ་ཡིན་པའི་ཐེག་ཆེན་གྱི་མཐོང་ལམ་ཡོད་དེ།ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དང་།མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་དེ་དེ་ཡིན་པའི་ཕྱིར།

俱非根本后得之大乘见道,如大乘见道无间道者身中,世俗发心,及通达无常等十六行相之慧。

གསུམ་པ་ནི། ཐེག་ཆེན་མཐོང་ལམ་པའི་རྒྱུད་ཀྱི་མཁྱེན་པ། ཐེག་ཆེན་གྱི་བདེན་པ་མངོན་རྟོགས།ཐེག་ཆེན་གྱི་མཐོང་ལམ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ།

三,异名,大乘见道身中之智,大乘谛现观,大乘见道等,一义异名,

བཞི་བ་སྐྱེ་ཚུལ་བཤད་པ་ནི།ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས།ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དང་།ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་རྣམས་མཉམ་བཞག་ཐུན་གཅིག་ལ་སྐྱེ།དེའི་རྗེས་སུ་ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་སྐྱེ་བ་ཡིན་ནོ། །

四,生起之理,谓专注法性之大乘加行道上品世第一法智,与大乘见道无间道,大乘见道解脱道同一定而生,其后乃生大乘见道后得智。

མཐོང་ལམ་བར་ཆད་མེད་ལམ་གྱི་སྤང་བྱ་སྤོང་ཚུལ་ནི།ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ལ་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་།དེའི་ངོས་སྐལ་གྱི་སྤང་བྱ་ཤེས་སྒྲིབ་ཀུན་བཏགས་འགག་པ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ།

见道无间断除所断之理,谓大乘加行道人身中将生大乘见道无间道,与彼亲所应断分别所知障将灭同时。

དེའི་རྒྱུད་ལ་བཟོད་པ་བརྒྱད་ཀྱི་ངོ་བོར་གྱུར་པའི་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་དང་། དེའི་ངོས་སྐལ་གྱི་སྤང་བྱ་རྫོགས་པར་འགག་པ་གཉིས་དུས་མཉམ་ཞིང་། དེའི་ཚེ་སྦྱོར་ལམ་པ་དེ་མཐོང་ལམ་པར་འཕོས་པ་ཡིན་ཏེ། དཔེར་ན་རྐུན་མ་སྒོར་ཕྱུང་བ་ལྟ་བུའོ།།

若彼身中,正生八忍体性之见道无间道,与彼亲所应断,毕竟灭尽同时,尔时彼加行道即转成见道,譬如驱贼出门也。

དེའི་གནས་སྐབས་སུ་མཐོང་སྤང་དང་བྲལ་བའི་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་ཀྱང་།སོ་སོར་བརྟགས་འགོག་མ་ཐོབ་ལ།དེའི་སྐད་ཅིག་གཉིས་པ་ལ་ཤེས་པ་བརྒྱད་ཀྱི་ངོ་བོར་གྱུར་བའི་མཐོང་ལམ་རྣམ་གྲོལ་ལམ་སྐྱེས་པ་ན་མཐོང་སྤང་སྤངས་པའི་སོ་སོར་བརྟགས་འགོག་ཐོབ་པ་ཡིན་ཏེ།དཔེར་ན་རྐུན་མ་སྒོར་ཕྱུང་སྟེ་སྒོ་བཅད་པ་ལྟ་བུའོ།།

尔时虽得远离见惑之非择灭,然未得择灭,其第二刹那生起八智体性见道解脱道时,乃得永断见惑之择灭,如贼出门而闭户也。

བཞི་བ་ཐེག་ཆེན་གྱི་སྒོམ་ལམ་ལ།མཚན་ཉིད།དབྱེ་བ།མིང་གི་རྣམ་གྲངས།སྐྱེ་ཚུལ་བཤད་པ་དང་བཞི།

四、大乘修道分四:初、性相;二、分别;三、异名;四、生起之理。

དང་པོ།ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཏེ།ཐེག་ཆེན་གྱི་སྒོམ་ལམ་གྱི་མཚན་ཉིད།

初、行相;大乘之随现观,是大乘修道相。

གཉིས་པ་ནི།དེ་ལ་དབྱེ་ན།ཐེག་ཆེན་གྱི་སྒོམ་ལམ་མཉམ་བཞག་ཡེ་ཤེས་སོགས་གསུམ་ཡོད།

二、分别;有大乘修道根本智等三。

རང་གི་ཡུལ་དུ་གྱུར་པའི་བདག་མེད་གསུམ་གང་རུང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡང་ཡིན། རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་མངོན་གྱུར་དུ་འབྱུང་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ།ཐེག་ཆེན་གྱི་སྒོམ་ལམ་མཉམ་བཞག་ཡེ་ཤེས་ཀྱི་མཚན་ཉིད།དེ་ལ་དབྱེ་ན། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་སོགས་གསུམ་ཡོད།

专注三种无我随一之境,复是彼身中现行之大乘随现观,是大乘修道根本智相,此分大乘修道无间道等三。

རང་གི་ངོས་སྐལ་གྱི་སྤང་བྱ་བདེན་འཛིན་ལྷན་སྐྱེས་ཀྱི་དངོས་གཉེན་དུ་གྱུར་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ།ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་གྱི་མཚན་ཉིད།

真能对治自所应断俱生实执之大乘随现观,是大乘修道无间道相,

དབྱེ་ན།ཆུང་ངུ་སྐོར་བཞི། འབྲིང་སྐོར་གསུམ། ཆེན་པོ་སྐོར་བཞི་དང་བཅུ་གཅིག་ཡོད་དེ།སྤང་བྱ་སྒོམ་སྤང་རྟོག་པ་དེ་ལ་ཉོན་སྒྲིབ་ལྷན་སྐྱེས་དང་།ཤེས་སྒྲིབ་ལྷན་སྐྱེས་གཉིས་སྐོར་བཅུ་གཅིག་ཏུ་ཕྱེ་ནས་སྤོང་བའི་ཕྱིར།

此分下等四品,中等三品,上等四品,共十一品。以彼所断修惑分别中,俱生烦恼障,俱生所知障,各分十一品而断除故。

རང་གི་ངོས་སྐལ་གྱི་སྤང་བྱ་བདེན་འཛིན་ལྷན་སྐྱེས་ཆེན་པོའི་ཆེན་པོའི་དངོས་གཉེན་དུ་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དེ།ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་ཆུང་ངུའི་ཆུང་ངུའི་མཚན་ཉིད།

真能对治,自所应断,俱生实执上上品之大乘修道无间道,是大乘修道无间道下下品相。

དབྱེ་ན།ས་དང་པོའི་སྒོམ་ལམ་བར་ཆད་མེད་ལམ་དང་།ས་གཉིས་པའི་བར་ཆད་མེད་ལམ་གཉིས་ཡོད། རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་བདེན་འཛིན་ལྷན་སྐྱེས་ལས་གྲོལ་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ།ཐེག་ཆེན་གྱི་སྒོམ་ལམ་རྣམ་གྲོལ་ལམ་གྱི་མཚན་ཉིད། དབྱེ་ན་དགུ་ཡོད།

此分初地修道无间道,与二地修道无间道之二,解脱自因无间道所应断俱生实执之大乘随现观,是大乘修道解脱道相,此分九品。

གསུམ་པ་ནི། ཐེག་ཆེན་གྱི་སྒོམ་ལམ་དང་། ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་གཉིས་དོན་གཅིག་མིང་གི་རྣམ་གྲངས་སོ། །

三、异名;大乘修道,大乘随现观,一义异名。

བཞི་བ་སྐྱེ་ཚུལ་བཤད་པ་ནི། བྱང་སེམས་མཐོང་ལམ་པའི་རྒྱུད་ལ་རང་གི་ངོས་སྐལ་གྱི་སྤང་བྱ་བདེན་འཛིན་ལྷན་སྐྱེས་ཀྱི་དངོས་གཉེན་དུ་གྱུར་པའི་བར་ཆད་མེད་ལམ་གསར་དུ་སྐྱེས་པ་ན། མཐོང་ལམ་ནས་སྒོམ་ལམ་དུ་འཕོས་པར་འཇོག་པ་ཡིན་ནོ། །

四、生起之理;见道菩萨身中,初生真能对治,自所应断,俱生实执之无间道时,即由见道转入修道。

ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་གྱིས་སྤང་བྱ་སྤོང་ཚུལ་ཡོད་དེ།ཐེག་ཆེན་རིགས་ངེས་ཀྱི་དབང་དུ་བྱས་ན། སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་དང་། སྒོམ་སྤང་ཤེས་སྒྲིབ་ཆེན་པོའི་ཆེན་པོ་གཉིས་ལ་ཆེ་ཆུང་སྐོར་གཉིས་སུ་ཕྱེ།

大乘修道无间道断除所断之理,若依定性大乘增上,上上品修断烦恼,与上上品修断所知障,俱分粗微二品。

དེ་བཞིན་དུ་ཆུང་ངུའི་ཆུང་ངུ་ལ་ཡང་གཉིས་སུ་ཕྱེ་ནས། སྒོམ་སྤང་སྐོར་བཅུ་གཅིག་པོ་སྒོམ་ལམ་བར་ཆད་མེད་ལམ་བཅུ་གཅིག་གིས་སྤོང་བ་ཡིན་ཏེ། ས་དང་པོའི་སྒོམ་ལམ་བར་ཆད་མེད་ལམ་གྱིས་ཁམས་གསུམ་ས་དགུའི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་ལ་གཉིས་སུ་ཕྱེ་བའི་ཆེན་པོ་དགུ་ཅིག་ཅར་དུ་སྤོང་།

如是下下品,每分为二,其修所断分十一品,以十一品修道无间断

[14]而断除,以初地修道无间道,顿断三界九地上上品中粗九品修所断烦恼,


ས་གཉིས་པའི་སྒོམ་ལམ་བར་ཆད་མེད་ལམ་གྱིས་ཁམས་གསུམ་ས་དགུའི་སྒོམ་སྤང་ཆེན་པོའི་ཆེན་པོ་ལ་གཉིས་སུ་ཕྱེ་བའི་ཆུང་ངུ་དགུ་གཅིག་ཆར་དུ་སྤོང་། དེ་བཞིན་དུ་ས་གསུམ་པའི་སྒོམ་ལམ་བར་ཆད་མེད་ལམ་ནས་ས་དགུ་བའི་སྒོམ་ལམ་བར་ཆད་མེད་ལམ་ཀྱི་བར་གྱིས་རིམ་པ་བཞིན་དུ་ས་དགུའི་སྒོམ་སྤང་ཆེན་པོའི་འབྲིང་ནས་ཆུང་ངུའི་འབྲིང་གི་བར་དགུ་བོ་གཅིག་ཆར་དུ་སྤོང་།

二地修道无间道,顿断三界九地上上品中细九品修所断烦恼,如是三地修道无间道,乃至九地修道无间道,如其次第顿断九地上中九品,乃至下中九品修所断。

ས་བཅུ་བའི་ཐོག་མའི་སྒོམ་ལམ་བར་ཆད་མེད་ལམ་གྱིས་ས་དགུའི་སྒོམ་སྤང་ཆུང་ངུའི་ཆུང་ངུ་ལ་གཉིས་སུ་ཕྱེ་བའི་ཆེན་པོ་དགུ་ཅིག་ཅར་དུ་སྤོང་ ། ས་བཅུ་བའི་ཐ་མའི་སྒོམ་ལམ་བར་ཆད་མེད་ལམ་གྱིས་ས་དགུའི་སྒོམ་སྤང་ཆུང་ངུའི་ཆུང་ངུ་ལ་གཉིས་སུ་ཕྱེ་བའི་ཆུང་ངུ་དགུ་ཅིག་ཆར་དུ་སྤོང་བའི་ཕྱིར། དགྲ་བཅོམ་རྟོགས་པ་སྔོན་སོང་གི་དབང་དུ་བྱས་ན། ཉོན་མོངས་སྤོང་རྒྱུ་མེད་པས་ཤེས་སྒྲིབ་སྐོར་བཅུ་གཅིག་ཏུ་ཕྱེ་ནས་སྤོང་བ་ཡིན་ནོ། །

十地前心修道无间道顿断九地下下品中粗九品修所断,十地后心修道无间道顿断九地下下品中细九品修所断故。

若依先证阿罗汉增上,则无烦恼可断,唯分十一品所知障而断除,

དེས་ན་བྱང་སེམས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་ཆེན་པོའི་ཆེན་པོ་དང་རྒྱུན་མཐའི་བར་ཆད་མེད་ལམ་དང་། བྱང་སེམས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྣམས་དོན་གཅིག་ཏུ་ཤེས་པར་བྱའོ། །

由是当知,菩萨修道无间道上上品,与等觉无间道、菩萨修道金刚喻定,皆是一义。

ལྔ་བ་ཐེག་ཆེན་གྱི་མི་སློབ་ལམ་ལ། མཚན་ཉིད། དབྱེ་བ། མིང་གི་རྣམ་གྲངས། སྐྱེ་ཚུལ་བཤད་པ་དང་བཞི།

五、大乘无学道分四:初、性相;二、分别;三、异名;四生起之理。

དང་པོ་ནི། སྒྲིབ་གཉིས་ཟད་པར་སྤངས་པའི་མཐར་ཐུག་གི་མཁྱེན་པ་དེ།ཐེག་ཆེན་གྱི་མི་སློབ་ལམ་གྱི་མཚན་ཉིད།

初、行相:尽断二障之究竟智,是大乘无学道相。

གཉིས་པ་ནི། དེ་ལ་དབྱེ་ན། ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་དང་། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་གཉིས་ཡོད། ཡང་དེ་ལ་དབྱེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ལྔ་ཡང་ཡོད།

二、分别:此分如所有智,与尽所有智之二,此中复分大圆镜智等五。

གསུམ་པ་ནི། རྣམ་མཁྱེན། ཐེག་ཆེན་གྱི་མི་སློབ་ལམ། ཡེ་ཤེས་ཆོས་སྐུ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ།།

三、异名:一切种智,大乘无学道,智法身等,一义异名。

བཞི་བ་སྐྱེ་ཚུལ་བཤད་པ་ནི། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་སེམས་དཔའ་དེ་སྒོམ་ལམ་པ་ཡིན་ལ། བར་ཆད་མེད་ལམ་དེའི་དུས་ན་རྣམ་མཁྱེན་སྐད་ཅིག་དང་བོ་སྐྱེད་པའི་རྒྱུའི་ནུས་པ་ཐོགས་མེད་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ནུས་པའི་རིགས་མཐའ་དག་ཡོངས་སུ་རྫོགས་པར་ཡོད་ལ། བར་ཆད་མེད་ལམ་དེ་ཆོས་ཉིད་ལ་གཉིས་སྣང་ནུབ་ཅིང་དེའི་སྣང་ངོ་དང་ངེས་ངོ་གང་ན་ཡང་ཀུན་རྫོབ་ཀྱི་སྣང་བ་ཅུང་ཟད་ཀྱང་མེད་ལ།

四、生起之理:住等觉无间道之菩萨,是修道人,于彼无间道时,其生第一刹那一切种智之无碍因,功能圆满,具有二十一类与漏智之功能种性,彼无间道,于法性上离二取相,彼智现见及彼所定,俱无少分世俗境界。

དེའི་སྐད་ཅིག་གཉིས་པར་མཉམ་བཞག་དེ་ལས་མ་གཡོས་བར་ཇི་ལྟ་བ་ལ་གཟིགས་པའི་ངོར་ཀུན་རྫོབ་མི་སྣང་ཡང་། སྣང་ངོར་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་ལྟར་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་སྐད་ཅིག་མ་གཅིག་པོ་དེ་ཉིད་ཇི་ལྟ་བ་མཁྱེན་པ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་གཞི་མཐུན་དུ་སོང་བ་དང་། རྣམ་མཁྱེན་སྐད་ཅིག་དང་བོ་ཐོབ་པ་དང་། ཤེས་སྒྲིབ་མ་ལུས་བར་སྤངས་པ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། སྒྲིབ་གཉིས་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་དུས་མཉམ་པར་སོང་བ་ཡིན་ནོ། །

其第二刹那不动彼定,就见如所有智前,虽无世俗,然就彼现见前则现见一切尽所有性如观掌中庵摩罗果,即一刹那智,俱是如所有智,与尽所有智,其得初刹那一切种智,与尽断所知障,证得佛位,得永断二障之解脱道,皆悉同时。

ཐེག་པ་གསུམ་གྱི་སྒོམ་བྱའི་གཙོ་བོའི་ཁྱད་པར་ཅུང་ཟད་བརྗོད་ན། ཐལ་འགྱུར་བའི་ལུགས་ལ། སྟོང་ཉིད་ནི་ཐེག་པ་གསུམ་གྱི་ལམ་གྱི་སྒོམ་བྱའི་གཙོ་བོ་ཡིན་ཏེ། ཐེག་པ་གསུམ་གྱི་མཐོང་ལམ་བར་ཆད་མེད་ལམ་དང་། མཐོང་ལམ་རྣམ་གྲོལ་ལམ་རྣམས་གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་ཀ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་ཡིན་པའི་ཕྱིར། གང་ཟག་གི་སྟེང་དུ་བདེན་གྲུབ་བཀག་པ་གང་ཟག་གི་བདག་མེད་ཕྲ་མོ་དང་། ཕུང་སོགས་ཆོས་ཀྱི་སྟེང་དུ་བདེན་གྲུབ་བཀག་པ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་དོ། །

略说三乘正修之差别,在应成派,说真空性,即三众道正所修事,以说三乘之见道无间道,与见道解脱道俱是专注微细人无我与微细法无我之根本智故,以破补特伽罗实有,即微细人无我,破蕴等法实有,即微细法无我故。

རང་རྒྱུད་པ་དང་། སེམས་ཙམ་པ་གཉིས་ཀྱི་ལུགས་ལ། ཐེག་པ་གསུམ་གྱི་སྒོམ་བྱའི་གཙོ་བོ་མི་འདྲ་སྟེ།རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟར་ན་ཆོས་ཀྱི་བདག་མེད་ཕྲ་མོ་ནི་བྱང་སེམས་ཀྱི་ལམ་གྱི་བསྒོམ་བྱའི་གཙོ་བོ་དང་། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་བའི་ཆོས་ཀྱི་བདག་མེད་རགས་པ་ནི། རང་རྒྱལ་ལམ་གྱི་བསྒོམ་བྱའི་གཙོ་བོ་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་གང་ཟག་གི་བདག་མེད་ཕྲ་མོ་ནི་ཉན་ཐོས་ཀྱི་ལམ་གྱི་བསྒོམ་བྱའི་གཙོ་བོ་ཡིན་ནོ། །

在自续派与唯识宗,则说三乘所修不同,如瑜伽行中观自续派,说细微法无我,是菩萨道正所修事,能所取(异体)空粗法无我,是独觉道正所修事,补特伽罗由自立体空之细微人无我,是声闻道正所修事。

སྤང་བྱའི་གཙོ་བོ་ཡང་ཤེས་སྒྲིབ་དང་། ཆོས་ཀྱི་བདག་འཛིན་རགས་པ་དང་། གང་ཟག་གི་བདག་འཛིན་ཕྲ་མོ་རྣམས་ནི་རིམ་པ་བཞིན་དུ། བྱང་སེམས་དང་། རང་རྒྱལ་དང་། ཉན་ཐོས་རྣམས་ཀྱི་སྤང་བྱའི་གཙོ་བོར་འཇོག་གོ

其正所断,亦说所知障,粗法我执,细微人我执,如其次第立为菩萨,独觉,声闻之正所断事。

མདོ་སྡེ་སྤྱོད་པ་དང་སེམས་ཙམ་པ་གཉིས་ཀྱི་ལུགས་ལ་ཉན་རང་གཉིས་ཤེས་རབ་ཀྱི་རྟོགས་རིགས་དང་། སྤང་བྱའི་གཙོ་བོ་ཕལ་ཆེར་མཚུངས་པར་བཤད་ལ། ཐེག་པ་ཆེ་ཆུང་གི་ཁྱད་པར་སོགས་ནི་གཞན་ལས་ཤེས་པར་བྱའོ།།

顺经部行,与唯识宗,则说声闻独觉智慧证德与正所断,大概相同;大小乘之差别等,如余处当知。

ས་བཅུའི་རྣམ་བཞག་བཤད་པ།

十地建立

གཉིས་པ། ས་བཅུའི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་ལ། བྱང་འཕགས་ཀྱི་སའི་མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན་དང་གསུམ།

丙二、别释十地建立分三:丁一、菩萨圣地相;丁二、分别;丁三分释别义。

དང་པོ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོས་ཟིན་པའི་བྱང་འཕགས་ཀྱི་མཁྱེན་པ་དེ།བྱང་སེམས་འཕགས་པའི་སའི་མཚན་ཉིད།

丁一、菩萨圣地相:证空性慧与大悲所摄之菩萨圣智,是菩萨圣地相。

གཉིས་པ་ནི། དེ་ལ་དབྱེ་ན། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ།གསུམ་པ་འོད་བྱེད་པ། བཞི་བ་འོད་འཕྲོ་བ། ལྔ་བ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་བ་ལེགས་པའི་བློ་གྲོས། བཅུ་བ་ཆོས་ཀྱི་སྤྲིན་རྣམས་སུ་ཡོད་པའི་ཕྱིར།

丁二、分别:此分十地,谓初、极喜地;二、离垢地;三、发光地;四、焰慧地;五、难胜地;六、现前地;七、远行地;八、不动地;九、善慧地;十、法云地。

བྱང་སེམས་འཕགས་པའི་ས་ལ་ས་བཅུར་འབྱེད་པའི་རྒྱུ་མཚན་ཡོད་དེ། ས་བཅུ་བོ་དེ་དག་ཡུལ་རྟོགས་ཚུལ་དང་། ཡོན་ཏན་འཐོབ་ཚུལ་མི་འདྲ་བ་དང་། སྤང་བྱ་སེལ་བ་དང་། སྒྲུབ་པའི་ནུས་པ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཁྱད་ཞུགས་པའི་དབང་གི་ས་བཅུར་བཞག་པའི་ཕྱིར།

菩萨圣地分为十地之理,谓彼十地,通达境界,证得功德皆有不同。遣除所断,修行功能,由彼后后超胜前前,而立为十故。

བཅུ་བོ་དེར་གྲངས་ངེས་པ་ཡིན་ཏེ། ཡོངས་སྦྱོང་བཅུར་གྲངས་ངེས་པའི་ཕྱིར། ས་བཅུར་དབྱེ་བ་ལ་དགོས་པ་ཡོད་དེ། ཐེག་ཆེན་ལ་ས་བཅུའི་རྣམ་བཞག་མི་འདོད་པ་རྣམས་ཀྱི་ལོག་རྟོག་དགག་པའི་ཆེད་དུ་ཐེག་པ་དམན་པའི་ས་བརྒྱད་དཔེར་བཀོད་ནས་ཐེག་ཆེན་ལ་ས་བཅུའི་དབྱེ་བ་མཛད་པའི་ཕྱིར།

又彼十地数亦决定,十种遍净,数决定故。分为十地所为义者,为不许大乘有十地建立之邪分别,以小乘八地为喻,而于大乘分十地故。

གསུམ་པ་ཕྱེ་བ་སོ་སོའི་དོན་ལ། ངེས་ཚིག་དང་། སྤང་བྱ་སྤོང་ཚུལ་གྱི་ཁྱད་ཆོས་དང་། ཡོན་ཏན་ལྷག་པའི་ཁྱད་ཆོས་གསུམ།

丁三、分释别义分三:戊一、训释戊二、断除所断之特法;戊三、功德增上之特法。

དང་པོ་ལ། ས་སྤྱིའི་ངེས་ཚིག་དང་། ས་སོ་སོའི་ངེས་ཚིག་གཉིས།

初又分二:已一、地总训释;已二、地别训释。

དང་པོ་ནི། སའི་སྐད་དོད་བྷུ་མི་ཞེས་པ་ཡི་གེ་བསྣན་པའི་ངེས་ཚིག་གིས་བཤད་ན།གདུལ་བྱ་འབྱུང་བོ་དཔག་མེད་སྒྲིབ་གཉིས་ཀྱི་འཇིགས་པ་མེད་པའི་རྟེན་བྱེད་པ་དང་། ཡོན་ཏན་དཔག་མེད་གོང་ནས་གོང་དུ་འཕེལ་བར་བྱེད་པས་ན་ས་ཞེས་བརྗོད་པའི་ཕྱིར།

已一、地总训释;地之梵语,为补弥,若加字训释,谓与无量所化有情作离二障怖畏之所依,及能增长无量功德,故名为地。

གཉིས་པ་ནི། ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ས་དང་པོ་ནས་རྫོགས་པའི་བྱང་ཆུབ་ལ་ཉེ་བ་དང་། སེམས་ཅན་གྱི་དོན་འགྲུབ་པར་མཐོང་བ་ན་དགའ་བ་ཁྱད་པར་ཅན་སྐྱེ་བས་དེ་ལྟར་བརྗོད་པའི་ཕྱིར།

已二、地别训释;初地名极欢喜者,由见初地,近大菩提,能利有情发胜欢喜而作是说故。

ས་གཉིས་པ་ལ་དྲི་མ་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།དེ་གཉིས་པ་ནས་འཆལ་བའི་ཚུལ་ཁྲིམས་དང་། ཐེག་དམན་ཡིད་བྱེད་ཀྱི་རྩོལ་བའི་དྲི་མ་དང་བྲལ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།

二地名离垢者,由得二地永离犯戒及小乘作意垢,而作是说故。

ས་གསུམ་པ་ལ་འོད་བྱེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ས་གསུམ་པ་ནས་ལུས་སྲོག་ལ་མི་ལྟ་བར་རང་ཉིད་ཀྱིས་ཀྱང་ལུང་གི་ཆོས་འཚོལ་བ་ལ་འབད་ཅིང་གདུལ་བྱ་གཞན་རྣམས་ཆོས་ཀྱི་སྣང་བས་ཚིམ་པར་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།

三地名发光地者,由得三地不顾身命勤求教法,以法光明满足所化,而作是说故。

ས་བཞི་བ་ལ་འོད་འཕྲོ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ས་བཞི་བར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྟན་པའི་སྒོ་ནས་རང་གི་ངོས་སྐལ་གྱི་སྒྲིབ་གཉིས་སྲེག་པར་བྱེད་པའི་ཡེ་ཤེས་ཀྱི་འོད་མེ་ལྟར་འཕྲོ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།

四地名焰慧者,由四地中宣说顺菩提分法,发智慧光,犹如火焰焚烧二障,而作是说故。

ས་ལྔ་བ་ལ་སྦྱང་དཀའ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སེམས་ཅན་སྨིན་པར་བྱེད་པ་དང་། དེ་བྱེད་པའི་ཚེ་གདུལ་བྱའི་ལོག་སྒྲུབ་ལ་བཟོད་པར་དཀའ་བ་དེ་ལ་བློ་ལྡན་བྱང་ཆུབ་སེམས་དཔའ་ས་བཞི་བ་མན་ཆད་ཀྱིས་སྦྱོང་དཀའ་བ་ཡིན་ལ། ལྔ་བ་འདིར་སྦྱོང་ནུས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།

五地名难胜者,谓成熟有情,及作彼时所化邪行,极难堪忍。四地以下具慧菩萨难行彼事,五地能行,而作是说故。

ས་དྲུག་པ་ལ་མངོན་དུ་གྱུར་པའི་ས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྟེན་འབྲེལ་ལུགས་འབྱུང་དུ་བསྒོམས་པས་འཁོར་བ་ལས་ལྡོག་པ་མངོན་དུ་གྱུར། རྟེན་འབྲེལ་ལུགས་ལྡོག་ཏུ་བསྒོམས་པས་མྱང་འདས་ལ་མངོན་དུ་ཕྱོགས་པའམ་མངོན་དུ་གྱུར་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།

六地名现前者,由顺修缘起现前,厌背生死,逆修缘起现前,趣向涅槃,而作是说故。

ས་བདུན་པ་ལ་རིང་དུ་སོང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལམ་ཡུན་རིང་དུ་བསྒོམ་པ་ལ་བརྟེན་ནས་མཚན་བཅས་རྩོལ་བཅས་ཀྱི་ལམ་མཐར་ཐུག་པ་དང་། བགྲོད་པ་གཅིག་པའི་ལམ་གཉིས་འབྲེལ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།

七地名远行者,由久修圣道为依究竟,有相、有功用道。邻接唯一净道,而作是说故。

ས་བརྒྱད་པ་ལ་མི་གཡོ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ས་བརྒྱད་པར་མཚན་མ་དང་བཅས་པའི་འདུ་ཤེས་དང་། མཚན་མེད་རྩོལ་བཅས་ཀྱི་འདུ་ཤེས་གཉིས་ཀྱིས་མི་གཡོ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།

八地名不动者,由八地中不为有相之想,及无相有功用想所动,而作是说故。

ས་དགུ་པ་ལ་ལེགས་པའི་བློ་གྲོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སོ་སོ་ཡང་དག་པར་རིག་པའི་བློ་གྲོས་ཞེས་བརྗོད་པའི་བཟོད་པ་ཐོབ་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།

九地名善慧者,由得无碍辩慧之忍,而作是说故。

ས་བཅུ་བ་ལ་ཆོས་ཀྱི་སྤྲིན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ནམ་མཁའ་ལ་ཆར་སྤྲིན་འཁྲིགས་ཏེ་ཆར་ཕབ་ནས་འཇིག་རྟེན་གྱི་ལོ་ཏོག་རྒྱས་པར་བྱེད་པ་ལྟར། བྱང་སེམས་ས་བཅུ་བ་པའི་ཤེས་རྒྱུད་ནམ་མཁའ་དང་འདྲ་བ་ལ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཆོས་ཀྱི་སྤྲིན་འཁྲིགས་ནས་ཆོས་ཀྱི་ཆར་ཕབ་སྟེ། གདུལ་བྱའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་རྒྱས་པར་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།

十地名法云者,犹如虚空布云降雨,滋长世间所有稼穑,十地菩萨智如虚空,遍布陀罗尼三摩地等法云,而降法雨圆满,滋长所化身中妙善稼穑,而作是说故。

གཉིས་པ་སྤང་བྱ་སྤོང་ཚུལ་ནི། མཐོང་ལམ་གྱི་སྐབས་སུ་མཐོང་སྤང་ཉོན་མོངས་བརྒྱ་དང་བཅུ་གཉིས་དང་མཐོང་སྤང་ཤེས་སྒྲིབ་བརྒྱ་དང་བརྒྱད་སྤོང་བ་ཡིན་ལ། སྒོམ་ལམ་གྱིས་བསྡུས་པའི་ས་དང་པོ་ནས་ས་བཅུ་བའི་བར་དུ་ཉོན་སྒྲིབ་ལྷན་སྐྱེས་བཅུ་དྲུག་དང་། ཤེས་སྒྲིབ་ལྷན་སྐྱེས་བརྒྱ་དང་བརྒྱད་ཀྱི་ས་བོན་སྤོང་བའི་ཕྱིར།

戊二、断除所断之特法;于见道时,断除见断烦恼一百十二,见断所知障一百零八。修道所摄初地,乃至十地断除十六俱生烦恼障,一百零八俱生所知障种故。

ཉོན་སྒྲིབ་ཀུན་བཏགས་བརྒྱ་དང་བཅུ་གཉིས་ཡོད་དེ། འདོད་པའི་སས་བསྡུས་ཀྱི་སྡུག་བསྔལ་མཐོང་སྤང་ཉོན་མོངས་བཅུ། ཀུན་འབྱུང་མཐོང་སྤང་ཉོན་མོངས་བཅུ། འགོག་པ་མཐོང་སྤང་ཉོན་མོངས་བཅུ། ལམ་མཐོང་སྤང་ཉོན་མོངས་བཅུ་དང་བཞི་བཅུ་ཡོད་པའི་ཕྱིར།

一百十二分别烦恼障者,谓欲地所摄苦谛见断烦恼十,集谛见断烦恼十,灭谛见断烦恼十,道谛见断烦恼十,共有四十故。

རྟགས་གྲུབ་སྟེ། བདེན་པ་རེ་རེ་ལ་དམིགས་པའི་ལྟ་བ་ལྔ་དང་། ལྟ་མིན་ལྔ་ལྔ་སྟེ་བཅུ་ཚན་བཞི་ཡོད་པའི་ཕྱིར།

于一一谛,有缘谛之五见,及五非见,共四十故,

དེའི་སྟེང་དུ་གཟུགས་གཟུགས་མེད་ཀྱི་སས་བསྡུས་ཀྱི་བདེན་པ་བཞི་ལ་དམིགས་པའི་ཉོན་མོངས་བཅུའི་ནང་ནས་ཁོང་ཁྲོ་དོར་ནས་གཟུགས་ཀྱི་སས་བསྡུས་ཀྱི་སུམ་ཅུ་རྩ་དྲུག གཟུགས་མེད་ཀྱི་སས་བསྡུས་ཀྱི་སུམ་ཅུ་རྩ་དྲུག་སྟེ་དོན་གཉིས་ཡོད་པའི་ཕྱིར།

其上更加色无色地所摄,缘四谛之十烦恼中唯除嗔恚,色地所摄有三十六,无色地摄有三十六,共有七十二故。

ཤེས་སྒྲིབ་ཀུན་བཏགས་བརྒྱ་དང་བརྒྱད་ཡོད་དེ། འདོད་པའི་སས་བསྡུས་ཀྱི་ཤེས་སྒྲིབ་ཀུན་བཏགས་སོ་དྲུག གཟུགས་དང་གཟུགས་མེད་གཉིས་ཀྱི་སས་བསྡུས་ཀྱི་ཤེས་སྒྲིབ་ཀུན་བཏགས་སོ་དྲུག་རེ་ཡོད་པའི་ཕྱིར།

一百零八分别所知障者,谓欲地所摄所知障,三十六色,(色与)无色二地所摄,分别所知障,各有三十六故。

དང་པོ་གྲུབ་སྟེ། འདོད་པའི་སས་བསྡུས་ཀྱི་མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་འཇུག་པ་གཟུང་རྟོག་དགུ། ལྡོག་པ་གཟུང་རྟོག་དགུ། རྫས་འཛིན་རྟོག་པ་དགུ། བཏགས་འཛིན་རྟོག་པ་དགུ་རྣམས་ཡོད་པའི་ཕྱིར། དེས་གཞན་གཉིས་ལ་རིགས་འགྲེ །

初因成立,以欲地所摄见断所知障,有流转所取九分别,还灭所取九分别,执实有九分别,执假有九分别故,上二亦当例知。

ཉོན་སྒྲིབ་ལྷན་སྐྱེས་བཅུ་དྲུག་ཡོད་དེ། འདོད་པའི་སས་བསྡུས་ཀྱི་འདོད་ཆགས་ཞེ་སྡང་ང་རྒྱལ་ཉོན་མོངས་ཅན་གྱི་མ་རིག་པ། འཇིག་ལྟ། མཐར་འཛིན་ཏེ་དྲུག་དང་། ཁམས་གོང་མ་གཉིས་ཀྱི་སས་བསྡུས་ཀྱི་ཞེ་སྡང་བཏོན་ནས། གཞན་ལྔ་ལྔ་སྟེ་བཅུ་དྲུག་ཡོད་པའི་ཕྱིར།

十六俱生烦恼障者,欲地所摄有六,谓贪,嗔,慢,染污无明,萨迦耶见,及边执见,上二界地摄唯除嗔恚,各有余五,共十六故。

ཤེས་སྒྲིབ་ལྷན་སྐྱེས་བརྒྱ་དང་བརྒྱད་ཡོད་དེ།ཁམས་གསུམ་གྱི་སས་བསྡུས་ཀྱི་ཤེས་སྒྲིབ་ལྷན་སྐྱེས་སུམ་ཅུ་རྩ་དྲུག་རེ་ཡོད་པའི་ཕྱིར།

一百零八俱生所知障者,谓三界地摄俱生所知障,各有三十六故。

གསུམ་པ་ཡོན་ཏན་ལྷག་པའི་ཁྱད་པར་ལ། ཕར་ཕྱིན་ལྷག་ཚུལ་གྱི་ཁྱད་པར།ཡོན་ཏན་གྱི་གྲངས་འཕེལ་བའི་ཁྱད་པར། རྣམ་སྨིན་གྱི་སྐྱེ་བ་ལེན་ཚུལ་གྱི་ཁྱད་པར། བསླབ་གསུམ་འབྲས་བུ་དང་བཅས་པ་ལྷག་ཚུལ་གྱི་ཁྱད་པར། རྗེས་ཐོབ་ཏུ་ངེས་ཤེས་འདྲེན་ཚུལ་གྱི་ཁྱད་པར། ཡོངས་སྦྱོང་གི་ཁྱད་པར། ས་ཐོབ་པའི་རྟགས་ཀྱི་ཁྱད་པར་དང་བདུན།

戊三、功德增上之特法分七:己一、波罗蜜多增上差别;己二、功德数量增长差别;己三、受异熟生之差别;己四、三学及果增上差别;已五、后得引生定智之差别;己六、遍净之差别;己七、将得地相之差别。

དང་པོ་ནི།ས་དང་པོར་སྦྱིན་པའི་ཕར་ཕྱིན་ལྷག་པོར་ཐོབ་པ་ནས་བཟུང་སྟེ་བཅུ་བར་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པོར་ཐོབ་པའི་བར་ཡིན་པའི་ཕྱིར།

己一、波罗蜜多增上差别;初地获得布施波罗蜜多增上,乃至十地获得智波罗蜜多增上。

གཉིས་པ་ནི། ས་དང་པོའི་རྗེས་ཐོབ་ཏུ་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱའི་ཞལ་མཐོང་བ།དེ་དག་གིས་བྱིན་གྱིས་བརླབས་པ་ཤེས་པ་ཐོབ་པ། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་ནུས། དེས་ཞིང་བརྒྱ་སྣང་བར་བྱེད་ནུས། འཇིག་རྟེན་གྱི་ཁམས་མི་འདྲ་བ་བརྒྱ་གཡོ་བར་བྱེད་ནུས། བསྐལ་བ་བརྒྱར་གནས་ནུས། བསྐལ་བ་བརྒྱའི་སྔོན་དང་ཕྱི་མའི་མཐའ་ལ་ཡང་དག་པར་ཡེ་ཤེས་ཀྱི་གཟིགས་པ་འཇུག་ནུས། ཏིང་ངེ་འཛིན་མི་འདྲ་བ་བརྒྱ་ལ་སྙོམས་པར་འཇུག་ནུས།ཆོས་ཀྱི་སྒོ་མི་འདྲ་བ་བརྒྱ་འབྱེད་ནུས། སེམས་ཅན་བརྒྱ་སྨིན་པར་བྱེད་ནུས། རང་གི་ལུས་བརྒྱར་སྤྲུལ་ནུས། རང་གི་ལུས་རེ་རེའི་འཁོར་དུ་བྱང་སེམས་འཕགས་པ་བརྒྱ་བརྒྱས་བསྐོར་བ་བྱེད་ནུས་པ་ནས་བཟུང་སྟེ།

己二、功德数量增长差别(此数量须校十地经改正);初地后得智时,一刹那中能见百佛,得知百佛加持,能往百佛刹,能照了百佛刹,能震动异类百佛刹,能住百劫,能于过去未来百劫正智见转,能入异类百三摩地,能辨异类百种法门,能正成熟一百有情,能变百身,于一一身有百菩萨眷属围绕,如是十二种功德,

ས་གཉིས་པར་དེ་འདྲ་བའི་ཡོན་ཏན་སྟོང་ཕྲག་སྡེ་ཚན་བཅུ་གཉིས། ས་གསུམ་པར་འབུམ་ཕྲག་བཅུ་གཉིས། ས་བཞི་པར་བྱེ་བ་བརྒྱ་ཕྲག་བཅུ་གཉིས། ས་ལྔ་པར་བྱེ་བ་སྟོང་ཕྲག་བཅུ་གཉིས། ས་དྲུག་པར་བྱེ་བ་འབུམ་ཕྲག་བཅུ་གཉིས། ས་བདུན་པར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས།ས་བརྒྱད་པར་སྟོང་གསུམ་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སྡེ་ཚན་བཅུ་གཉིས། ས་དགུ་བར་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས། ས་བཅུ་བར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས་ཐོབ་པའི་ཕྱིར།

二地有千,三地有十万,四地有百亿,五地有千亿,六地有百千亿,七地有百千那由他忆,八地有佛刹极微尘数,九地有百万佛刹极微尘数,十地有不可说不可说转佛刹极微尘数,十二类功德。

གསུམ་པ་ནི། ས་དང་པོ་པས་འཛམ་བུ་གླིང་ལ་དབང་བསྒྱུར་བའི་རྒྱལ་བོར་སྐྱེ་བ་ལེན། ས་གཉིས་པ་བས་གླིང་བཞི། ས་གསུམ་པ་བས་སུམ་ཅུ་རྩ་གསུམ། ས་བཞི་བ་བས་འཐབ་བྲལ། ས་ལྔ་བ་བས་དགའ་ལྡན། ས་དྲུག་པ་བས་འཕྲུལ་དགའ། ས་བདུན་པ་བས་གཞན་འཕྲུལ་དབང་བྱེད། ས་བརྒྱད་པ་བས་སྟོང་སྤྱི་ཕུད་ཀྱི་བདག་པོ་ཚངས་པ་ཆེན་པོ། ས་དགུ་བ་བས་སྟོང་གཉིས་པའི་བདག་པོ་ཚངས་པ་ཆེན་པོ། ས་བཅུ་བ་བས་འོག་མིན་གྱི་ལྷའི་བུ་དབང་ཕྱུག་ཆེན་པོའི་སྐྱེ་བ་ལེན་པའི་ཕྱིར། འདི་དག་ནི་ཤས་ཆེ་བ་ལ་དགོངས་པ་ཡིན་གྱི་ཁྱབ་མཐའ་བཟུང་བ་ནི་མ་ཡིན་ནོ། །

己三、受异熟生之差别;初地菩萨受赡部洲转轮王生,二地菩萨受四洲王,三地菩萨受忉利王,四地菩萨受夜摩王,五地菩萨受睹史王,六地菩萨受化乐王,七地菩萨受他化自在王,八地菩萨受小千主大梵王生,九地菩萨受中千主大梵王生,十地菩萨受色究竟大梵(大自在)王生,此等皆依多分而言,非定如是。

བཞི་པ་ནི། ས་དང་པོར་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་བསླབ་པ་གསུམ་ལ་སྤྱོད་པའི་ཡོན་ཏན་ཐོབ། གཉིས་པར་ཚུལ་ཁྲིམས་ཀྱི་བསླབ་པ་དང་གསུམ་པར་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། བཞི་བ་ལྔ་བ་དྲུག་པ་རྣམས་སུ་ཤེས་རབ་ཀྱི་བསླབ་པ་ཐོབ་ཅིང་། ས་ལྷག་མ་བཞིའི་ཡོན་ཏན་ཀྱང་བསླབ་པ་གསུམ་གྱི་ནང་དུ་འདུ་བའི་ཁྱད་པར་འཐོབ་པའི་ཕྱིར།

己四、三学及果增上差别;初地菩萨由证法性得行三学功德,二地菩萨得增上戒学,三地菩萨得增上定学,四五六地菩萨得增上慧学,其余四地亦得三学殊胜功德。

ལྔ་པ་ནི། ས་བཅུར་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ལས་ལངས་པའི་རྗེས་ཐོབ་ཏུ་རྟེན་འབྲེལ་བདེན་སྟོང་སྒྱུ་མ་ལྟ་བུ་ལ་ངེས་ཤེས་འདྲེན་ཚུལ་མི་འདྲ་བ་བཅུ་ཡོད་དེ། ས་དང་པོའི་གནས་སྐབས་སུ་ཆོས་བདག་བཀག་པ་ཙམ་གྱི་ཆོས་ཉིད་དེས་རང་གཞན་ཐམས་ཅད་ལ་ཁྱབ་པར་རྟོགས་པས་ཆོས་ཉིད་ཀུན་འགྲོའི་ཚུལ་དུ་རྟོགས།

已五、后得引生定智之差别;十地从证法性根本定起,后得智时于缘起无实如幻,引生定智有十不同,谓:初地菩萨,通达唯遮法我所显法性,普遍一切自他,故证遍行法性(即遍行真如)

ས་གཉིས་པར་ཆོས་ཉིད་རྟོགས་པའི་ཐེག་ཆེན་གྱི་ལམ་དེ་ཐེག་དམན་གྱི་ལམ་ལས་མཆོག་ཏུ་རྟོགས་པས་ཆོས་ཉིད་མཆོག་གི་དོན་དུ་རྟོགས། ས་གསུམ་པར་གསུང་རབ་མང་དུ་ཐོས་པ་ནི་ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་དུ་ངེས་པས་ཆོས་ཉིད་རྒྱུ་མཐུན་པའི་དོན་དུ་རྟོགས།

二地菩萨,通达证法性之大乘道,胜出小乘道,故证最胜义法性。三地菩萨,了知听闻教法是证法界等流之因,故证等流义法性。

ས་བཞི་པར་ལུང་གི་ཆོས་ལ་སྲེད་པའི་ང་རྒྱལ་མེད་པས་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས།ས་ལྔ་པར་རང་གཞན་ཐམས་ཅད་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྒོ་ནས་རྒྱུད་ཐ་དད་མེད་པར་རྟོགས། ས་དྲུག་པ་ཀུན་ནས་ཉོན་མོངས་དང་རྣམ་བྱང་གཉིས་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་མི་སྐྱེ་བར་རྟོགས་པས་ཀུན་ཉོན་དང་རྣམ་བྱང་ཐ་དད་མེད་པའི་དོན་དུ་རྟོགས། ས་བདུན་པར་ཆོས་ཉིད་ལ་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་མི་འབྱུང་བས་ཐ་དད་དུ་མེད་པའི་དོན་དུ་རྟོགས།

四地菩萨,由无爱着教法之慢,故证无执持义法性。五地菩萨,由知自他一切,无自立实体补特伽罗,故证无异体法性。六地菩萨,通达染净非无因生,非邪因生,故证染净无异义法性。七地菩萨,由知法性无契经等法相,故证无异义法性。

ས་བརྒྱད་པར་ཆོས་ཉིད་དེ་ཀུན་བྱང་གི་འགྲིབ་འཕེལ་མེད་པའི་དོན་དང་། མི་རྟོག་པའི་ཡེ་ཤེས་དང་ཞིང་དག་པ་གཉིས་ལ་དབང་བའི་དོན་གྱི་གནས་སུ་རྟོགས།ས་དགུ་པར་སོ་སོ་ཡང་དག་རིག་པ་བཞི་ཐོབ་པས་ཆོས་ཉིད་དེ་ཡེ་ཤེས་ལ་དབང་བའི་དོན་གྱི་གནས་སུ་རྟོགས། ས་བཅུ་བར་སངས་རྒྱས་དང་འཕྲིན་ལས་མཉམ་པས་ཆོས་ཉིད་དེ་ལས་ལ་དབང་བའི་གནས་སུ་རྟོགས་པའི་ཕྱིར།

八地菩萨,通达染净无增减义,及无分别智,净佛国土自在义所依法性。九地菩萨,由得四无碍辩,故证智自在义所依法性。十地菩萨,由得事业与佛平等,故证业自在所依法性。

དྲུག་པ་ནི་ས་དང་པོ་ལ་ཡོངས་སྦྱོང་བཅུ། གཉིས་པ་ལ་བརྒྱད། གསུམ་པ་ལ་ལྔ། བཞི་བ་དང་ལྔ་བ་ལ་བཅུ་བཅུ། དྲུག་པ་ལ་བཅུ་གཉིས། བདུན་པ་ལ་ཉི་ཤུ། བརྒྱད་པ་ལ་བརྒྱད། དགུ་བ་ལ་བཅུ་གཉིས་རྣམས་སུ་ཡོད་པའི་ཕྱིར།

己六、遍净之差别;初地有十遍净,二地有八,三地有五,四地五地各有十,六地有十二,七地有二十,八地有八,九地有十二遍净。(广如大般若经及现观庄严论说)

ས་བཅུ་པའི་ཡོངས་སྦྱོང་མངོན་རྟོགས་རྒྱན་ལས་དངོས་སུ་མ་བསྟན་ཀྱང་ཡོངས་སྦྱོང་མེད་པ་མིན་ཏེ། ས་བཅུ་པ་ཐོབ་པའི་གནས་སྐབས་སུ་སྐྱོན་ཟད་ཅིང་ཡོན་ཏན་འཕེལ་བའི་སྒོ་ནས་ས་གོང་མར་བགྲོད་དགོས་པའི་ཕྱིར།

十地之遍净《现观庄严论》虽未直说,然非无遍净,获得十地之时,尽过德增门中须如上地而彰显故

[15]


བདུན་པ་ནི། ས་བཅུ་ཐོབ་པའི་གནས་སྐབས་སུ་རྨི་ལམ་གྱི་རྟགས་མི་འདྲ་བ་རེ་འབྱུང་བའི་ཕྱིར། དྲོད་ཐོབ་པ་ནས་གཉིད་སོགས་སྒྲིབ་པ་ལྔ་མེད་པར་བཤད་པས། ས་བཅུ་ཐོབ་པ་ལ་ཇི་ལྟར་རྨི་ལྟས་འོང་སྙམ་ན། བོད་སྔ་མ་ཁ་ཅིག་ཤེས་པ་གློ་བུར་བའི་ཉམས་སྣང་རྨི་ལམ་བཞིན་དུ་ཤར་བ་ཡིན་ཞེས་གསུངས།

己七、将得地相之差别(如札迦大师所造地道建立广说);将得十地之时,各有不同之梦相。有作是念:得暖顶己,尚无睡眠等五盖,得十地时云何有梦耶?藏师有云:内心忽现彼相,犹如梦境。

མཁས་པ་འགའ་ཞིག་གཉིད་མཚན་ཉིད་པ་ནི་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཤེས་པ་ཡིན་པས་དག་ས་པ་ལ་མེད་ཅེས་ཟེར། མི་འཐད་དེ། དེ་དག་ལ་ཉོན་མོངས་ཅན་གྱི་གཉིད་མེད་ཀྱང་དགེ་བའི་གཉིད་ཡོད་པའི་ཕྱིར།

有智者云:真实睡眠,是由现前错乱因缘所染污识,净地中无。皆不应理,于彼虽无染污睡眠,而有清净睡眠故。

ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། གཉིད་ལ་གཉིས་ལས་འབྱུང་བ་རང་དབང་མེད་པར་སྡུད་བྱེད་ཉེ་ཉོན་གྱི་གཉིད་མེད་ཀྱང་ཆེད་དུ་བྱིན་གྱིས་བརླབས་པས་ལུས་རྒྱས་པར་བྱེད་པ་དགེ་བར་བགྲང་བའི་གཉིད་ནི་ས་དེ་དག་ན་ཡོད་པས་སྐྱོན་མེད་དོ། །ཞེས་དང་།

《现观庄严论除意暗释》云﹕睡眠有二,虽无大种收摄不自在之随烦恼睡眠,然为加持滋养身体善随行眠,净地亦有,故无过失。

གསེར་ཕྲེང་ལས། གཉིད་ལ་ཡུལ་ལ་འཇུག་པའི་ཤེས་པ་རང་དབང་མེད་པར་བྱེད་པ་ཉོན་མོངས་ཅན་དང་། ལུས་རྟས་པར་བྱེད་པ་དགེ་བར་བགྲང་པའི་གཉིད་གཉིས་ཡོད་པས་སྔ་མ་མེད་ཀྱང་ཕྱི་མ་ཡོད་བས་སྐྱོན་མེད་དེ་ཞེས་པ་ལན་དོན་མཐུན་དང་། ཞེས་གསུངས་པའི་ཕྱིར།

《金鬘释》云﹕睡眠有二,谓心于境不自在转染污睡眠,与滋养身善随行眠,前无后有,故无过失。此答顺理。

ས་འོག་མ་ནས་གོང་མར་འཕོ་བའི་ཚུལ་ཡང་ཡོད་དེ།ས་འོག་མ་འོག་མ་ནས་གོང་མ་གོང་མར་འཕོ་བའི་ཚེ་མཉམ་བཞག་ནས་མཉམ་བཞག་ཏུ་འཕོ་བ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་ས་དང་པོར་འཕོ་བ་ནས་བརྩམས་ཏེ་རྒྱུན་མཐའི་བར་ཆད་མེད་ལམ་ནས་རྣམ་མཁྱེན་སྐད་ཅིག་དང་པོར་འཕོ་བའི་བར་དེ་ཡིན་པའི་ཕྱིར།

从下诸地,转入上地之理,谓下下地,转入上上地时,是由等至转入等至,从加行道世第一法上品,转入初地,乃至等觉无间道转入第一刹那一切种智,皆如上故。

སྨྲས་པ། ཐར་ལམ་གསུམ་གྱི་ཐེམ་སྐས་ལ་བརྟེན་ནས། །བྱང་ཆུབ་གསུམ་གྱི་ཁང་བཟང་བགྲོད་པའི་ཚུལ། །

རང་བཟོ་སྤངས་ཏེ་རྣམ་དཔྱོད་ཞིབ་མོ་ཡིས། །ཤིང་རྟ་ཆེན་པོའི་གཞུང་བཞིན་གསལ་བར་བཀོད། །

依三解脱道为梯,往三菩提微妙宫,

远离臆造审观察,如大车教而明立。

དགེ་བས་མཁའ་མཉམ་ལུས་ཅན་མ་ལུས་པ།།ཐེག་མཆོག་གོ་གྱོན་ཤེས་རབ་མཚོན་ཐོགས་ནས། །

བདུད་བཞིའི་དགྲ་སྡེ་མ་ལུས་ཀུན་བཅོམ་སྟེ། །སྐུ་གསུམ་ནོར་བུའི་ཁྲི་ལ་འཁོད་གྱུར་ཅིག །

善施尽空诸有情,擐大乘甲持慧剑,

尽降无余诸魔军,安住三身摩尼座。

ཅེས་ས་ལམ་གྱི་རྣམ་བཞག་ཐེག་གསུམ་མཛེས་རྒྱན་ཞེས་བྱ་འདི་ནི། ཨ་ལག་ཤཱ་ནས་བྱང་ཕྱོགས་སྐྱེ་དགུའི་འདྲེན་མཆོག་དམ་པར་གྱུར་པ་ཀུན་གྲོལ་ནོ་མོན་ཧན་རིན་པོ་ཆེས། བཀྲ་ཤིས་པའི་ལྷ་རྫས། དངུལ་གྱི་མཎྜལ་བཅས་བསྐུལ་ངོར།བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་སྦྱར་བའོ། །

地道建立

民国二十五年六月十四日译西藏拉萨





[1]由大悲他自在转。



[2]无色八地是色界四静虑与无色四静虑。



[3]འགྲེལ་བར་དོན་གསལ།《显明义释》



[4]是指忍位,忍位不去恶趣,度众生需要度恶趣众生。



[5]向果。



[6]信地。



[7]能证也可译为能作。



[8]亦可译为:正确之心。



[9]也可译为:遍计。



[10]瑜伽行中观自续派认为,退心的菩萨在声闻时有二取空的功德。



[11]证空性智。



[12]近取因。



[13]应是:能往。



[14]应该为道



[15]此段原译汉文中无,是编辑者补译。


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།