སྒྲོལ་མ་ཉེར་གཅིག་གི་རྣམ་བཤད། 二十一度母礼赞文注释藏汉对照

    སྤེལ་དུས།  2019-07-29 08:20:14         ཀློག་ཐེངས།  

༄༅ །།སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་རྣམ་བཤད་བཞུགས་སོ།།

                    二十一度母礼赞文注释

                第二世DL喇嘛根登加措注释


༄༅།།ཨོཾ་བདེ་ལེགས་སུ་གྱུར་ཅིག  ན་མོ་ཨཱརྱ་ཏཱ་ར་ཡེ།།

འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་བའི།།རྗེ་བཙུན་མ་ལ་ཕྱག་འཚལ་ནས།།

   དེ་ཉིད་བསྟོད་པའི་ཚིགས་སུ་བཅད།།ཉི་ཤུ་རྩ་གཅིག་དབྱེ་བར་བྱ།།

愿皆成就悉吉祥,顶礼圣者救度母,

从有海中度众生,顶礼至尊度母已。

度母赞颂之颂辞,差别分为二十一。

འདིར་རྗེ་བཙུན་མ་སྒྲོལ་མ་ལ་བསྟོད་པའི་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་དོན་ཅུང་ཟད་བཀྲོལ་ན།འདི་ལ་གཉིས།བསྟོད་པ་དངོས་དང༌།དེའི་ཕན་ཡོན་བཤད་པའོ།།

此中,略释至尊度母赞颂顶礼之义分二,正行赞叹与释赞之利益。

དང་པོ་ལ།ཕྱག་འཚལ་བའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཅིག་ཡོད་པ་ལས།

初正行赞叹中:礼赞二十一颂云;

ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།

嗡!顶礼至尊圣度母

ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།།སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།།

འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེ་སར་བྱེ་བ་ལས་ནི་བྱུང་མ།།

敬礼救度勇速母,目如剎那闪照母,

三域怙主莲花面,花蕊绽放出生母。

དང་པོ་ནི།ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།།ཞེས་སོགས་ལ།ཕྱག་འཚལ་ལོ་ཞེས་དྲང[1]་ངོ།།གང་ལ་ན།འགྲོ་བ་ཀུན་འཁོར་བ་ལས་སྒྲོལ་བའི་སྒྲོལ་མ་ལའོ།།དེ་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན།མྱུར་མ་སོགས་ཏེ།ཐུགས་རྗེས་སེམས་ཅན་གྱི་དོན་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པའི་འཕྲིན་ལས་མྱུར་བས་ན་མྱུར་མ།གཞན་རྒྱུད་ཀྱི་ཉོན་མོངས་དང་བདུད་སྡེ་འཇོམས་པས་ན་དཔའ་མོ།།

一、谓引:“敬礼救度勇速母等一颂。”顶礼何耶?谓敬礼从轮回中救度一切众生之度母。彼具有何等功德耶?谓勇速母等,由大悲心故虽刹那亦不放逸,速行利益一切有情事业故谓速母,能摧毁余众生心续中之烦恼与魔部,故谓勇母。

སྤྱན་ནི་འོད་ཤིན་ཏུ་གསལ་བས་སྐད་ཅིག་གི་གློག་འཁྱུག་པ་དང་འདྲ་བའི་སྒྲོལ་མ་ལའོ།།

 目者非常明亮,犹如刹那闪照之度母。

དེ་གང་ལས་འཁྲུངས་ཞེ་ན།འཇིག་རྟེན་གསུམ་མགོན་སོགས་ཏེ།ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་གྱི་མགོན་པོ་ནི་སྤྱན་རས་གཟིགས་སོ།།དེའི་ཞལ་གྱི་དཀྱིལ་འཁོར་ལ་གནས་པའི་སྤྱན་གྱི་ཆུ་སྤྱན་ཆབ་ལས་སྐྱེས་པའི་པད་མོའི་གེ་སར་བྱེ་བ་ལས་སྒྲོལ་མ་དེ་བྱུང་བའོ།།

彼从何处生耶?“三域怙主莲花面”;三域怙主是指地下、地上、天界的怙主观世音菩萨;他的面庞圆满,眼中流出泪水,泪中生出莲花,花蕊绽放出生度母。

ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། ། གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །

སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །

礼敬朗秋如皓月,百叠迭辉满容母,    

如千星宿皆聚集,显放威光灿然母。

གཉིས་པ་ནི། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་དུ། ། ཞེས་སོགས་ཏེ། ཕྱག་འཚལ། གང་ལ་ན། སྟོན་ཀའི་ཟླ་བ་ཉ་ཀུན་དུ་གང་བ་བརྒྱ་ཐམ་པ་ནི་བརྩེགས་པ་ལྟ་བུར་མཆོག་ཏུ་དཀར་ཞིང་མཛེས་པའི་ཞལ་རས་དང་ལྡན་མ། དེ་ལ་ཡང་སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས་རབ་ཏུ་བྱེ་བ་སྟེ་བརྒྱན་པ་ལྟ་བུའི་འོད་དཀར་པོ་རབ་ཏུ་འབར་བའི་སྒྲོལ་མ་ལའོ། །

二:谓引:礼敬朗秋如皓月等一颂。顶礼何耶?谓敬礼犹如一百圆满秋月重叠,迭辉光芒洁白,面容俊美之母,彼又犹如成千星宿汇聚,无比庄严肃穆,显放白色威光,极度灿然之度母

ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི།          པདྨས་ཕྱག་ནི་རྣམ་པར་བརྒྱན་མ།།      
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ[2]།།      བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ།།

礼敬紫金水中生,妙莲花手庄严母,布施精进息苦行,安忍禅定行境母,
    གསུམ་པ་ནི། ཕྱག་འཚལ། གང་ལ་ན། འཛམ་བུ་ཆུ་བོའི་གསེར་ལྟར་མཛེས་ཤིང༌། ཅུང་ཟད་སྔོ་བའི་ཁ་དོག་ཅན། ཆུ་ནས་སྐྱེས་པའི་པད་མའི་ཕྱག་མཚན་གྱིས་ཕྱག་ནི་རྣམ་པར་བརྒྱན་པའི་སྒྲོལ་མ་ལའོ། །

三:顶礼何耶?谓敬礼以瞻部洲河金庄严,略带蓝色(紫磨金身),从水而生,妙莲花手,最胜庄严之度母。         

དེ་འདྲ་བའི་སྒྲོལ་མ་དེ་ཡང་སྦྱིན་པའི་ཕར་ཕྱིན་དང༌། དེ་བཞིན་དུ་བརྩོན་འགྲུས་དང༌། དཀའ་ཐུབ་སྟེ་ཚུལ་ཁྲིམས་དང༌། དེ་ཡང་ཉོན་མོངས་པ་ཞི་བར་བྱེད་པའོ། །

如是度母,彼已布施到彼岸,如是精进、难行戒律,此复能熄灭烦恼。

ཡང་ན་ཉོན་མོངས་པ་བག་ཆགས་དང་བཅས་པ་ཞི་བ་སྟེ་སྤངས་པ་དང༌། བཟོད་པ་དང༌། བསམ་གཏན་དང༌། དེ་ཁོ་ན་ཉིད་ཀྱི་སྤྱོད་ཡུལ་ཅན་གྱི་ཤེས་རབ་ཀྱི་བར་གྱི་ཕར་ཕྱིན་ཏེ། ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ཡིན་ནོ་ཞེས་པའོ། །

     又复,熄灭烦恼以及习气,断、安忍、禅定、智慧到彼岸,是圆满六种般若密多之主。

          ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། ། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །

མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། ། རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །

礼敬如来胜顶髻,能伏一切胜行母

获得无余波罗密,佛子至极依止母。

བཞི་པ་ནི། ཕྱག་འཚལ། གང་ལ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་གཙུག་ཏོར་ལྟར་མཆོད་པའི་གནས་སུ་གྱུར་ཅིང༌། བདུད་དང་ཕས་ཀྱི་རྒོལ་བ་མཐའ་ཡས་པ་ལས་རྣམ་པར་རྒྱལ་བར་སྤྱོད་པའི་སྒྲོལ་མ་ཕ་རོལ་ཕྱིན་པ་བཅུ་དང༌། ས་བཅུ་མ་ལུས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུལ་དུ་གྱུར་པས་དེ་རྣམས་གྱིས་གུས་པས་ཞབས་ཤིན་ཏུ་བསྟེན་པའི་སྒྲོལ་མ་ལའོ། །

     四: 顶礼何耶?谓敬礼如一切如来之顶髻最圣供处,能伏一切魔与怨敌之胜行度母。获得超越无余十种般若密多,到达十地,是一切佛子菩萨之境,因此彼等致心恭敬,至极依止度母。

ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །

འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །

敬礼嘟打惹吽字,欲界方空充满母,以足压伏七世间,悉能勾摄无余母。

ལྔ་པ་ནི།ཕྱག་འཚལ་ཏུཏྟཱ་རེ་སོགས་ཏེ།ཕྱག་འཚལ།གང་ལ་ན།ཏུཏྟཱ་རེ་ཧཱུཾ་ཞེས་པའི་རིག་སྔགས་ཀྱི་ཡི་གེ་འདི་ཉིད་ཀྱི་འོད་་ཟེར་གྱིས་འདོད་པའི་ཁམས་དང༌།ཕྱོགས་ཏེ་གཟུགས་ཀྱི་ཁམས་དང་ནམ་མཁའ་སྟེ་གཟུགས་མེད་པའི་ཁམས་གང་བར་མཛད་ནས།འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། དེ་ཐམས་ཅད་རིག་སྔགས་ཀྱི་མཐུས་ལུས་པ་མེད་པར་དབང་དུ་འགུགས་པའི་མཛད་པའི་སྒྲོལ་མ་ལའོ། །

      五:“敬礼嘟打惹”等,顶礼何耶?谓礼敬“嘟打惹吽”之明咒文字之光,充满遍照欲界,方者谓色界,空者无色界(咒光充满遍照三界),“以足压伏七世间”者,谓以明咒神力,能作自在召摄一切众生之度母。

     འཇིག་རྟེན་བདུན་པོ་ནི་འདོད་ཁམས་ཀྱི་འགྲོ་བ་རྒྱུད་ལྔ། དེ་སྟེང་དུ་ཁམས་གོང་མ་གཉིས་བསྣན་པས་བདུན་ཡིན་ནོ་ཞེས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་བཤད། འགའ་ཞིག་འགྲོ་བ་རིགས་དྲུག་སྲིད་པ་བར་དོ་དང་བདུན་ཡིན་ཟེར་རོ། །

   七世间者,至尊名称幢释谓:欲界之众生流转有五,加上彼上之二界(色、无色),故是七也。有人说:“六道加上中阴界,共七。”

ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། ། རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །

འབྱུང་བོ་རོ་ལངས་དྲི་ཟ་རྣམས་དང༌། ། གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །

敬礼帝释火梵天,风神自在供母,部多起尸寻香等,药叉众皆礼赞母。

དྲུག་པ་ནི། ཕྱག་འཚལ། གང་ལ་ན། ལྷའི་དབང་པོ་བརྒྱ་བྱིན་དང༌། མེ་ལྷ་དང༌། ཚངས་པ་དང༌། རླུང་ལྷ་དང༌། སྣ་ཚོགས་དབང་ཕྱུག་སྟེ་དབང་ཕྱུག་ཆེན་པོ་སྟེ་འཇིག་རྟེན་གྱི་ལྷ་ཆེན་པོ་དེ་དག་གིས་མཆོད་པའི་གནས་སུ་གྱུར་ཅིང༌།ཚོགས་ཀྱི་བདག་པོ་ལ་སོགས་པས་འབྱུང་བོ་རྣམས་དང༌།དུར་ཁྲོད་ན་གནས་པའི་རོ་ལངས་རྣམས་དང༌།ཟུར་ཕུད་ལྔ་པ་ལ་སོགས་པའི་དྲི་ཟ་རྣམས་དང༌། རྨུགས་འཇིན་ལ་སོགས་པའི་གནོད་སྦྱིན་གྱི་ཚོགས་རྣམས་ཀྱིས་སྒྲོལ་མ་གང་གི་མདུན་ནས་སྒྲོལ་མ་ལའོ། །

六:  礼敬何耶?谓礼敬如大自在、帝释、火神, 梵天,风神、各种自在天等世间大神所供奉处,如毗那夜迦(象鼻天)、部多、尸陀林之起尸、五髻者等之寻香,财神等之药叉,皆对度母恭敬赞颂,敬礼度母。

ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །

གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །

礼敬呼遮作呸母,极摧敌方幻轮母。右屈左伸足压伏,猛烈火焰炽燃母。

བདུན་པ་ནི།ཕྱག་འཚལ།གང་ལ་ན།ཞལ་ནས་ཏྲད་ཅེས་བྱ་བ་དང་ཕཊ་ཅེས་བྱ་བ་ལ་སོགས་པའི་དྲག་པོའི་སྒྲ་སྐད་ཀྱིས་ཕ་རོལ་གྱི་བསམ་སྦྱོར་ངན་པས་གཞན་ལ་གནོད་པའི་འཁྲུལ་འཁོར་གྱི་སྦྱོར་བ་ངན་པ་ཐམས་ཅད་རབ་ཏུ་འཇོམས་པར་མཛད་པའི་སྒྲོལ་མ་ལའོ།།

七、顶礼何耶?谓敬礼口念,啪威猛之声,能摧毁一切怨敌之恶计加行及以幻化轮恶行损害他人之度母。

གཡས་བསྐུམས་ཤིང་གཡོན་བརྐྱང་བའི་ཞབས་ཀྱི་བཞུགས་སྟབས་ཀྱིས་འཇིག་རྟེན་བདུན་པོ་མནན་ཏེ་མེ་དཔུང་འབར་ཞིང་འཁྲུག་པ་ཤིན་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པའི་སྒྲོལ་མ་ལའོ། །

腿以右屈、左伸之足姿,压伏七世间一切怨敌,住于火聚,熊熊火轮中央之度母。

ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། ། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །

ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། ། དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །

敬礼覩惹大怖畏,能灭一切凶魔母,莲花面容现颦眉, 无余摧坏仇怨母。

བརྒྱད་པ་ནི།ཕྱག་འཚལ།གང་ལ་ན།ཏུ་རེ་ཞེས་སོགས་འཇིགས་པ་སེལ་བའི་གསུང་བསྒྲགས་པ་ཙམ་གྱིས་འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ལས་སྐྱོབ་ཅིང༌།བདུད་ཀྱི་དཔའ་བོ་སྟེ་ལྷའི་བུའི་བདུད་ལ་སོགས་པ་བདུད་བཞི་པོ་རྣམ་པར་འཇོམས་པའི་སྒྲོལ་མ་ལ་སོགས་ཆུ་སྐྱེས་རྒྱས་པ་ལྟར་མཛེས་པའི་ཞལ་ནི་ཁྲོ་གཉེར་དང་ལྡན་པའི་ཁྲོ་མོའི་རྣམ་པར་མཛད་ནས་ཉོན་མོངས་པ་ལ་སོགས་པའི་དགྲ་བོ་ཐམས་ཅད་མ་ལུས་པ་གསོད་པར་མཛད་པའི་སྒྲོལ་མ་ལའོ། །

八、敬礼何耶?谓 “覩惹”等,是敬礼诵消除怖畏之声者,能救度八种怖畏等以及摧坏魔王、天子魔等四魔之度母。如莲花盛开之脸,成就忿怒之忿母,作是形相,是能无余摧坏烦恼等一切敌人之度母。

ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། ། སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །

མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །     རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །

敬礼手指结于心,三宝印相庄严母,

诸方皆以轮庄严,自之光聚炽燃母。

དགུ་པ་ནི།ཕྱག་འཚལ།གང་ལ་ན།ཕྱག་གཡོན་པའི་མཐེབ་སྲིན་གྱིས་ཐུགས་ཀར་ཨུཏྤལ་འཛིན་ཅིང༌།དཀོན་མཆོག་གསུམ་མཚོན་པའི་བརྡར་མཛུབ་མོ་གུང་མོ་མཐེའུ་ཆུང་སྟེ་སོར་མོ་གསུམ་སྒྲེང་བའི་ཕྱག་རྒྱས་ཐུགས་ཀར་རྣམ་པར་བརྒྱན་པའི་སྒྲོལ་མ་མ་ལུས་ཕྱོགས་ཀྱི་སྟེ་ཕྱོགས་ཐམས་ཅད་ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་ཕྱག་གི་མཐིལ་འཁོར་ལོས་བརྒྱན་པའི་ཆ་ལས་འཕྲོས་པའི་རང་གི་འོད་ཀྱི་ཚོགས་རྣམས་རབ་ཏུ་འཁྲུགས་པས་གང་བར་མཛད་ཅིང་འོད་གཞན་ཐམས་ཅད་ཟིལ་གྱིས་གནོན་པར་མཛད་པའི་སྒྲོལ་མ་ལའོ། །

九、敬礼何耶?谓敬礼左手拇指与无名指执持青莲花於心间,食指拇指小指三指竖立心间,结成三宝手印,相貌庄严之度母,一切处一切方,以右手结胜施手印,法轮庄严之掌中放光,自之光聚炽燃圆满,故是映覆一切其余光聚之度母。

ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །  དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །

བཞད་པ་རབ་བཞད་ཏུ་ཏྟཱ་ར་ཡིས། །   བདུད་དང་འཇིག་རྟེན་དབང་དུ་མཛད་མ། །

敬礼威德极显赫,顶饰光鬘增悦母,

展颜极笑嘟打惹,摄伏世间众魔母。

བཅུ་པ་ནི། ཕྱག་འཚལ། གང་ལ་ན། འགྲོ་བའི་རེ་བ་སྐོང་བས་རབ་ཏུ་དགའ་བ། གཞན་ཟིལ་གྱིས་གནོན་པས་བརྗིད་ཆགས་པའི་རིན་པོ་ཆེའི་དབུ་རྒྱན་འོད་ཀྱི་ཚོགས་འཕྲོ་བ་དང༌། རིན་པོ་ཆེའི་ཕྲེང་བ་སྤེལ་བས་བརྒྱན་པའི་སྒྲོལ་མ། སྔགས་ཀྱི་བཞད་པ་སྟེ། བཞད་མོ་རབ་ཏུ་བཞད་པའི་ཏུ་རེ་ཞེས་སོགས་ཀྱི་སྒྲ་རབ་ཏུ་བསྒྲགས་པས་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བདུད་དང༌།འཇིག་རྟེན་ཐམས་ཅད་དབང་དུ་སྡུད་པར་མཛད་པའི་སྒྲོལ་མ་ལའོ། །

十、敬礼何耶?谓敬礼增悦成办众生愿望,顶饰调伏他人威德显赫之光丽宝聚,以宝珠鬘增严之度母。以咒笑声,展颜极笑所发 “嘟惹 ”等极大咒音,故是能摄伏他化自在天之天主以及世间一切魔众之度母。

ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །

ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །

敬礼悉能召一切,守护大地诸神母,

颦眉摇动由吽字,度脱一切贫匮母。

བཅུ་གཅིག་པ་ནི། ཕྱག་འཚལ། གང་ལ་ན། ས་གཞི་སྐྱོང་བ་སྟེ། ཕྱོགས་སྐྱོང་བཅུ་ལ་སོགས་པའི་ཚོགས་རྣམས་ཐམས་ཅད་རང་ཉིད་བཀའ་ཅི་གསུང་སྒྲུབ་པའི་ཕོ་ཉར་འདོད་དགུར་འགུགས་པར་ནུས་པ་ཉིད་ཀྱི་སྒྲོལ་མ་ཞལ་ཁྲོ་གཉེར་གཡོ་བའི་ཁྲོ་མོའི་རྣམ་པར་བཞུགས་པའི་ཐུགས་ཀར་ཡི་གེ་ཧཱུཾ་གིས་མཚན་པའི་འོད་ཟེར་གྱིས་འགྲོ་བ་ཕོངས་པའི་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་བསྒྲལ་ནས་བདེ་བ་ཁྱད་པར་ཅན་ལ་འགོད་པར་མཛད་པའི་སྒྲོལ་མ་ལའོ། །

十一:敬礼何耶?守护大地者,谓十方守护神等一切众,能召摄彼令悉听自之所欲教言,愿做使者,是为度母,容颜略带颦眉摇动之忿母,心间发吽字相光芒,即能度脱一切众生贫穷痛苦,将彼安置于特殊安乐中之度母。

ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། ། བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། ། 

རལ་བའི་ཁྲོད་ན་འོད་དཔག་མེད་ལས། །  རྟག་པར་ཤིན་ཏུ་འོད་རབ་མཛད་མ། ། 

敬礼月形为冕冠,饰品悉皆极灿母,

无量光佛髻中现,恒常显发益光母。

བཅུ་གཉིས་པ་ནི། ཕྱག་འཚལ། གང་ལ་ན། ཟླ་བའི་དུམ་བུས་ཏེ་ཟླ་བ་ཕྱེད་པས་དབུ་བརྒྱན་ཅིང་དེ་ལྟར་བརྒྱན་པ་ཐམས་ཅད་ལས་འོད་དཀར་པོ་ཤིན་ཏུ་འབར་ཞིང་འཕྲོ་བའི་སྒྲོལ་མ། གང་གི་དབུའི་རལ་བའི་ཁྲོད་ནས་སངས་རྒྱས་འོད་དཔག་མེད་རིགས་བདག་གི་ཚུལ་དུ་བཞུགས་པ་ལས་དུས་རྟག་པར་སེམས་ཅན་གྱི་དོན་དུ་ཤིན་ཏུ་འོད་རབ་ཏུ་འགྱེད་པར་མཛད་པའི་སྒྲོལ་མ་ལའོ། །

十二: 敬礼何耶?谓敬礼头顶以半月形相为冕冠,是一切饰品悉皆灿烂夺目之度母。谁之顶髻之中,安住部主无量光佛,恒常发出为了众生耀眼光芒者,谓是度母。

ཕྱག་འཚལ་བསྐལ་བའི་ཐ་མའི་མེ་ལྟར། །  འབར་བའི་ཕྲེང་བའི་དབུས་ན་གནས་མ། །

གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །  དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །

敬礼犹如安住于,劫末火燃光鬘母,

右伸左屈喜悦姿,降伏一切敌军母。

བཅུ་གསུམ་པ་ནི། ཕྱག་འཚལ། གང་ལ་ན། བསྐལ་བ་ཐ་མ་སྟེ་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟར་རབ་ཏུ་འབར་བས་ཀུན་ནས་བསྐོར་བའི་འཕྲེང་བའི་དབུས་ན་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམས་པའི་སྟབས་ཀྱིས་བཞུགས་ནས་མི་མཐུན་ཕྱོགས་ཀྱི་དགྲའི་དཔུང་ནི་རྣམ་པར་འཇོམས་པའི་སྒྲོལ་མ་ལའོ། །

十三:敬礼何耶?谓敬礼安住于犹如劫末,坏劫之时,烈火光鬘之中,呈现右腿伸姿、左腿屈姿而住,降伏一切不顺品敌军之度母。

ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །

ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། ། རིམ་པ་བདུན་པོ་རྣམས་ནི་འགེམས་མ། །

敬礼手掌压地面,以及用足踩踏母,

作颦眉相以吽字,摧毁七层诸障母。བཅུ་བཞི་པ་ནི། ཕྱག་འཚལ། གང་ལ་ན། ས་གཞིའི་ངོས་ལ་སྡིགས་མཛུབ་དང་བཅས་པའི་གཡོན་པའི་ཕྱག་གི་མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་བར་མཛད་མ། ཞལ་ཁྲོ་གཉེར་ཅན། ཁྲོ་མོའི་རྣམ་པར་མཛད་པས་ཕྱག་གཡས་ཀྱི་མཐིལ་ན་ཡི་གེ་ཧཱུཾ་གི་འོད་འཕྲོས་པས་རིམ་པ་བདུན་པོ་འགེམས་ཤིང་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་བར་གཅོད་སེལ་བའི་སྒྲོལ་མ་ལའོ། །

十四:  礼敬何耶?谓礼敬左手以期克印压于地面,以及用足作踩踏之母, 面露愤怒颦眉,作愤怒母相,右手掌中吽字,发出光芒,摧毁七层,六道有情一切障碍之度母。

ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །
སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། ། སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །
敬礼乐善寂静母,涅槃寂灭行境母,
娑哈与嗡具清净,摧毁极大罪性母。
བཅུ་ལྔ་པ་ནི། ཕྱག་འཚལ། གང་ལ་ན། ཟག་པ་མེད་པའི་བདེ་བའི་རང་བཞིན་ཅན་ཡིན་པས་བདེ་མ། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པས་དགེ་མ། རྩུབ་རེག་གི་དྲི་མ་དང་བྲལ་བས་ན་ཞི་མ། མི་གནས་པའི་མྱ་ངན་ལས་འདས་པ་མཆོག་ཏུ་ཞི་བའི་སྤྱོད་ཡུལ་ཅན་ཉིད་དུ་གྱུར་པའི་སྒྲོལ་མ། སཱ་ཧཱ་དང་ཨོཾ་ཞེས་པ་དང་ཡང་དག་ལྡན་པའི་སྔགས་ཀྱི་ཡི་གེས་གཞན་རྒྱུད་ཀྱི་སྡིག་པ་དང་སྒྲིབ་པ་ཆེན་པོ་ཐམས་ཅད་འཇོམས་པར་ནུས་པའི་སྒྲོལ་མ་ལའོ། །
十五: 礼敬何耶?谓礼敬没有烦恼,具有自性安乐之安乐母,断除烦恼习气善净母;远离粗垢之寂静母。安住于无住大涅槃神圣清净所行境之度母。谓由“娑哈”与“嗡”,以及清净咒字能消除他人相续中之诸大罪障之度母。
ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། ། དགྲ་ཡི་ལུས་ནི་རྣམ་པར་འགེམས་མ། །

ཡི་གེ་བཅུ་བའི་སྔགས་ནི་བཀོད་པའི། ། རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །

敬礼遍转极欢喜,摧坏怨敌身相母,
十字密咒妙严饰,明咒吽出救度母。

   བཅུ་དྲུག་པ་ནི། ཕྱག་འཚལ། གང་ལ་ན། ཐུགས་ཀར་འཁོར་ལོའི་ལྟེ་བར་ཏཾ་ཡིག་དང་རྩིབས་རྣམས་ལ་སྔགས་ཀྱི་ཡི་གེ་ཀུན་ནས་བསྐོར་བ་རབ་ཏུ་མཛེས་ཤིང་དགའ་བ་ལས་འོད་འཕྲོས་པས་དགྲའི་ལུས་ནི་རབ་ཏུ་འགེམས་པར་མཛད་པའི་སྒྲོལ་མ།

十六: 礼敬何耶?谓礼敬于心轮中间旦ཏཾ字与辋辐密咒字母周遍围绕, 放出极其严饰欢喜光芒,最极摧毁敌身之度母。

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཱ་ཧཱ་ཞེས་པའི་ཡི་གེ་བཅུ་པའི་སྔགས་ནི་ཞི་བའི་སྔགས་ཏེ། ཐུགས་ཀའི་འཁོར་ལོ་ལ་བཀོད་པས་རིག་པ་ཧཱུཾ་ལས་སྒྲོལ་མ་སྟེ་ཁྲོ་མོའི་སྔགས། ཨོཾ་ན་མཿཏཱ་རེ་ན་མོ་ཧཱ་རེ་ཧཱུཾ་ཧཱ་རེ་སཱ་ཧཱ་ཞེས་པའི་རིག་པ་སྟེ་རིག་སྔགས་ཀྱིས་གདུག་པ་ཅན་སྒྲོལ་བ་ཉིད་དུ་མཛད་པའི་སྒྲོལ་མ་ལའོ། །

谓:嗡 打惹 嘟打惹 覩惹 莎哈十字之咒,是静息咒,心间庄严轮轴之中,从明咒“吽”字出生度母,发出愤怒母之密咒,谓 :“嗡,那摩 打惹 那摩  哈惹吽 哈惹莎哈 ”,是以明咒摧毁具恶心者之度母。

ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། ། ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །

རི་རབ་མནྡྷར་དང་འབིགས་བྱེད། །  འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ ། 

敬礼打惹速急母,足踏吽相种子母,

须弥曼陀亦穿越,动摇三有世界母。

བཅུ་བདུན་པ་ནི། ཕྱག་འཚལ། གང་ལ་ན། ཏུ་རེ་ནི་མྱུར་མ་སྟེ་སྒྲོལ་མ་ཞབས་ཀྱིས་བརྡབས་པས་ཡི་གེ ཧཱུཾ་གི་རྣམ་པའི་ས་བོན་ཉིད་ཀྱིས་སྟོང་གསུམ་གྱི་ཕྱི་རོལ་ན་གནས་པའི་རི་རབ་མན་དྷ་ར་ཞེས་པ་ཡང་འབིགས་པར་བྱེད་ཅིང་འཇིག་རྟེན་སྲིད་པ་གསུམ་རྣམས་གཡོ་བ་ཉིད་དུ་མཛད་པའི་སྒྲོལ་མ་ལའོ། །

十七: 礼敬何耶?谓礼敬打惹速急度母,足踏“吽”字相之种子字,所生威力超过三千大千世界外之须弥曼陀罗山亦能穿越,且能动摇三有世间界之度母.。

ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། ། རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། ། 

ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། ། དུག་རྣམས་མ་ལུས་པ་ནི་སེལ་མ། །  

敬礼天海形状相,手持怀兔标记母,

诵二打惹与啪字,诸毒无余灭除母。

བཅོ་བརྒྱད་པ་ནི། ཕྱག་འཚལ། གང་ལ་ན། ལྷའི་ཡུལ་གྱི་བདུད་རྩིའི་མཚོའི་རྣམ་པའི་རི་དྭགས་རྟགས་ཅན་ཏེ། རི་བོང་ཅན་ཟླ་བ་ཕྱག་ན་བསྣམས་ལ། ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེ་སྟེ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཱ་ཧཱ་ཏཱ་ར་ཏཱ་ར་ཕཊ་ཅེས་པའོ། །

དེ་ལྟ་བུའི་སྔགས་བརྗོད་པས་བརྟན་པ་དང་གཡོ་བའི་དུག་རྣམས་མ་ལུས་པར་ནི་སེལ་བའི་སྒྲོལ་མ་ལའོ། །

十八: 礼敬何耶?谓礼敬现为天界甘露海之怀兔相,手持月亮,诵二“打惹”与“啪”字者,即谓“嗡 打惹 嘟打惹 覩惹 莎哈 打惹 打惹 啪”。由诵如此咒语,是能无余消除坚固与动摇诸毒之度母。

ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་བོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །

ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས ། རྩོད་དང་རྨི་ལམ་ངན་པ་སེལ་མ། །

敬礼天众诸天王,天及非天所依母,

普皆欢喜铠威德,灭除争斗恶梦母。

བཅུ་དགུ་པ་ནི། ཕྱག་འཚལ། གང་ལ་ན། ལྷའི་ཚོགས་རྣམས་ཀྱི་རྒྱལ་པོ་ཚངས་པ་དང་བརྒྱ་བྱིན་སོགས་དང་ལྷ་ཕལ་པ་དང༌། མིའམ་ཅིའི་ཚོགས་ཐམས་ཅད་ཀྱིས་ཞབས་པད་བསྟེན་པའི་སྒྲོལ་མ་ལའོ། ། ཀུན་ནས་སྐུ་ལྷའི་རྣམ་པ་དང་སྔགས་གོ་ཆ་དགའ་བར་ཏེ་མཆོག་ཏུ་གཟི་བརྗིད་ཀྱིས་རྩོད་པ་དང་རྨི་ལམ་ངན་པ་ཐམས་ཅད་སེལ་བའི་སྒྲོལ་མ་ལའོ། །

十九、敬礼何耶?谓敬礼诸天之王、大梵天、帝释等一切天人与紧那罗非天悉皆顶戴依止之度母,普皆欢喜天身之相、咒语、铠甲,谓由最胜威德消除所有争执与恶梦之度母。

ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། ། སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །

ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། ། ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །

敬礼日月广圆满,双目光耀极明母,

诵哈惹及嘟打热,消除剧猛瘟疫母。

ཉི་ཤུ་པ་ནི། ཕྱག་འཚལ། གང་ལ་ན། ཉི་མ་དང་ཟླ་བ་རྒྱས་པས་སྤྱན་གཡས་གཡོན་གཉིས་པ་ལ་མཚོན་ཞིང་དེ་ལས་འོད་རབ་ཏུ་གསལ་བ་འབར་བ་དང༌། ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས་ཏེ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཱ་ཧཱ་ཧ་ར་ཧ་ར་ཕཊ། དེ་འདྲ་བས་རིག་སྔགས་ཀྱིས་ཤིན་ཏུ་དྲག་པོའི་རིམས་ནད་སེལ་བའི་སྒྲོལ་མ་ལའོ། །

二十、敬礼何耶?谓敬礼左右双眼犹如日月广大圆满,从彼放出无量光芒,谓口诵“惹”二字,或“嘟打惹”彼即如同诵嗡 打惹 嘟打惹 覩惹 莎哈 打惹 打惹 啪”之明咒,即是遣除十分凶猛瘟病之度母。

ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས།  ཞི་བའི་མཐུ་དང་ཡང་དག་ལྡན་མ།

གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།

敬礼庄严三字性,具寂灭力清净母,覩惹摧魔及起尸,及摧夜叉胜性母。

ཉེར་གཅིག་པ་ནི། ཕྱག་འཚལ། གང་ལ་ན། སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ་དེ་ཉིད་གསུམ་སྟེ་ཨོཾ་ཨཱཿཧཱུཾ་ཡི་གེ་རྣམས་བཀོད་པས་དེའི་འོད་ཀྱིས་ཉོན་མོངས་པ་ཞི་བར་བྱེད་པའི་མཐུ་དང་ཡང་དག་པར་ལྡན་ཞིང་འབྱུང་པོ་ལ་སོགས་པའི་གདོན་དང་རོ་ལངས་དང་གནོད་སྦྱིན་ལ་སོགས་པའི་ཚོགས་རྣམས་དང་གནོད་པ་ཐམས་ཅད་འཇོམས་པ་ལ་ཏུ་རེ་རབ་མཆོག་སྟེ་ཡི་གེ་བཅུ་པའི་སྔགས་ཀྱིས་འཇོམས་པར་མཛད་པ་ཉིད་ཀྱི་སྒྲོལ་མ་ལའོ། །

二十一、礼敬何耶?谓礼敬身语意三处安立「嗡」、「啊」、「吽」文字,彼光具有清净熄灭烦恼之能力,尤其具有最极殊胜“覩惹”十字咒语,能摧毁一切部多等魔,起尸、夜叉等众生伤害之度母。

རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང༌། །  ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །

赞叹诵此根本咒,敬礼二十一度母。

རྩ་བའི་སྔགས་ཀྱི་ཞེས་སོགས་གཉིས་ནི་བསྟོད་པ་དང་ཕྱག་འཚལ་མཐར་ཕྱིན་པའི་ཚིག་གོ། རྩ་བའི་སྔགས་ནི་སྔར་ཞི་ཁྲོའི་སྔགས་བསྟན་པ་རྣམས་ལ་རྗེ་བཙུན་གྲགས་རྒྱལ་འཆད་ཅིང༌། ཁ་ཅིག་སྒྲོལ་མའི་རྩ་སྔགས་རྐང་པ་བཞི་པ་ཅིག་སྣང་བ་ཡིན་ཟེར་ལ། འདི་དང་ཞེས་པའི་ཉེ་ཚིག་ལ་དཔགས་ན་སྔ་མ་ལྟར་ཡིན་ནམ་སྙམ་མོ། །

根本咒等二句者,是赞叹与礼拜之结束语。根本咒者至尊扎巴坚赞[3](萨迦三祖)则说是指前之“寂静咒与愤怒咒”,一些人则认为是指度母四句之根本咒,然颂文中之“此”是近指代词(是寂静咒与愤怒咒),若揣度应是如前(四句之根本咒)耶?

ལྷ་མོ་ལ་གུས་ཡང་དག་ལྡན་པའི། ། བློ་ལྡན་གང་གིས་རབ་དད་བརྗོད་དེ། །

སྲོད་དང་ཐོ་རངས་ལངས་པར་བྱས་ནས། ། དྲན་པའི་མི་འཇིགས་ཐམས་ཅད་རབ་སྟེར། །

སྡིག་པ་ཐམས་ཅད་རབ་ཏུ་ཞི་བས། ། ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །

具深信慧恭敬礼,虔诚赞叹圣度母,

从幕至晨作忆念,能济一切无怖畏,

熄灭一切诸罪业, 故摧一切诸恶趣。

གཉིས་པ་ནི། ལྷ་མོ་སྒྲོལ་མ་ལ་གུས་པ་ཡང་དག་པ་དང་ལྡན་པའི་བློ་་ལྡན་གང་གིས་རབ་ཏུ་དད་པས་བསྟོད་པ་བརྗོད་ཅིང༌། སྲོད་ལ་ནི་ཁྲོ་མོའི་སྐུ་དང་ཐོ་རངས་ལངས་པར་བྱས་ནས་ཞི་བའི་སྐུར་དྲན་པས་འཇིགས་པ་ཐམས་ཅད་ལས་སྐྱོབ་པས་མི་འཇིགས་པ་ཐམས་ཅད་རབ་ཏུ་སྟེར་རོ། །

第二、具足清净恭敬之心,诚心礼赞,天女度母之具慧人,从夜幕之时,主要忆念忿怒尊之身,黎明起时,主要忆念寂静之身,因此能得一切世间救护,能得一切无畏。

དེར་མ་ཟད་ངན་འགྲོའི་རྒྱུ་སྡིག་པ་ཐམས་ཅད་རབ་ཏུ་ཞི་བ་སྟེ་ཟད་པར་འགྱུར་ཞིང༌། འབྲས་བུ་ངན་འགྲོའི་སྡུག་བསྔལ་ཐམས་ཅད་འཇོམས་པ་ཉིད་མཛད་དོ། །

不仅如此,既是恶趣之因,一切罪业亦被灭除,恶趣苦果悉被摧尽无余。

རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །  མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །

འདི་ལས་ཆེ་བ་ཉིད་ནི་འཐོབ་ཅིང༌། ། སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །

七俱胝之诸佛陀,速急能授与灌顶,此生能得大殊胜, 究竟趣入佛果位。

དེ་ཡིས་དུག་ནི་དྲག་པོ་ཆེན་པོ། ། བརྟན་གནས་པའམ་གཞན་ཡང་འགྲོ་བ། །

ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང༌། ། དྲན་པས་རབ་ཏུ་སེལ་བ་ཉིད་འཐོབ། །

障彼猛烈诸毒药,长时或者余众生,或诸毒食或毒饮,由念度母尽消除。

གདོན་དང་རིམས་དང་དུག་གིས་གཟིར་བའི། ། སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །

སེམས་ཅན་གཞན་པ་རྣམས་ལ་ཡང་ངོ༌། །

断除鬼魅或瘟疫,由毒痛之诸痛苦,以及其他诸有情。

རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། ། ཚེ་འདི་ཉིད་ལ་ཡང་ད་ལྟའི་གནས་སྐབས་འདི་ལས་ཆེ་བ་སྟེ་ཁྱད་པར་དུ་འཕགས་པ་འཐོབ་ཅིང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མཐར་ཐུག་པ་དེར་འགྲོ་བ་སྟེ་གོ་འཕང་དུ་མྱུར་དུ་འཐོབ་ལ།

    七俱胝佛迅速授与灌顶,今生能得现前增上之业,由此殊胜辗转增上,最终迅能到达最究竟佛果宝位。

དེ་འཐོབ་པ་ལ་བར་དུ་གཅོད་པའི་དུག་ནི་དྲག་པོ་ཆེན་པོ་རྐུན་པོ་དང་ཤ་ཟ་སོགས་དང༌། བརྟན་གནས་པ་སྟེ་རྟག་པར་གནོད་པ་དང༌། གཞན་ཡང་འགྲོ་བ་སྦྲུལ་ལ་སོགས་པའི་གནོད་པ་ལས་སྐྱོབ་ཅིང༌། ཟོས་པ་དང་འཐུངས་པ་ལ་སོགས་པའི་དུག་ཉིད་ཀྱང་དྲན་པ་ཙམ་གྱིས་རབ་ཏུ་སེལ་བ་ཉིད་ཐོབ་ཅིང༌། གདོན་དང་རིམས་དང་ཕྱི་ནང་གི་དུག་གིས་གཟིར་བའི་སྡུག་བསྔལ་དང་ཉེར་འཚེའི་ཚོགས་ནི་རྣམ་པར་སྤོང་ཞིང་སེམས་ཅན་རང་ལས་གཞན་པ་རྣམས་ལ་ཡང་ཕན་ཡོན་དེ་ལྟ་བུ་འབྱུང་ངོ། །

于此证得中间,障碍剧毒、盗贼、魔鬼等,坚固能作长时损坏,或诸蛇毒等对有情之伤害,亦得救护。

忆念度母,虽食饮等猛毒,亦能迅速消除。鬼魅、瘟疫、内外诸毒,逼恼之苦以及伤害,尽得断除,有情自他诸余功德胜利,即时能现。

གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། ། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང༌། །

ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ། ། འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། །

བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །

昼夜三时诵七次,欲求孩童得孩童,欲求财宝得财富,一切所欲皆能得,

 一切障碍不能侵。

རྗེ་བཙུན་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོས་བསྟོད་པ་གསུངས་པ་རྫོགས་སོ། །

至尊度母清净圆满之赞由毗卢遮那佛圆满赞颂尽。

དེ་ལྟར་ན་འདིར་ནི་འབྲུ་སྣོན་ཙམ་ཞིག་རང་བཟོ་སྤངས་ཏེ་བཀོད་ལ། སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བརྟེན་པའི་ཇོ་བོ་ཆེན་པོ་དང༌། སློབ་དཔོན་ཉི་མ་སྦས་པ་སོགས་ལས་བརྒྱུད་པའི་སྒྲུབ་ཐབས་དང་ལས་ཁ་ཚར་སོགས་མང་དུ་སྣང་ཡང་རེ་ཞིག་ལ་དེ་ཙམ་མོ། །

如是,此中文字,非由自臆造作,是依大觉窝(阿底峡尊者)、以及阿阇黎尼玛呗哇尊者等传来众多二十一度母修习仪规与众多事业(息、增、怀、诛)等亦暂时仅作如是解释。

རྗེ་བཙུན་སྒྲོལ་མ་འཕྲིན་ལས་ཀྱི་ལྷ་ཡིན་པས་རྒྱལ་བའི་འཕྲིན་ལས་དར་ཞིང་རྒྱས་པའི་ཆེད་དུ་གསོལ་བ་གདབ་པ་གཅེས་སོ། །

至尊度母是殊胜事业之尊,因此能使佛之事业广大增长,吾等应当虔诚祈请。

རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་རྣམས། ། མཛེས་སྡུག་ལྷ་མོའི་གཟུགས་ཀྱིས་ངོམ་པ་གང༌། །

མར་གད་ལྗོན་པ་བསྐྱོད་པའི་ཟློས་གར་ལ། ། དད་པའི་འདྲེན་བྱེད་བུང་བ་རབ་བཀོད་དེ། །

无边诸佛悲智化,端严度母自耀身,如绿玉树起舞蹈信心眼如蜜蜂居,

ཉི་ཤུ་རྩ་གཅིག་འདབ་འཕྲེང་གཡོ་བ་ལས། ། སྙིང་པོ་སྦྲང་རྩིའི་ཟིལ་དངར་འདི་བླངས་པས། །

མཐའ་དག་འགྲོ་འདི་རྒྱལ་ཡུམ་དགེ་མ་དེའི། ། དྲིན་ལས་ཆོས་སྐུའི་དབྱིངས་ལ་འཁྲིད་གྱུར་ཅིག།

廿一瓣叠曳摇动,花芯金蜂甘露吮,无边众生忆佛母,由法身界祈提携。

ཅེས་ཕྱག་འཚལ་ཉེར་གཅིག་གི་རྣམ་བཤད་འདི་ནི་དོན་གཉེར་ཅན་དུ་མས་བསྐུལ་བའི་ངོར་ཆོས་སྨྲ་བའི་བཙུན་པ་དགེ་བདུན་རྒྱ་མཚོ་དཔལ་བཟང་པོས་རྔ་ཆེན་གྱི་ལོ་སྣྲོན་གྱི་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་རྒྱལ་མཚན་ལྷུན་པོའི་དབེན་གནས་སུ་སྦྱར་བའོ། ། ཤུབྷཾ།

此二十一度母礼赞文释,是具希求者多次鼓动劝请由说法师贤善更登加措(二世DL喇嘛)于壬戌年闰五月上弦八日,于扎什伦布寺寂静处著。

                                          二〇一六年三月二十二日星期二初稿,译于武汉灵泉寺。

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཱ་ཧཱ།།

打惹 嘟打惹 覩惹 莎哈



[1] དྲངས

[2] ཞི་མ

[3]  萨迦派第三祖扎巴坚赞(1147——1216年),据史料记载,札巴坚赞十三岁多就担任萨迦寺寺主,为寺不断发展、壮大,主持建造萨迦旧寺大殿,用金汁书写大藏经甘珠尔部。总之,札巴坚赞将广大信徒布施财物,全部用于建造佛像、佛殿、佛塔,或分发给贫困农牧民,因此担任萨迦寺寺主,达五十七年后去世时,只留下一个坐垫,一套袈裟,别无它物,是一个戒律清净的高僧。

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།