ཆོས་རྒྱལ་ཕྱི་སྒྲུབ་ཀྱི་བསྟོད་པ་རྒྱས་པ་བོད་རྒྱ་ཤན་སྦྱོར།(般若波罗蜜多心经藏汉对照)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-18 17:37:03     རྩོམ་པ་པོ།   དོར་ཞིས་བསྒྱུར།    ཀློག་ཐེངས།  

6db9e88.jpg


༄༅། །ཆོས་རྒྱལ་ཕྱི་སྒྲུབ་ཀྱི་བསྟོད་པ་རྒྱས་པ་བཞུགས་སོ།阎罗法王祷辞


多识仁波切 译


༄༅། །ཧཱུཾ་འཆི་བདག་ནག་པོའི་ལྷོ་ཕྱོགས་ཀྱི།།

རིམ་པ་བདུན་གྱི་ས་འོག་ན། །

སྲོག་ལ་རྔམས་པའི་གཤིན་རྗེ་ནི། །

ནག་པོ་མ་ཧེའི་གདན་སྟེང་དུ།།吽!

黑恶死神在南方,七重地下铁城中,

嗜好摧命之阎罗,黑水牛之坐骑上,

ཡ་ལས་བྱུང་བའི་དབྱུག་པ་ནི། །

ཐོད་པའི་མཚན་མ་ལས་བྱུང་བ། །

གཏིང་ནས་ཁྲོས་པ་མ་ཧེའི་གདོང་།།

ཟ་བྱེད་ཞལ་གདང་མཆེ་བ་གཙིགས། །

雅字化生之法器,骷髅尸杖所变身,

凶狠暴怒水牛头,大张巨口龇獠牙,

ཁྲོས་པའི་སྤྱན་རྩ་དམར་བོར་འཁྲིགས། །

སྐྲ་སེར་སྨ་ར་གྱེན་དུ་བརྫེས།།

ལག་གཡོན་ཞགས་པས་དགྲ་བགེགས་འཆིང་། །

གཡས་པས་དབྱུག་པས་རྡུལ་དུ་རློགས། །

怒目圆睁闪红光,赤黄须发皆倒刺,

左手握索缚邪恶,右手尸杖使粉身,

ཆོས་ཀྱི་རྒྱལ་བོ་གཤིན་རྗེ་ཚོགས།།

བྲན་དང་བཅས་པས་དུས་ལ་བབས། །

མ་མོ་ཆེན་མོ་ཙཱ་མུནྜྀ། །

རྩེ་གསུམ་ཐོད་ཁྲག་འཛིན་མཛད་པ། །

法王及其阎罗众,明妃鬼母杂萌志,

执三叉与颅器者,部众已到效力时,

ཤ་ཆེན་ཁྲག་ཞག་ཆེན་པོ་ཡི།།

གཏོར་མ་རྒྱ་མཚོའི་མཆོད་པ་བཞེས། །

རྒྱལ་བས་བསྒོས་པའི་དམ་ཚིག་དང་། །

སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ།།

请享人血与人肉,所制丰盛如海食。

勿忘佛祖授命事,悲悯迅速灭魔敌,

སྡང་བའི་དགྲ་དང་གནོད་པའི་བགེགས། །

བདུད་དང་བར་དུ་གཅོད་པ་རྣམས། །

ཟུངས་ཤིག་འཆིངས་ཤིག་རྣམ་པར་སྡོམ།།

ཁུག་ཅིག་དྲོངས་ཤིག་དབང་དུ་བསྡུས། །

挑衅怨敌危害障,邪魔作祟者之类,

追捕擒拿上索链,引度钩摄使慑服,

སོད་ཅིག་དཀྲོད་ཅིག་རེངས་བར་གྱིས། །

ཐུལ་ཤིག་ཆོམས་ཤིག་རྣམ་པར་བཤིགས།།

རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །

杀伐驱逐令僵瘫,分割镇慑使昏绝,

调伏摧破消灭尽,绝迹不留一微尘。

ཨོཾ་ཀཱ་ལ་རུ་བ་ཧཱུཾ་ཕཊཿ  ཨོཾ་ཙ་མུན་ཊ་ཧཱུཾ་ཕཊཿ

嗡嘎拉如瓦吽派,娇,杂萌志吽派。

འཇམ་དཔལ་བཀའ་གཉན་བསྟན་སྲུང་ནི།།

དམ་ཅན་ཆོས་ཀྱི་རྒྱལ་བོ་སྟེ། །

ཞལ་གཅིག་ཕྱག་གཉིས་འཇིགས་གཟིགས་ཅན། །

མགོན་པོ་ཁྱོད་ལ་བདག་བསྟོད་དོ།།

从命文殊护教者,守誓法王阎摩主,

一面二臂恐怖相,怙主我今致赞礼。

         རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།