དགའ་ལྡན་ལྷ་བརྒྱ་མ་བོད་རྒྱ་ཤན་སྦྱོར།(宗喀巴上师瑜伽修习法藏汉对照)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2016-12-01 22:28:58     རྩོམ་པ་པོ།   དཔའ་རིས་བློ་བཟང་རྒྱ་མཚོས་བསྒྱུ    ཀློག་ཐེངས།  

 

567315400466241022.jpg

 

༄༅།།དགའ་ལྡན་ལྷ་བརྒྱ་མ་བཞུགས་སོ།། 兜率天宗喀巴上师瑜伽修习法

དཔའ་རིས་བློ་བཟང་རྒྱ་མཚོས་བསྒྱུར།

 华锐•罗桑嘉措 译

南无格日曼孜郭卡雅

དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །

རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །

ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །

སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །

从那兜率天众依怙心,

犹如洁白新酪聚云端,

三界法王遍知宗喀巴,

以及弟子愿临此地方!

མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌། །

རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན། །

བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །

བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། །

面前空中狮子莲月上,

至尊上师欢喜含笑颜,

我意殊胜信仰福田中,

为宏圣教祈愿住百劫!

ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །

སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང༌། །

གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །

མཐོང་ཐོས་དྲན་པས་དོན་ལྡན་ལ་ཕྱག་འཚལ། །

遍测所知范畴智慧意,

成为贤缘耳饰善说语,

普称美德赫耀庄严身,

拥有见闻觉义我顶礼!

ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང༌། །

དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །

དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །

བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ། །

悦意供德各种妙鲜花,

馥郁熏香灯明香水等,

实陈意化此诸供云海,

献给殊胜福田师长您!

གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། །

ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང༌། །

ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །

སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །

凡从无始时来所积集,

身语意之所有不善业,

尤其三律仪之诸违品,

经由至心痛切一一忏!

སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །

ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། །

མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །

བདག་ཅག་བསམ་པ་ཐག་པས་ཡི་རང་ངོ༌། །

在此浊世精进修多闻,

抛弃八法故具暇满义,

对于怙主您之伟大行,

我们由衷至心而随喜!

རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི། །

ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །

ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ། །

ལྷུན་གྲུབ་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ། །

至尊神圣大德诸上师,

法身空中遍布悲智云,

如何顺遂所化大地上,

祈求普降任成妙法雨!

བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །

བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང༌། །

ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །

བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག །

由我所积一切诸善根,

利益圣教饶益诸有情,

尤其至尊贤慧普称尊,

教法精髓长期愿彰显!

 དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །

དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །

བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

无缘慈悲宝藏观世音,

无垢智慧总主文殊师,

摧毁一切魔军金刚手,

雪域智者顶饰宗喀巴,

善慧普称尊前我祈祷!

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང། །

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།།

生生世世不离清净师,

享用殊胜妙法之瑞德,

地道功德极为圆满后,

祈愿速获金刚持果位!

 2016年元月十一日(2015年腊月初二日)译于甘肃省拉卜楞

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།