བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོ་བོད་རྒྱ་ཤན་སྦྱོར།(救度中阴险道之难祈祷藏汉对照)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-28 22:04:42     རྩོམ་པ་པོ།   བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར།    ཀློག་ཐེངས།  

33b1OOOPIC7c.jpg

བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོ་ཞེས་བྱ་བ་བཞུགས་སོ།།

                   救度中阴险道之难祈祷·解度怖畏勇士

༼ཐོག་མར་ཞུ་གསོལ། གསོལ་འདེབས་འདི་སྔགས་བླ་མེད་ཀྱི་དབང་མ་ཐོབ་པ་རྣམས་དང་ནང་ཆོས་ལ་་མི་དད་པའི་སྣོད་མིན་རྣམས་ལ་གསང་བར་བྱ་བ་ཉིད་དོ།།༽

(特别申明:此祈祷文,不可宣于还未接受无上密法灌顶的人,或不深信佛法的人。)

                  པཎ་ཆེན་བླ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད།

                             第四世班禅洛桑确吉坚赞 造

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།

དུས་གསུམ་བདེ་གཤེགས་ཆོས་དང་ཚོགས་མཆོག་ལ།།བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ།།བྱང་ཆུབ་སྙིང་བོའི་བར་དུ་སྐྱབས་སུ་མཆི།།འདི་ཕྱི་བར་དོའི་འཇིགས་ལས་བསྒྲལ་དུ་གསོལ།།

   纳摩古汝曼殊郭喀雅

于诸三世佛法众中尊,我与等空无余诸众生,直至菩提藏间永皈依,祈救今生后世中阴畏!

རྙེད་དཀའ་འཇིག་པར་སླ་བའི་རྟེན་བཟང་འདིར།།ཁེ་ཉེན་སྐྱིད་སྡུག་འདམ་གའི་སྐབས་ཡིན་པས།།དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར།།དོན་ཆེན་སྙིང་བོ་ལེན་པར་བྱིན་གྱིས་རློབས།།

难得易失此贤身所获,此乃利害苦乐选定机,不耽着于现世之俗务,受持大事心要祈加持!

འདུས་པ་འབྲལ་ཞིང་བསགས་པ་མ་ལུས་འཛད།།མཐོན་པོའི་མཐའ་རྒུད་སྐྱེས་པའི་མཐའ་མ་འཆི།།འཆི་བར་མ་ཟད་ནམ་འཆི་ཆ་མེད་པའི་།།ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།

聚终分离积集终皆散,高极衰败有生终必死,不仅必死且死无定期,无暇之心生起祈加持!

གཟུང་འཛིན་རྣམ་རྟོག་འཁྲུལ་བའི་གྲོང་ཁྱེར་དུ།།མི་གཙང་འབྱུང་བཞི་སྒྱུ་མའི་ཕུང་བོ་དང་།།རྣམ་ཤེས་འབྲལ་ཁའི་འཆི་རྐྱེན་སྣ་ཚོགས་པས།།གནད་གཅོད་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས།།

二取分别错乱之城中,不净四大幻化之蕴身,神识将离时种种死缘,解支节苦息灭祈加持!

གཅེས་པར་བསྐྱངས་པའི་ལུས་ཀྱིས་དགོས་དུས་བསླུས།།འཇིགས་རུང་གཤིན་རྗེ་དགྲ་བོ་མངོན་དུ་གྱུར།།དུག་གསུམ་མཚོན་གྱིས་རང་སྲོག་གཅོད་པའི་ཚེ།།མི་དགེ་འཁྲུལ་སྣང་ཞི་བར་བྱིན་གྱིས་རློབས།།

至爱护身需时竟欺离,可畏阎罗怨敌已现前,三毒利刃断我生命时,不善幻觉息灭祈加持!

སྨན་པས་བོར་ཞིང་རིམ་གྲོས་བཟློག་ཏུ་མེད།།གཉེན་རྣམས་གསོན་དུ་རེ་བའི་རེ་ཐག་ཆད།།རང་ཉིད་ཅི་བྱ་གཏོལ་མེད་གྱུར་བའི་ཚེ།།བླ་མའི་གདམས་ངག་དྲན་པར་བྱིན་གྱིས་རློབས།།

医生推卸祈安法无效,亲眷由盼康复成绝望,并至自己不知所措时,上师教授忆念祈加持!

སེར་སྣས་བསགས་པའི་ཟས་ནོར་ཤུལ་དུ་ལུས།།བརྩེ་ཞིང་གདུངས་པའི་གཉེན་རྣམས་གཏན་བྲལ་བྱས།།ཉམ་ངའི་གནས་སུ་གཅིག་པུར་འགྲོ་བའི་ཚེ།།དགའ་སྤྲོའི་གདེང་དང་ལྡན་པར་བྱིན་གྱིས་རློབས།།

悭吝所积食财留身后,与诸疼爱亲眷永别离,可怖之处独自行走时,将获愉悦信念祈加持!

ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ།།ལུས་ཀྱི་སྟོབས་ཤོར་ཁ་སྣ་སྐམ་ཞིང་བརྫེས།།དྲོད་བསྡུས་དབུགས་བརྩེགས་ངར་སྒྲ་འབྱིན་པའི་ཚེ།།དགེ་སེམས་སྟོབས་ལྡན་སྐྱེ་བར་བྱིན་གྱིས་རློབས།།

水土火风四大渐隐没,体力消失口鼻干而翘,暖亦渐收气促喘啸时,猛力善心生起祈加持!

འཇིགས་སྐྲག་འཁྲུལ་སྣང་སྤྱི་དང་ཁྱད་པར་དུ།།སྨིག་རྒྱུ་དུ་བ་མཁའ་སྣང་འདྲ་བ་ཤར།།ཀུན་རྟོག་བརྒྱད་ཅུའི་བཞོན་པ་འགག་པའི་ཚེ།།འཆི་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས།།

各种恐惧错觉总尤为,现似阳焰烟及如虚空,八十分别之乘息灭时,通达死无自性祈加持!

རླུང་ཁམས་རྣམ་ཤེས་ཐིམ་པར་རྩོམ་པའི་ཚེ།།ཕྱི་དབུགས་རྒྱུན་ཆད་གཉིས་སྣང་རགས་པ་ཐིམ།།མར་མེ་འབར་འདྲའི་སྣང་བ་ཤར་བའི་ཚེ།།དྲན་ཤེས་ཤུགས་དྲག་སྐྱེ་བར་བྱིན་གྱིས་རློབས།།

风大将入神识之际兆,呼吸停止粗二现隐没,现起如灯萤光闪烁时,猛力正知念生祈加持!

སྣང་མཆེད་ཐོབ་གསུམ་སྔ་མ་ཕྱི་མར་ཐིམ།།ཟླ་ཉི་དུ་བས་ཁྱབ་འདྲའི་སྣང་ཤར་ཚེ།།འཁོར་འདས་སྟོང་བར་རྟོགས་པའི་རྣལ་འབྱོར་གྱིས།།རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས།།

明、增、得相依次前融后,显现以日月烟遍布时,通达轮涅空性瑜伽行,能获自识自相祈加持!

ཉེར་ཐོབ་ཐམས་ཅད་སྟོང་བར་ཐིམ་པ་ལས།།ཀུན་རྟོག་སྤྲོས་པ་ཀུན་ཞི་སློད་བྱེད་ཀྱི།།རྐྱེན་བྲལ་སྟོན་གནམ་ལྟ་བུའི་ཉམས་ཤར་ཚེ།།འོད་གསལ་མ་བུ་འཕྲོད་པར་བྱིན་གྱིས་རློབས།།

经由一切得相融入空,分别戏论皆灭能染者,缘离觉现犹如秋空时,母子光明得会祈加持!

སྟོང་བཞིའི་དུས་སུ་གློག་གི་རྗེས་འགྲོ་བའི།།ཚངས་པའི་མེ་ཡིས་རི་བོང་ཅན་བཞུས་ཏེ།།ལྷན་སྐྱེས་བདེ་སྟོང་སྦྱར་བའི་ཡེ་ཤེས་ལ།།རྩེ་གཅིག་མཉམ་པར་འཇོག་པར་བྱིན་གྱིས་རློབས།།

第四空期一股如电炬,脐轮火融顶端月亮已,于俱生乐空相结合慧,专注一致修持祈加持!

དེ་ལས་ལངས་ཚེ་འཆི་བ་འོད་གསལ་གྱི།།རླུང་སེམས་ཙམ་ལས་མཚན་དཔེ་དཔལ་འབར་བ།།བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས།།སྒྱུ་མའི་ཏིང་འཛིན་རྫོགས་པར་བྱིན་གྱིས་རློབས།།

由彼出时死亡净光相,唯由风心所立相随好,瑞德照耀中阴报身像,圆成幻化禅定祈加持!

གལ་ཏེ་ལས་ཀྱིས་བར་དོ་གྲུབ་གྱུར་ན།།འཕྲལ་དུ་བརྟགས་པས་སྐྱེ་འཆི་བར་དོ་ཡི།།སྡུག་བསྔལ་བདེན་པར་མེད་པའི་ཚུལ་རྟོགས་ནས།།འཁྲུལ་སྣང་དག་པར་འཆར་བར་བྱིན་གྱིས་རློབས།།

若以业力即成中阴生,立即察觉生死及中有,了悟其苦本无真实已,迷妄能现清净祈加持!

འབྱུང་བ་ལོག་པའི་སྒྲ་བཞི་འཇིགས་སྣང་གསུམ།།མ་ངེས་རྟགས་རྣམས་སྣ་ཚོགས་ཤར་བའི་ཚེ།།ཕྱི་ནང་གསང་བ་སྒྱུར་བའི་རྣལ་འབྱོར་གྱིས།།རྣམ་དག་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས།།

四大解散四声及三畏,及现各类无定诸相时,则以内外密变瑜伽行,往生极乐净土祈加持!

མཁའ་སྤྱོད་རིག་པ་འཛིན་པའི་རྟེན་མཆོག་གམ།།ཚངས་སྤྱོད་བསླབ་གསུམ་ལྡན་པའི་ལུས་བཟུང་སྟེ།།རིམ་གཉིས་ལམ་གྱི་རྟོགས་པ་མཐར་ཕྱིན་ནས།།སྐུ་གསུམ་མྱུར་དུ་ཐོབ་པར་བྱིན་གྱིས་རློབས།།

或生空行持明尊贵体,或由梵行具足三学身,二次道之证悟究竟已,疾速获证三身祈加持!

སྤྱི་ལོ་གཉིས་སྟོང་བཅུ་དྲུག་ལོའི་ཟླ་བ་གཉིས་པའི་ཚེས་ཉེར་གཉིས་ཏེ། ལུགས་རྙིང་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉིན།

བཛྲ་ཚུལ་ཁྲིམས་རྒྱ་མཚོས་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་ནས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའོ།།

     于2016年2月22日(元宵节),在佛教圣地拉卜楞寺,班字尔慈智加措由藏译汉。

                               རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།