ལམ་རིམ་སྨོན་ལམ་བོད་རྒྱ་ཤན་སྦྱོར(道次第祈愿文 藏汉对照)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-06 15:22:19     རྩོམ་པ་པོ།   བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར།    ཀློག་ཐེངས།  

          724.JPG

                     ལམ་རིམ་སྨོན་ལམ།      道次第祈愿文 

                རྗེ་བདག་ཉིད་ཆེན་པོས་མཛད།宗喀巴大师   著
                བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར།  班字尔•慈智加措    译

དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི།།
མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས།།
བློ་མིག་མ་རིག་གིས་ལྡོངས་འགྲོ་བ་ཀུན།།
རྣམ་འདྲེན་རྒྱལ་བའི་དབང་བོར་བདག་གྱུར་ཅིག།
于此长勤所生二资粮,
犹如虚空广大所积力,
由痴障蔽慧目诸众生,
皆能渡脱胜王我愿成。

དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང་།།
འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ།།
བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག།
རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག།
未至此道一切生世中,
皆由妙音慈悲而摄受;
教法次第完美道至胜,
获已修证愿令佛欢喜。
 
རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད།།
ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས།།
འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས།།
རྒྱལ་བའི་བསྟན་པ་རིང་དུ་འཛིན་གྱུར་ཅིག།
自己如是所解道之要,
猛力悲心引动善方便,
依此遣除众生意暗已,
胜者教法愿能长住持。

བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།
ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི།།
སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།།
ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།
教法圣宝未曾普及地,
或虽遍扬今已迁灭方,
因由极大悲心牵动意,
利乐宝藏愿将能光显。

སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས།།
ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང་།།
ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང་།།
རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག།
由从佛子及佛微妙业,
所成菩提胜道之次第,
赐予诸求解脱者胜德;
胜者事业愿能恒住持。
 
ལམ་བཟང་སྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང་།།
འགལ་རྐྱེན་སེལ་བྱེད་མི་དང་མ་མིན་ཀུན།།
ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི།།
རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག།
于修善道顺缘助成办;
遣除违缘诸人与非人,
皆能一切生中愿不离,
诸佛所赞清净之胜道。
 
གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས།།
ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ།།
མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང་།།
བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག།
若时于胜乘由十法行,
如理勤修尔时诸具力,
永恒助伴吉祥德大海,
遍满十方为此作祈愿!

 2914年阴历马年春节   于成都
 
 གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།