དབྱངས་ཅན་མའི་བསྟོད་པ་བོད་རྒྱ་ཤན་སྦྱོར།( 妙音佛母赞藏汉对照)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-06 15:16:55     རྩོམ་པ་པོ།   དཔའ་རིས་བློ་བཟང་གིས་བསྒྱུར།     ཀློག་ཐེངས།  

                             

201112151158323812.jpg

   དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་བོ་མ་བཞུགས་སོ། །

 妙音佛母赞

                 རྗེ་ཙོང་ཁ་བས་མཛད།  宗喀巴大师 著

                དཔའ་རིས་བློ་བཟང་རྒྱ་མཚོས་བསྒྱུར།  华锐•罗桑嘉措 译

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །

ཆུ་འཛིན་དཀར་བོའི་གློག་ཕྲེང་དྲ་བ་ཅན། །

མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །

དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། །

རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། ། 

嗡祝愿吉祥!

犹如白云之中闪电环,

点缀虚空一样倾心母,

天界年少中央娇媚者,

恒常慈悲佛母速临此。

པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག །

མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། །

རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །

ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །

莲花面上具动蜂之眼,

天蓝长发顶上具白光,

婀娜多姿绰约妙音母,

祈求为我再赐语自在。

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །

མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། ། 

具足游戏之姿兽鹿目,

目视仍不厌烦倾心母,

母般慈悲由您使我语,

语自在母与您愿等同。

སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །

ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། །

ཟབ་དབྱངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། །

དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། །

ཅེས་པ་འདི་ནི་རྗེ་བློ་བཟང་གྲགས་པས་མཛད་པའོ། །

比那秋月圆满更美丽,

悦耳梵音声调亦胜伏,

犹如深海沉音难测量,

顶礼妙音佛母身语意。

二零零七年译于华锐石门寺

(藏文原文中有藏头诗,汉文也用同样的方式译出)

 གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།