ལམ་གཙོ་བོད་རྒྱ་ཤན་སྦྱར་མ།(藏汉对照)

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-02-25 19:54:21     རྩོམ་པ་པོ།   རྗེ་ཙོང་ཁ་བ་ཆེན་པོ།    ཀློག་ཐེངས།  

644dea47xa298d7f753a4&690.jpg

                         644dea47xa298d7f753a4&690.jpg

 

རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།།

顶礼至尊一切上师
རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།།
一切佛经心要义
རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།།
是诸菩萨所赞道
སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ།།
有缘求解脱津梁
ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།།
我今随力而宣说
 
གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།།
于三有乐不贪着
དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།།
为暇满义而精进
རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི།།
志依胜者所喜道
སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན།།
 
诸有缘者净意听
རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།།
无出离心无息灭
བདེ་འབྲས་དོན་གཉེར་ཞི་བའི་ཐབས་མིད་ལ།།
希求有海乐果法
སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།།
由贪有乐缚众生
ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།།
故先寻求出离心
 
དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།།
暇满难得寿无常
ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག།
串习能除此生欲
ལས་འབྲས་མི་བསླུ་འཁོར་བའི་སྔུག་བསྔལ་རྣམས།།
业果不虚轮回苦
ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག།
勤思消除后世贪
 
དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ།།
修已于轮回盛事
ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་།།
不生刹那之希望
ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ།།
昼夜唯求解脱心
བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས།།
起时是生出离心
 
ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས།།
若无菩提心摄持
ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི།།
出离不成无上觉
ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།།
圆满安乐之因故
བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད།།
 
智者应发菩提心
ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།
四瀑流冲难阻止
བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།།
业力绳索紧密系
བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།
投入我执铁笼中
མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།།
无明黑暗笼罩之
 
མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བརུ།།
无边有中生又生
སྡུག་བསྔལ་གསུམ་གྱིསརྒྱུན་ཆད་མེད་པར་མནར།།
三苦逼迫常无断
གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།།
诸母情状与处境
ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།
 
思已发起殊胜心
གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།
不具通达真理慧
ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།
虽修出离菩提心
སྲིད་པའི་རྩ་བ་བཅད་པར་མི་ནུས་པས།།
不能断除有根故
དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།
应勤通达缘起法
 
གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།།
能见轮涅一切法
རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།།
从因生果皆不虚
དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།།
且能破诸所执境
དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས།།
彼入佛陀所喜道
 
སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།།
现相缘起不虚妄
སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།།
离执空性二了解
ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།།
何时见为相违者
ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།།
尚未通达佛密意
 
ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།།
不复轮替而同时
རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།།
甫见不欺缘起已
ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞི་ན།།
普灭实执所执境
དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།།
彼时见观察圆满
 
གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།།
又由现相除有边
སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད།།
及由空性除无边
རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན།།
若知空性现因果
མཐར་འཛིན་ལྟ་བས་འཕྲོག་པར་མིའགྱུར་རོ།།
不为边执见所夺
 
དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི།།
如是三主道诸要
གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ།།
子能如实通达时
དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས།།
当依静处起精进
གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ།།
速疾成办究意愿
 
ཞེས་པ་འདི་ནི་མང་ཏུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ལ་གདམས་པའོ།།།།
此是多闻比丘洛桑札巴贝(善慧名称吉祥)为亲侄擦廓阿旺札巴(语自在称)所作的教诫。
 

 གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།