པོ་ཏོ་བའི་སློབ་མ་དགེ་བཤེས་བྲག་དཀར་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-18 11:41:58     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

a342d01b30ff7043ea9067cb78298a2f_.jpg

              དགེ་བཤེས་བྲག་དཀར་བ་ནི་སྤྲེའུའི་ལོ་ལ་སྐུ་འཁྲུངས། དགེ་བཤེས་པོ་ཏོ་བ་ཡུན་རིང་དུ་བསྟེན་ནས་དགེ་བཤེས་པོ་ཏོ་བའི་གསུང་སྒྲོས་དཔེ་ཆོས་རྩ་འགྲེལ་བརྩམས། པོ་ཏོ་བ་གཤེགས་ནས་ཕོ་བྲང་སྡིང་པ་ལའང་གཏུགས། དགེ་བཤེས་བྲག་དཀར་བའི་ཞལ་ནས་མདུང་དགོན་པ་ལ། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཕྱོགས་བཞིར་གཏོར་མ་གཏོང་བ་བཞིན། །འབའ་ས་འབུམ་འཁྱེར་བྱེད་པ་ནི། །ནམ་ཞིག་བདག་ཉིད་འགྱུར་ཞིག་གུ །བྱ་བ་ཡིན་ནོ་གསུངས། བྲག་དཀར་བའི་ཞལ་ནས། མི་འདི་སྦྱང་སླ་ངང་འདུག་གསུངས། མདུང་དགོན་པའི་ཞལ་ནས། མི་མ་ཡིན་སྦྱང་སླ། མི་ལ་གོ་བ་འཇོལ་བ་འོང༌། མི་མ་ཡིན་ལ་དངོས་ཤེས་ཡོད་པས་གོ་བ་འཇོལ་བ་མི་འོང་གསུངས། འདིས་གནས་ཁང་གཅིག་ཏུ་ལོ་ཉི་ཤུ་རྩ་གསུམ་བཞུགས་པ་ལ། ཀོ་མཐིལ་གཅིག་གིས་ལོ་གསུམ་ཐུབ། མར་ལོག་གཅིག་གིས་ཟླ་བ་གཅིག་དང་ཞག་བཅུ་གསུམ་ཐུབ། ཟླ་བ་རེ་རེ་ལ་ནས་བྲེ་ལྔ་ལྔ་ལས་མི་འཛད། ངས་ཆོས་ཁ་ལུས་གཉིས་ཀས་བཤད་ཀྱང་ཁྱེད་ཀྱིས་མི་གོ །བྲག་དཀར་ནས་སྟག་རྩེར་འཕོ་རྩ་ན་ཁམ་ཕོར་བརྒྱད་དང་བུམ་པ་གཅིག་ལས་འཁྱེར་རྒྱུ་མེད་གསུངས། དེ་ནས་དགུང་ལོ་བརྒྱད་ཅུ་པ་ཡོས་ལོའི་དགུན་ཟླ་ཐ་ཆུང་གི་ཉི་ཤུ་གཉིས་ལ་གཤེགས། དགེ་བཤེས་འདིས་ལམ་རིམ་འཆད་དུས་གྲྭ་པ་སུམ་བརྒྱ་ཙམ་འདུས་སོ། །

                                                                                                                                      རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                         དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།