གཙང་དགོན་པའི་དགེ་བཤེས་བརྩོན་འགྲུས་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 10:16:21     རྩོམ་པ་པོ།   སེ་མཆོད་ཡོན་རྒྱ་མཚོ།    ཀློག་ཐེངས།  

微信图片_20231207101925.jpg

དགེ་བའི་དགེ་བཤེས་དམ་པ་བརྩོན་འགྲུས་རྒྱ་མཚོ་མཆོག་ནི་སྤྱི་ལོ་1965ལོར། འབྲུག་ལུང་དུས་དང་པོར་ཡུམ་པདྨ་མཚོ་དང་ཡབ་བསྟན་རྒྱམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་།

 1982ལོར་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་ཆོས་སྒོར་ཞུགས་ཏེ་རྗེ་བཙུན་ཆོས་འཕེལ་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་ཆོས་སྤྱོད་དང་ཆོས་གྲགས་དགོངས་རྒྱན། འགྲེལ་བ་དོན་གསལ་སོགས་གཞུང་ཆེན་མོ་བློར་འཛིན་གནང་སྟེ་བསླབ་པ་སློབ་གཉེར་ནན་ཏན་མཛད། འཛིན་གྲྭ་དེ་གའི་རིགས་པ་སྨྲ་བའི་གཙོ་བོར་གྱུར། 

དེ་ནས་སློབ་གཉེར་གཞུང་ཆེན་སོགས་ལ་སྦྱང་བ་བྱེད་ཞོར་1997ལོར་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ངག་དབང་ཟླ་གྲགས་མཆོག་ཞབས་པད་སྤྱི་བོས་གཙུག་ཏུ་བསྟེན་ཏེ་ཕར་ཕྱིན་དབུ་མ་མཛོད་འདུལ་སོགས་ལ་ཞིབ་ཏུ་སྦྱངས། 

དེ་ནས་འབུམ་རྙིང་དགོན་དུ་གདན་ཞུས་དགེ་རྒན་དང་ཆབ་ཆ་དགོན་གསར་སོགས་ལ་དགེ་རྒན་དུ་ཕེབས་ཏེ་ད་ལྟ་རང་དགོན་དང་དགོན་གསར་དགོན་པ་སོགས་ལ་མདོ་སྔགས་ཀྱི་དཔེ་ཁྲིད་གནང་མོས་སུ་བཞུགས། 

ཞེས་དམ་པ་གང་གི་སློབ་བུ་སེ་མཆོད་ཡོན་རྒྱ་མཚོས་སྤྱི་ལོ2023.12.5དང་། བོད་ཟླ10.23 ཉིན་གྱི་དགོང་མོ་ཆུ་ཚོད་23.23སྟེང་རྣམ་ཐར་མདོར་བསྡུས་ཤིག་ཟུག་བྲིས་སུ་བགྱིས་སོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།