བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྩིས་རམས་པ་བློ་བཟང་བསྟན་འཛིན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 08:38:18     རྩོམ་པ་པོ།   བདེ་མཆོག    ཀློག་ཐེངས།  

རཙིས་རམས་པ་བློ་བཟང་བསྟན་འཛིན.jpg

བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྩིས་རམས་པ་བློ་བཟང་བསྟན་འཛིན་མཆོག་ནི་ཆུང་དུས་ནས་རབ་ཏུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་སྒོར་ཞུགས།

དགེ་བའི་བཤེས་གཉེན་བསམ་འགྲུབ་རྒྱ་མཚོ་ལགས་ཀྱི་དྲུང་དུ་ལེགས་སྦྱར་གྱི་སྐད་དང་གནམ་རིག་སྐར་རྩིས་སོགས་བོད་ཀྱི་ཤེས་རིག་སྤྱི་ལ་སློབ་གཉེར་མཛད། རྗེ་འཇམ་དབྱངས་རྒྱ་མཚོ་དང་།རྗེ་དཔལ་ལྡན་རྒྱ་མཚོ་སོགས་ལས་དབང་ལུང་མན་ངག་མཐའ་ཡས་པ་གསན།

དགེ་བའི་བཤེས་གཉེན་བསམ་འགྲུབ་རྒྱ་མཚོ་མཆོག་གིས་དགོན་པ་དང་སློབ་གྲྭ་ཁག་ཏུ་རྩིས་ཁྲིད་དུས་རྒྱུན་དུ་ཁོང་སློབ་མ་རྣམས་ལ་ཟུར་ཁྲིད་བྱེད་པའི་དགེ་རྒན་དུ་བསྐོས།དགེ་བའི་བཤེས་གཉེན་དེའི་ཞལ་སྔ་ནས་རྩིས་དང་སྒྲའི་མན་ངག་མཐའ་དག་གསན།

༢༠༠༢ལོར་བོད་ལྗོངས་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་ནས་སྐར་རྩིས་ཀྱི་སློབ་ཁྲིད་གནང་ཞིང་། ༢༠༡༧ལོར་ཀན་ལྷོ་བོད་ཀྱི་གནམ་རིག་སྐར་རྩིས་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤུལ་བཞག་རིག་གནས་སུ་ཚུད་པ་དང་། རྒན་ཁོང་ཡང་ཁུལ་རིམ་པའི་གནམ་རིག་སྐར་རྩིས་ཀྱི་རྒྱུད་འཛིན་པར་བདམས་ཐོན་བྱུང་།

དེ་མིན་བོད་ལྗོངས་གནམ་རིག་སྐར་རྩིས་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཉེར་སྤྱོད་གྲངས་རིག་དང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་བློ་འདོན་པར་བསྐོས།

ད་ལྟ་ཅོ་ནེའི་ྶ་གཤིས་དགོན་དུས་འཁོར་གྲྭ་ཚང་སོགས་ཀྱི་དཀར་རྩིས་དགེ་རྒན་དང་།  བོད་ཀྱི་ཕྱོགས་སོ་སོར་དཀར་རྩིས་དང་སྒྲ་རིག་པ་སོགས་འཛིན་སྐྱོང་སྤེལ་གསུམ་ཁུར་དུ་བཞེས་བཞིན་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།