དགེ་བའི་བཤེས་གཉེན་ཆེན་མོ་རྔ་བ་སྦྱིན་པ་རྒྱ་མཚོ་མཆོག་གི་འཚམས་སྦྱོར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-08-08 21:40:59     རྩོམ་པ་པོ།   ཁྱ་དགེ་གསེར་བཟང་སྤྱི་སྟེགས།    ཀློག་ཐེངས།  

 微信图片_20200808214150.jpg

དམ་པ་འདི་ཉིད་རབ་བྱུང་བཅོ་ལྔ་བའི་ལྕགས་མོ་ཕག་༼1911-1993༽དེང་གི་རྔ་བ་རྫོང་ཁོངས་གཅའ་ཁོག་མཚམས་རིང་དབལ་ཤུལ་གྱི་རུས་སུ་སྐུ་འཁྲུངས།

 ཨ་མཆོག་མཚན་ཉིད་དཔལ་ལྡན་སྨྲ་བའི་སེང་གླིང་དུ་གསན་སྦྱངས་གནང་། 

དེ་ནས་སྐུ་མཆེད་ཆེ་བ་དགེ་བཤེས་ཤེས་རབ་བསྟན་པ་དང་། སྐུ་མཆེད་ཆུང་བ་དགེ་བཤེས་འཇམ་དབྱངས་ཆོས་འཕེལ་གསུམ་པོས་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྱོན་ནས་བླ་ཁོ་རྡོ་རྗེ་འཆང་། ཡོངས་འཛིན་དངུལ་རའི་གྲགས་པ་རྒྱ་མཚོ། དམུ་དགེ་ཐུབ་བསྟན་རྒྱ་མཚོ། ཞང་ལྷའི་བློ་གྲོས་རྒྱ་མཚོ་སོགས་ལ་བསྟེན་ནས་མདོ་སྔགས་གཞུང་ལུགས་མཐའ་དག་ལ་ཕུག་ཆོད་པར་སྦྱངས། 

བསྟན་པ་ཡང་དར་གྱི་དུས་སུ་བཀྲ་ཤིས་འཁྱིལ་འདིར་གཞུང་པོད་ལྔའི་དཔེ་ཁྲིད་ཆ་ཚང་གནང་། སྔགས་ཀྱི་སྤྱི་དོན། སྡོམ་གསུམ་བསླབ་བྱ། ལམ་སྔགས་བཤད་ལུང་སོགས་མང་དུ་གནང་། ཨ་མཆོག་མཚན་ཉིད་དང་ཁྲོ་ཁོ་ཞལ་ཤུལ་དགོན་སོགས་སུའང་འཆད་ཉན་རྒྱ་ཆེར་གནང་། 

1993 གསུམ་པའི་ཚེས་ལྔ་ལ་གདན་ས་བཀྲ་ཤིས་འཁྱིལ་གྱི་རང་ཤག་ཏུ་སྐུ་གཤེགས་སོ།།༧རྒན་ཆོས་སྐུའམ་ཨརྱ་དེ་ཝ་མཆོག

ཀན་ལྷོའི་ཁྱ་དགེ་གསེར་བཟང་རིག་གནས་སྣ་འཛོམས་སྤྱི་སྟེགས་ལས་བཤུས་པས་རྩོམ་དབང་འཕྲིན་སྟེགས་དེར་དབང་། 

བརྒྱུད་འགོད།