དགེ་བའི་བཤེས་གཉེན་ཁལ་ཁ་བློ་བཟང་ཡེ་ཤེས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-22 09:06:19     རྩོམ་པ་པོ།   སྒྲོན་མེ།    ཀློག་ཐེངས།  

 

微信图片_20170822090703.jpg

དགེ་བཤེས་བློ་བཟང་ཡེ་ཤེས་སམ་ཁལ་བླ་རྒན་ཞེས་གྲགས་པ་མདོ་སྔགས་ཡོངས་རྫོགས་ཀྱི་མཁས་གྲུབ་དམ་པ་འདི་ཉིད་ནི།   ཕྱི་སོག་ཁལ་ཁ་བོར་ཅི་ཀན་ཞེས་པའི་ས་ཆ་སྟེ།  སོག་སྐད་ལ་བོར་ཅི་ཀན་ཆོས་ར་ཞེས་པའི་ཡུལ་དུ་སྐུ་འཁྲུངས་ནས། ཆུང་ངུའི་དུས་ནས་བོར་ཅི་ཀན་མཚན་ཉིད་གྲྭ་ཚང་ལ་ཞུགས།  

ཕྱི་ལོ་༡༩༢༠ ནས་ ༡༩༢༥ བར་གང་རུང་ཞིག་ལ་ནང་སོག་ལ་ཕེབས་ནས་པད་དཀར་ཆོས་གླིང་ལ་ཆོས་ཞུཊ་མཛད་དེ་མདོ་སྔགས་ཀྱི་གཞུང་ཡོངས་རྫོཊ་མཐིལ་ཕྱིན་གནང་།དབུས་ཀྱི་གདན་སར་ཕེབས་ནས་སྒོ་མང་གྲྭ་ཚང་གི་སྒྲིག་སྲོལ་བཞིན་ལོ་གཅིག་འཛིན་གྲྭ་དིན་བདུན་ཅུར་ཞུགས།  དེ་ནས་གཞུང་གསར་འོག་ནས་བཟུང་ཕར་ཕྱིན་གྱི་བར་ལོ་བཞིའི་རིང་ཕར་ཕྱིན་གྱི་གཞུང་ཆེན་ལ་སླར་ཡང་སྦྱང་བརྩོན་གནང་མཛད།

དེ་ནས་དབུ་མ་གསར་རྙིང་ལོ་གཉིས་རིང་དབུ་མའི་གཞུང་ལ་ཐོས་བསམ་མཛད། འཛིན་གྲྭ་མཛོད་ཀྱི་སྐབས་མངོན་པ་ལ་ཐོས་བསམ་དཔྱིས་ཕྱིན་མཛད།  མཛོད་ལ་སྙན་གྲཊ་ཤིན་ཏུ་ཆེ།    དེ་རྗེས་བཀའ་རམས་འོག་ཏུ་ཕེབས་སྐབས་འདུལ་གཞུང་དང་རྣམ་འགྲེལ་གཞུང་ལ་ཐོས་བསམ་མཛད།   གཞུང་ཆེན་ལ་རང་ཉིད་ཀྱིས་ཐོས་བསམ་མཛད་པར་མ་ཟད།    སྐལ་ལྡན་སློབ་མ་ཆེས་མང་པོར།    ཕར་ཕྱིན་སྐབས་བརྒྱད་ཀྱི་ཡིག་ཆ་དང་།   གསེར་ཕྲེང་གཙོ་བོ་དང་།   དབུ་མའི་འཛིན་གྲྭར་དབུ་མ་དགོངས་པ་རབ་གསལ་དང་།   རྩ་ཤེས་ཊིཀ་ཆེན།    ཡིག་ཆ་བཅས་གཙོ་བོ།    མཛོད་འཛིན་གྲྭར།  རྩ་བ་དང་།  མཆིམས་མཛོད།  ཡིག་ཆ་གཙོ་བོ།  དེ་བཞིན་འདུལ་བའི་སྐབས།   གུང་ཐང་འདུལ་སྡོམ་དང་།  མདོ་རྩ་མཚོ་ཊིཀ་ཡིག་ཆ་བཅས་གཙོ་བོ་དཔེ་ཁྲིད་མཛད།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།