དགེ་བའི་བཤེས་གཉེན༧སྒོ་མང་རྒན་ཆོས་འཕེལ་རྣམ་རྒྱལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-22 09:00:42     རྩོམ་པ་པོ།   སྒྲོན་མེ།    ཀློག་ཐེངས།  

དགེ་བཤེས་ཆོས་འཕེལ་རྣམ་རྒྱལ་.jpg

རྗེ་བཙུན་ཆོས་འཕེལ་རྣམ་རྒྱལ་མཆོག་ནི་སྤྱི་ལོ་༡༩༢༩ལོར་ལྷ་སའི་ནུབ་ཕྱོགས་སྟོད་ལུང་དུ་ཡབ་བཀྲ་ཤིས་རྡོ་རྗེ་དངཡུམ་སྐལ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

དགུང་ལོ་ལྔ་ཡི་ཐོག་འབྲས་སྤུངས་དགོན་དུ་སྒོ་མང་མཁན་རིན་པོ་ཆེ་རྗེ་བཙུན་ཆོས་འཕེལ་རྒྱལ་པོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། གདན་སར་བཞུགས་པ་ནས་སྒོ་མང་སོག་པོ་དགེ་བཤེས་བློ་བཟང་ཡེ་ཤེས་མཆོག་དང་།གཞུང་པ་རྒན་ཚུལ་ཁྲིམས། རྒན་ཡེ་ཤེས་རྒྱ་མཚོ། རྒན་དགེ་འདུན་དོན་ལྡན་སོགས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་སྦྱངས་པ་མཐར་སོན་ཏེ་༡༩༨༨ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་ལྷ་རམས་པ་ཨང་དང་པོའི་མཚན་གནས་ཐོབ།

རྒྱུན་དུ་སློབ་མའི་ཚོགས་ལ་དཔེ་འཁྲིད་གནང་རྒྱུ་དགོས་གལ་ཆེས་ཆེར་དགོངས་ནས་དགུང་ལོ་ཉི་ཤུའི་ནང་ནས་བཟུང་སྐུ་ཚེ་ཧྲིལ་པོ་སློབ་མའི་ཚོགས་གྲངས་ལས་འདས་པ་ལ་སློབ་འཁྲིད་ཀྱི་རྒྱུན་ཚད་མེད་བསྐྱངས་ཏེ་བསྟན་རྒྱས་འགྲོ་བདེའི་དོན་ཆེན་ཁོ་ནས་འདས། མཐར་༢༠༠༧ལོའི་བོད་ཟླ་༨པའི་ཚེས་༢༡ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།