ཅོ་ནེའི་ཡུལ་དུ་འཁྲུངས་པའི་སྐྱེས་ཆེན་འགའི་མཚན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-12 07:13:30     རྩོམ་པ་པོ།   ཨ་སྐྱོར་བསོད་ནམས།    ཀློག་ཐེངས།  

དགའ་ལྡན་གསེར་ཁྲི་ལ་བཞུགས་པའི་ཅོ་ནེ་བ་རྣམ་པ་བདུན།

༡ ཕོ་ས་བ་ཆོས་གཉེར་གྲགས་པ་མཆོག་ནི།

སྤྱི་ལོ་༡༦༠༧དགའ་ལྡན་གསེར་གྱི་ཁྲི་ལ་མངའ་གསོལ་ཏེ་ཁྲི་ཐོག་ཉེར་དགུ་བར་བཞུགས།

༢ ཁྲི་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས་མཆོག་ནི།

སྤྱི་ལོ་༡༦༨༥ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་གྱི་ཁྲི་ལ་མངའ་གསོལ་ཏེ་ཁྲི་ཐོག་ཞེ་ལྔ་བར་བཞུགས།

༣ ཡང་སྟེང་བློ་བཟང་ཆོས་འཕེལ་ལམ་སུ་བྷ་ངྷི་ངྷརྨ་བརྟ་ནི།

སྤྱི་ལོ་༡༦༩༩ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ཁྲི་ཐོག་ཞེ་བདུན་པར་བཞུགས།

༤ ཁྲི་ཆེན་བློ་བཟང་དར་རྒྱས་མཆོག་ནི།

སྤྱི་ལོ་༡༧༠༨ལོར་དགའ་ལྡན་གསེར་ཁྲིར་བཞུགས་ཏེ་ཁྲི་ཐོག་ཞེ་དགུ་བའི་ཐུགས་འགན་བཞེས།

༥ ཁྲི་ངག་དབང་ཚུལ་ཁྲིམས་མཆོག་ནི།

སྤྱི་ལོ་༡༧༧༩ལོར་དགའ་ལྡན་གསེར་གྱི་ཁྲི་ལ་མངའ་གསོལ་ཏེ་ཁྲི་ཐོག་རེ་གཅིག་པར་བཞུགས།

༦ ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི།

སྤྱི་ལོ་༡༨༣༧ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་ཁྲིར་ཕེབས་ཏེ་ཁྲི་ཐོག་དོན་གསུམ་པར་བཞུགས།

༧ ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི།

སྤྱི་ལོ་༡༩༠༧ལོར་དགའ་ལྡན་གསེར་ཁྲིར་བཞུགས་ཏེ་ཁྲི་ཐོག་གྱ་བདུན་པའི་ཐུགས་འགན་བཞེས་སོ།།

དགའ་ལྡན་ཤར་རྩེའི་ཆོས་རྗེར་བྱོན་པའི་ཅོ་ནེ་བ་རྣམ་པ་བཞི།

༡ ཆོས་རྗེ་ངག་དབང་ལྷུན་གྲུབ་དཔལ་བཟང་བོ། ༢ ཆོས་རྗེ་ཆོས་དཔལ་རྒྱལ་མཚན་མཆོག

༣ ཆོས་རྗེ་ངག་དབང་ཉི་མ་ཚང་། ༤ ཆོས་རྗེ་དམ་པ་ལཱ་ལིས་པ་བཅས་སོ།།

ཚེ་གཅིག་རྣལ་འབྱོར་ཆེན་པོ་ཅོ་ནེ་བ་དྲུག

༡ འདུལ་འཛིན་ཆེན་པོ་ཤོ་བ་རིན་པོ་ཆེ་རིན་ཆེན་བློ་བཟང་རྣམ་རྒྱལ། ༢ རྗེ་བཙུན་ནེའུ་མགོ་བ་ངག་དབང་རྒྱལ་མཚན། 

༣ ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོ་དཔལ་བཟང་བོ། ༤ ཁ་དྲོན་ནང་བ་རྗེ་བཙུན་བློ་བཟང་བསྟན་འཛིན། 

༥ རི་སྟེང་བླ་མ་ཐུབ་བསྟན་གྲགས་པ། ༦ ཡུ་གུར་བློ་བཟང་ཡར་འཕེལ་རྣམས་སོ།།

གྲུབ་པ་ལ་མངའ་བརྙེས་པའི་ཅོ་ནེ་བ་རྣམ་པ་བཞི།

༡ རྒྱ་མཁར་གྲུབ་ཆེན་དགེ་འདུན་རྒྱ་མཚོ། ༢ གྲུབ་མཆོག་དམ་པ་ཤོ་བ་རིན་པོ་ཆེ། 

༣ ཚྭ་ཀྭན་ཧོ་ཐོག་ཐུ་བླ་མ་དཀར་བོ། ༤ ཆས་པ་སྟག་འདུལ་བ་འཇམ་དཔལ་བསྟན་པའི་སྒྲོན་མེ།

ཅོ་ནེའི་དཔོན་གྱི་སྲས་སུ་འཁྲུངས་པའི་མཁན་པོ་རྣམ་པ་དྲུག

༡ དགེ་བཤེས་རིན་ཆེན་ལྷུན་པོ། དཔོན་རབས་དང་བོའི་སྲས།

༢ དབུ་བླ་ངག་དབང་འཕྲིན་ལས་རྒྱ་མཚོ། དཔོན་རབས་བཅུ་བའི་སྲས།

༣ མཁན་པོ་བློ་བཟང་བསྟན་པའི་རྒྱལ་མཚན། དཔོན་རབས་བཅུ་གཅིག་པའི་སྲས།

༤ མཁན་པོ་ངག་དབང་མཁས་བཙུན་རྒྱ་མཚོ། དཔོན་རབས་བཅུ་གསུམ་པའི་སྲས།

༥ མཁན་པོ་དཀོན་མཆོག་དམ་ཆོས་རྒྱ་མཚོ། དཔོན་རབས་བཅོ་ལྔ་བའི་སྲས།

༦ མཁན་པོ་བློ་བཟང་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། དཔོན་རབས་བཅོ་བརྒྱད་པའི་སྲས།

སེར་སྨད་མཁན་པོར་བཞུགས་པའི་ཅོ་ནེ་བ་རྣམ་པ་གསུམ།

༡ མཁན་རབས་སོ་བདུན་པ་བློ་བཟང་རྒྱལ་མཚན། ༢ མཁན་རབས་ཞེ་གཅིག་པ་ཚ་རྡོར་ཚུལ་ཁྲིམས་དར་རྒྱས། 

༣ མཁན་རབས་བཅུ་གཉིས་པ་ཅོ་ནེ་ཕྱོགས་ལས་རྣམ་རྒྱལ།

ཐུན་མོང་མ་ཡིན་པའི་མཛད་པ་བསྟན་པའི་ཅོ་ནེ་བ་བཞི།

༡ རྗེ་བཙུན་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན།  སོག་ཡུལ་གྱི་ཡུལ་གྲུ་མང་བོར་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་མི་སེར་བདེ་ལ་འགོད་པའི་ཆེད་དུ་ཨུ་རུ་སུ་དང་ཁ་ཆེ་ཇག་དམག་ཁྲི་ཕྲག་དུ་མ་དབང་དུ་བསྡུས། རྒྱ་ནག་གོང་མ་ཆེན་པོའི་ཐུགས་འཕྲོག་ཏེ་ཆོ་ལོ་དང་གསེར་ཡིག་ཐེངས་དུ་མར་གནང་། བོད་དབུས་སུ་བལ་ཡུལ་དམག་གིས་བཙན་འཛུལ་བྱེད་པ་བཟློག་པར་མཛད།

༢ དབྱི་ལི་ལྷ་རམས་པ་མཁྱེན་རབ་བསྟན་པ་མཆོག

རྒྱལ་བ་ཡབ་སྲས་ཀྱི་བཀའ་དགོངས་ལྟར་ཞིན་ཅང་དབྱི་ལིའི་ས་ཆའི་དམག་དཔོན་ཆེན་པོ་ཞིག་གི་དབུ་བླར་ཕེབས། དམག་དཔོན་གློ་བུར་དུ་ཤི་བས་དགྲ་དམག་གིས་ཚུར་རྒོལ་གྱིས་ཡུལ་དེའི་མི་རྣམས་སྡུག་ལ་སྦྱར་བ་ན་ཁོང་གིས་དམག་སྣ་དྲངས་ཏེ་དགྲ་དམག་ཡོངས་སུ་ཕམ། ཡུལ་གྲུ་བདེ་ལ་བཀོད་དེ་ཅོ་ནེ་དགོན་ཆེན་དུ་ཕེབས།

༣ ཧཱུ་ཧྱེན་ནམ་མཁན་མགོན་པོ་རྣམ་རྒྱལ་ནི།

མིང་རྒྱལ་རབས་ཀྱི་གོང་མ་ཡོང་ལོའི་བློན་ཆེན་དུ་གྱུར་ཅིང་ཁོང་གོང་མ་ཆེན་པོས་ཀརྨ་དེ་བཞིན་གཤེགས་པ་དང་རྗེ་ཙོང་ཁ་བ་སོགས་གདན་འདྲེན་དུ་མངགས་ཤིང་། ཕྱིའི་རྒྱལ་ཁབ་དུ་མར་ཚོང་འབྲེལ་འཛུགས་པར་ཐེངས་མང་དུ་ཕེབས་ཏེ་བྱས་རྗེས་བླ་ན་མེད་པ་བཞག  ཚེ་མཇུག་གོང་མས་བདག་རྐྱེན་གནང་བའི་རྒྱུ་ནོར་ལས་ཡེར་བ་དགོན་པའི་ལྷ་ཁང་དང་འདུ་ཁང་སོགས་བཞེངས་ཏེ་བསྟན་པ་སྤེལ།

༤ ཅོ་ནེ་བཀའ་བཅུ་བ་ཤར་བ་ཆོས་རྗེ་སྦྱིན་པ་དར་རྒྱས་ནི།

རྒྱལ་དབང་མཆོག་གི་ཚབ་ཏུ་སོག་ཡུལ་དུ་མངགས་ཏེ། ཆ་ཧར་དང་། ཨོང་ལོད། ཧལ་ཧ། ཐུ་མེད་བཅས་ཀྱི་མགོ་དཔོན་ཚོའི་དབུ་བླར་བཀུར། སེ་རར་གཙང་དམག་གིས་བཅོམ་པ་ལ་བསྐྱར་གསོ་རྒྱ་ཆེར་མཛད། རྒྱལ་དབང་ལྔ་བ་ཡར་འབྲོག་ཏུ་བཞུགས་པ་སྡེ་སྲིད་ལ་ཞུས་ཏེ་གདན་སར་བཀོད། གཙང་རྟ་ནག་རྒྱལ་སྒོ་ཤོམ་གྱི་ས་ཆ་བཀྲིས་ལྷུན་ལ་དབྱར་ཆོས་ཆོས་ཐེབས་སུ་བཞག

རིག་པའི་གནས་ལ་རྣམ་དཔྱོད་རབ་ཏུ་ཡངས་པའི་ཅོ་ནེ་བ་ལྔ།

༡ ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོའི་སྤྲིན། ༢ བྲག་དགོན་པའི་བྲག་རྒྱན་ནམ་དྲུང་ཡིག་རྒྱལ་མཚན་བསྟན་པ། 

༣ རིག་གནས་སྨྲ་བ་མཁར་མོ་ཆེ་བློ་བཟང་ཡོན་ཏན། ༤ ལྷ་བཙུན་དཀོན་མཆོག་ཆོས་འབྱོར། 

༥ སྙན་ངག་མཁན་བྲག་དཀར་བློ་བཟང་བཀྲ་ཤིས་བཅས་སོ།།

ཐུགས་འཛིན་ལ་འགྲན་ཟླ་བྲལ་བའི་ཅོ་ནེ་བ་གཅིག

རྗེ་བློ་བཟང་བཀྲ་ཤིས་དཔལ་བཟང་བོ་མཆོག་གིས། ཉིན་གཅིག་གི་ཞོགས་པ་རེ་ལ་གཞུང་མདའ་ཚད་མ་བཅོ་བརྒྱད་རེ་ཐུགས་འཛིན་མཛད་ལ། ཀུན་མཁྱེན་འཇིགས་མེད་དབང་བོ་ཚང་ལ་ཕར་ཕྱིན་མཐའ་དཔྱོད་ཆ་ཚང་། དབུ་མ་རྒྱས་པ་ཆ་ཚང་། མཛོད་མཐའ་དཔྱོད་ཆ་ཚང་བཅས་བློ་རྒྱུགས་སུ་ཕུལ།

བཀའ་འགྱུར་ཀློག་ལུང་གི་བཀའ་བབ་ཅོ་ནེ་བ་གཅིག

རྗེ་ཉང་ཚང་བློ་གྲོས་ཀུན་དགའ་རྒྱལ་མཚན་མཆོག་གིས། སྐུ་ཚེ་དེ་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་གི་ལུང་ཚར་བདུན་གནང་ཞིང་ཉིན་གཅིག་ལ་བཀའ་འགྱུར་པོ་ཏི་བཞི་དང་ཉུང་ན་གསུམ་རེ་གསུང་ཐུབ་བོ།།

བླ་ཆེན་རྣམས་ཀྱི་ཡོངས་འཛིན་དུ་བཞུགས་པའི་ཅོ་ནེ་བ་ལྔ།

༡ ཆས་པའི་གཤིས་རྗེ་བློ་བཟང་མཐའ་ཡས་མཆོག་ནི། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་དྲུག་པ་ཚང་དང་། སྡེ་ཁྲི་སྐུ་ཕྲེང་བརྒྱད་པ་ཚང་རྣམ་པ་གཉིས་ཀའི་ཡོངས་འཛིན་དུ་བཞུགས།

༢ ཅོ་ནེ་དགེ་འདུན་དཔལ་བཟང་མཆོག་ནི། གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་ལྔ་བ་ཚང་གི་ཡོངས་འཛིན་དུ་བཞུགས།

༣ ཅོ་ནེ་ཨ་ཁུ་བློ་བཟང་རྒྱ་མཚོ་ཚང་ནི། སྡེ་ཁྲི་སྐུ་ཕྲེང་དྲུག་པ་ཚང་གི་ཡོངས་འཛིན་དུ་བཞུགས།

༤ ཆོས་དཔལ་ཞིང་དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ནི། བླ་མ་དཀར་བོ་སྐུ་ཕྲེང་གསུམ་པའི་ཡོངས་འཛིན་དུ་བཞུགས།

༥ མཁར་མོ་ཆེ་བློ་བཟང་ཡོན་ཏན་མཆོག་ནི། བདེ་ཐང་མཁན་པོ་སྐུ་ཕྲེང་བཞི་བའི་ཡོངས་འཛིན་དུ་བཞུགས་སོ།།

ལྷ་རམས་དམ་བཅའ་བཞག་པའི་ཅོ་ནེ་བ་ཉི་ཤུ།

༡ ལྷ་རམས་པ་ཚ་རྡོར་ངག་དབང་ཚུལ་ཁྲིམས། ༢ ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ། ༣ ལྷ་རམས་པ་ངག་དབང་བསྟན་པའི་རྒྱལ་མཚན། ༤ ཚེ་སྨོན་གླིང་སྐུ་ཕྲེང་བཞི་བ་ཚང་། ༥ ལྷ་རམས་པ་རྗེ་བཙུན་གྲགས་པ་བཤད་སྒྲུབ། ༦ ལྷ་རམས་པ་ངག་དབང་བསྟན་པ། ༧ ལྷ་རམས་པ་བློ་བཟང་ཆོས་འཕེལ། ༨ ལྷ་རམས་པ་དཀོན་མཆོག་རྒྱ་མཚོ། ༩ དབྱི་ལི་ལྷ་རམས་པ་མཁྱེན་རབ་བསྟན་པ། ༡༠ ལྷ་རམས་པ་ཁྲི་བློ་བཟང་དར་རྒྱས། ༡༡ ལྷ་རམས་པ་ངག་དབང་ཕུན་ཚོགས། ༡༢ ལྷ་རམས་པ་བློ་བཟང་བསྟན་པའི་ཉི་མ། ༡༣ ལྷ་རམས་པ་གྲགས་པ་མཐའ་ཡས། ༡༤ ལྷ་རམས་པ་བློ་བཟང་བསྟན་འཛིན། ༡༥ སྣ་ལུང་ལྷ་རམས་པ་ངག་དབང་བསྟན་པ། ༡༦ ལྷ་རམས་པ་བློ་བཟང་རིན་ཆེན། ༡༧ ལྷ་རམས་པ་བྱང་ཆུབ་བྱམས་པ། ༡༨ ལྷ་རམས་པ་ཆོས་རྗེ་གྲགས་པ་རྒྱ་མཚོ། ༡༩ ལྷ་རམས་པ་ཆོས་རྗེ་དགེ་འདུན་རྒྱ་མཚོ། ༢༠ ལྷ་རམས་པ་བློ་བཟང་ཤེས་རབ་བཅས་སོ།།

  ཅོ་ནེའི་ཡུལ་དུ་འཁྲུངས་པའི་སྐྱེས་ཆེན་དམ་པའི་མཚན་གཞི་ཙམ་ངོས་འཛིན་བྱས་པ་འདི་ནི་ཨ་སྐྱོར་བསོད་ནམས་སམ་ཨ་འཁོར་བསོད་ནམས་རྒྱ་མཚོ་རུ་འབོད་པས་རང་ཤག་ནས་བྲིས་པ་དགེའོ།། །།

卡加琼翁综合文学网ལས་བཤུས།

བརྒྱུད་འགོད།