སོག་པོ་དགེ་བཤེས་འཇམ་དབྱངས་ཐུབ་བསྟན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-04-15 21:48:26     རྩོམ་པ་པོ།   གདུགས་དཀར་ཚེ་རིང་།    ཀློག་ཐེངས།  

微信图片_20200415214949.jpg  

དགའ་ལྡན་བྱིན་ཆགས་གླིང་གི་མཁན་པོ་འཇམ་དབྱངས་ཐུབ་བསྟན་ནི་སྤྱི་ལོ་༡༩༢༥ལོར་བྱང་ཕྱོགས་ཧོར་གྱི་ས་ཆའི་ཨོར་ཏུ་སུ་ནས་སྐུ་འཁྲུངས།  རྣམ་གྲོལ་བྱང་ཆུབ་གླིང་དང་སྐུ་འབུམ་བྱམས་པ་གླིང་ནས་དུ་ཕེབས་ནས་དགེ་བའི་བཤེས་གཉེན་ཆེན་མོ་རོང་བོ་འཇམ་དབྱངས་རྒྱ་མཚོ་དང་དགེ་འདུན་འཕེལ་རྒྱས། པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི།  གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།   དགེ་བཤེས་དཀོན་མཆོག་སྐྱབས།  དགེ་བཤེས་ཚུལ་ཁྲིམས་བསྟན་དར་སོགས་ཚུལ་བཞིན་བསྟེན་ནས་སློབ་གཉེར་མཛད།

 སྤྱི་ལོ་༡༩༨༡ལོ་ནས་དགའ་ལྡན་བྱིན་ཆགས་གླིང་གི་གདན་ཞུས་ལྟར་ཕེབས་ནས་འཕྲིན་ལས་བསྐྱངས།   རྒྱ་དང་ཧོར་གྱི་ཡུལ་ན་སྙན་གྲགས་ཧ་ཅང་ཆེ།  ད་ལྟ་སྐུ་འཚོ་ཞིང་བཞུགས། 

གསུང་རྩོམ་ལ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༣ལོར་དགའ་ལྡན་བྱིན་ཆགས་གླིང་གི་མཁན་པོ་འཇམ་དབྱངས་ཐུབ་བསྟན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ཅེས་པ་དཔར་ཏུ་བསྐྲུན། བོད་སོག་ཤན་སྦྱར་བའི་དག་ཡིག་མཁས་པའི་འབྱུང་གནས་དང་རྒྱུད་བཞི།    ལྷན་ཐབས་སོགས་དཔར་ཞུས་བཏང་ནས་དཔར་དུ་བསྐྲུན་མྱོང་།  

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།