ཇའ་པན་བླ་མ་ཨི་ཀའི་ཀ་ཝ་གུ་ཅི(慧海河口)ཡི་བོད་ལ་བགྲོད་པའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-11 14:09:28     རྩོམ་པ་པོ།   ཉི་ཧོང་བ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

448.JPG


༅༅།། སྡུག་བསྔལ་ཐམས་ཅད་བཅོམ་པ་དང་།།

བསམ་ལས་འདས་པའི་བདེ་བ་ལྡན།།

སེམས་ཅན་གྲོལ་བར་བཙོན༼ བརྩོན ༽མཛད་པའི།།

ཤཱཀྱའི་དབང་པོར་ཕྱག་སྩལ་ནས།།

པཎ་ཌིཏ་༼པཎྜི་ཏ༽སྟོན་ཀ་ཟླ་བ་ལས།།

ཐུགས་དགོས་ཆེན་པོར་གནང་བར་བརྟེན།།

ཇའ་པན་ཤེས་རབ་རྒྱ་མཚོ་ཡི༼ ཡིས ༽།།

བོད་ལ་འགྲོ་བའི་རྣམ་ཐར་འབྲིས༼ བྲིས ༽།།

འཇིག་རྟེན་ངུར་བྱུང་རི་བོ་ཆེ།།

ཧི་མ་ལ་ཡའི་བྱང་ཕྱོགས་ན།།

སྤྱན་རས་གཟིགས་ཀྱི་དག་པའི་ཞིང་།།

དཔལ་ལྡན་བོད་ཡུལ་ཞེས་བྱ་ལ།།

ཐེག་ཆེན་ཆོས་ཀྱི་རིན་ཆེན་བཞུགས།།

བྱང་ཆུབ་སངས་རྒྱས་སྤྲུལ་པ་ཡིས།།

ཆོས་ཀྱི་མེ་ཏོག་ས་ལ་བརྒྱན།།

རྨད་བྱུང་འབྲས་བུ་འབྱུང་གནས་ལ།།

བདག་ཉིད་ཇའ་པན་ཨེ་ཀའི་ཡིས།།

འགྲོ་བར་སྨོས་པའི་དོན་གཞན་མེད།།

བོད་སྐད་དམ་ཆོས་བསླབ་པ་དང་།།

བཀའ་བསྟན་བསྒྲུབ་པའི་སེམས་སྐྱེད་དེ།།

ལོ་ནི་བཅོ་བརྒྱད་སྔ་རོལ་ན།།

མེ་བྱ་ལོ་༼༡༨༩༧ལོ༽ཡི་ཟླ་དྲུག་པར།།

ཇའ་པན་ཡུལ་ནས་གཏོང་ནས་ནི།།

རྒྱ་གར་རྡོ་རྗེ་གླིང་དུ་སླེབས།།

གངས་མཛོད་ལྔའི་གཟི་བརྗིད་ཀྱིས།།

རྡོ་རྗེ་འོད་ཟེར་འཆར་བའི་གླིང་།།

དེར་གནས་པཎ་ཆེན་སྟོན་ཟླ་དང་།།

སོག་པོ་ཤེས་རབ་རྒྱ་མཚོའི་དཔལ།།

ལྷ་སའི་དྲུང་ཡིག་དབང་ལྡན་དང་།།

བཀྲ་ཤིས་ལྷུན་པོའི་ཞབས་དྲུང་ལ།།

བརྟེན་ནས་བོད་སྐད་ལོ་གཉིས་ཙམ།།

བསླབས་ཤིང་བོད་ལ་འགྲོ་ཐབས་བྱས།།

དེ་ལས་རྡོ་རྗེ་གདན་དུ་མཇལ།།

བདག་གིས་བོད་ལ་འགྲོ་བ་དང་།།

མཆོད་རྟེན་རྣམ་སུམ་མཇལ་བ་དང་།།

སངས་རྒྱས་བྱིན་རླབས་ཆེན་པོ་ལ།།

མིག་ཆུ་ཆུ་བོ་བཞིན་དུ་བབས།།

གངས་ཆེན་པད་མའི་གུར་ཕུག་དང་།།

བློ་ཡུལ་ཆུ་མིག་བརྒྱ་རྩ་དང་།།

དའུ་ལ་གི་རིའི་གངས་ཤར་ལ།།

མཇལ་ཏེ་སངས་རྒྱས་བྱམས་འོད་སྒོམས།།

ཇ་རངས་ལུང་པར་བཞུགས་པ་ཡི།།

དགེ་བཤེས་ཤེས་རབ་རྒྱལ་མཚན་ནས།།

རིག་གནས་ཐེག་ཆེན་གསང་སྔགས་རྣམས།།

ལོ་གཅིག་ཙམ་ནི་བསླབས་པ་དང་།།

དེ་ནས་དའུ་རིའི་བྱང་ངོས་ཀྱི།།

གངས་ནས་གངས་རིར་ཛག་པ་དང་།།

དཔག་མེད་དཀའ་བ་མྱོང་ནས་ནི།།

ཡེ་ཤེས་གནས་ཆེན་སྒྲོལ་པོར་མཇལ།།

རི་ལུང་ཆེན་པོའི་གངས་འདས་ཏེ།།

བྱང་ཐང་བྲག་དཀར་ཕུག་ཏུ་སླེབས།།

སྒོམ་ཆེན་བློ་བཟང་མགོན་པོ་ལས།།

དམ་ཆོས་ཟབ་དོན་ཐོས་པ་དང་།།

མ་ཎི་ལུང་དང་གསང་སྔགས་ཀྱི།།

དབང་རྣམས་ཞུས་ཏེ་ཞག་འགའ་འདས།།

གངས་རིན་པོ་ཆེར་འགརོ་བ་ཡི།།

ལམ་ནི་ཡང་དག་དྲི་བ་ལས།།

ལྷོ་རུ་ཐོག་ཤོའི་བྱང་ཐང་ལ།།

རང་ཉིད་གཅིག་བུས་ལྟོ་གོས་ཀྱི།།

ཁུར་པོ་རྗིལྗིབ་ཁུར་ནས་ནི།།

ཐང་གཅདགཅོདབཞིན་དུ་བགོམས་པ་གཏོར།།

དགོན་འབྲོག་བྱང་ཐང་འགྲོ་བ་ལས།།

གཡུང་དྲུང་ཆུ་བོ་རྒལ་བ་ལ།།

ཆུ་ཡིས་འཁུར་ནས་ཤི་ཀརཁརཐུག །

ལམ་མེད་རི་བོར་ཛགའཛེགསཔ་ལས།།

ཁ་བ་ཆེན་པོ་བབས་པ་དང་།།

མཚན་མོ་མུན་ནག་བཀབ་པ་དང་།།

གངས་ཀྱི་ནང་དུ་མཉལ་བ་ལས།།

ཤིན་ཏུ་ཁྱགའཁྱགནས་དྲན་མེད་གྱུར།།

སངས་རྒྱས་བྱམས་སྙིང་འོད་ཟེར་གྱིས།།

དྲོས་བྱས་དབང་གིས་གསོས་པར་གྱུར།།

དེ་ནས་ཆུ་མིག་གང་ག་ཡི།།

ཡོན་ཏན་བརྒྱད་ལྡན་ཆུ་འཐུངབཏུངསནས།།

ལུས་སེམས་ཤིན་ཏུ་དྭངས་པར་གྱུར།།

མ་དྲོས་ཆུ་ཡིས་མེ་ལོང་ལྟར།།

སྣང་བའི་མ་ཕམ་ཡུམ་མཚོ་ལ།།

མཇལ་ཏེ་བདེ་བ་དཔག་མེད་བྱུང་།།

གླང་ཆེན་ཁ་འབབ་ཆུ་ངོགས་ཀྱི།།

ས་ལ་འཆི་མེད་ཆུ་ཚན་བྱིན།།

རི་ལ་མཇའ་མཚོནའཇའ་ཚོནརྒྱན་འགྱུར་བའི།།

པྲེ་ཏ་བུ་རིའི་གནས་ལ་མཇལ།།

འཇིག་རྟེན་ཁམས་ཀྱི་གནས་ཆེན་ཏེ།།

རིགས་གསུམ་མགོན་པོ་རྣམ་ཐོས་སྲས།།

དགྲ་བཅོམ་ལྔ་བརྒྱའི་དཀྱིལ་འཁོར་གྱི།།

གངས་རིན་པོ་ཆེར་མཇལ་བ་ལས།།

ཛགའཛེགཔར་དཀའ་བའི་སྒྲོན་མ་རི།།

གངས་ཀྱི་རྩེ་རུའཛེགསཟིན་ནས།།

དཔག་མེད་དགའ་བ་སྙིང་ནས་བསྐྱེད།།

གནས་བཟང་སྟོབས་ཀྱིས་བདག་མེད་ཤར།།

བྱིན་རླབས་རྨད་དུ་བྱུང་བ་ཡི།།

ལོ་ནི་ལྕགས་བྱི༡༩༩༠ཟླ་དགུ་པ།།

ཆོས་བཟང་པོ་རུ་རང་བཞིན་གྱི།།

དཀྱིལ་འཁོར་མཇལ་ཞིང་འཁོར་ཟིན་ནས།།

སླར་ཡང་བྱང་ཐང་ཤར་ལ་འགྲོ།།

དཀོན་རྒྱུ་མཚོ་ཡི་ཆུ་ངོགས་དང་།།

དམར་མཚན་ཆུ་བོ་རྒལ་བ་དང་།།

རྐྱང་ཆུ་ཆེན་པོ་གཏོང་བ་ལས།།

བཅོམ་རྐུན་གྱིས་ནི་ཕྲོག་པ་དང་།།

ལྟོ་དང་མལ་སྟན་བཤོརཤོརབ་ལས།།

གངས་ལ་མཉལཉལནས་གངས་ནི་བཟའ།།

གངས་ཀྱིས་མིག་རྡུང་ཟུག་རྔུ་ཆེ།།

ལོང་གར་གྱུར་དང་ལྟོགས་པ་ལས།།

ལང་ང་ལོང་ངེར་འགྲོ་གྱུར་ཡང་།།

ལྷ་སར་འགྲོ་བའི་སྨོས་སེམས་ཀྱིས།།

སྙིང་རུས་ཆེན་པོས་འགྲོ་བྱས་ཀྱང་།།

ཞག་གསུམ་ཉིན་གསུམ་ལྟོ་མེད་པས།།

ལུས་སྟོབས་བཤོརཤོརཏེ་གཡབ་གཡབ་འགྲོ།།

གངས་ཀྱི་ཐང་དུ་སྒྱེལ་བ་དང་།།

ཡང་ཡང་སྒྱེལ་ཏེ་ལང་སྟེ་འགྲོ།།

དཀའ་བ་དཔག་མེད་མྱོང་བ་ལས།།

བྲག་དཀར་སྒོམ་ཆེན་མདུན་དུ་སླེབས།།

གཞན་སེམས་ཤེས་པའི་བློ་བཟང་པོས།།

ཇ་མར་ལྟོ་གོས་སྦྱིན་པ་ལས།།

འཆི་བ་དཀའ་བ་ཐར་ཟིན་ནས།།

སླར་ཡང་བྱང་ཐང་འབྲོག་སར་འགྲོ།།

སངས་རྒྱས་བདུན་གྱི་སྐྲསྒྲབདུན་གནས།།

མཇལ་ཏེ་སེང་གེའི་ལུང་ནི་འདས།།

གཙན་པོ་རྒལ་ཏེ་ལྷ་རྗེ་ནས།།

ས་སྐྱ་པཎ་ཆེན་དགོན་པ་རུ།།

པཎ་ཆེན་དེ་ལ་མཇལ་བ་དང་།།

ཆོས་ཀྱི་སྒྲ་ཆེན་ཐོས་པར་གྱུར།།

དེ་ནས་བཀྲ་ཤིས་ལྷུན་པོ་ཡི།།

དགོན་པར་མཇལ་ཏེ་ཟླ་ཕྱེད་ཙམ།།

དེར་བཞུགས་མཁས་པ་རྣམས་ལ་མཇལ།།

དམ་ཆོས་ཞུས་ཏེ་དེ་ལས་གཏོང་།།

དབྱིན་དགོན་གནས་ཀྱི་མཁས་པ་དང་།།

རིག་གནས་འཁོར་དུ་རྩོད་པར་བྱས།།

རོང་བྱམས་ཆེན་དང་ཙོང་ཁ་པས།།

བཞེངས་པའི་མ་ཎི་ལྷ་ཁང་མཇལ།།

རོང་རངས་པ་རུ་ཟླ་གསུམ་ཙམ།།

བཀའ་བསྒྱུར་ཀློག་ནས་སྡོདབསྡདཔ་དང་།།

ལྕགས་གླང་ལོ1901ལོཡི་ཟླ་གསུམ་པར།།

ལྷ་སར་སླེབས་ནས་ཇོ་བོ་མཇལ།།

རྒྱ་གར་འཁྲུངས་པའི་སྐུ་འདྲ་སྟེ།།

སྲོང་བཙན་སྒམ་པོ་ཆོས་རྒྱལ་གྱིས།།

རྒྱ་ཟབཟའལྷན་ཅིག་ཇོ་བོ་བཞེས།།

བོད་ཡུལ་བསྟན་པའི་གཞི་ལ་འདུད།།

དེ་ནས་སེ་རའི་དགོན་པ་རུ།།

སློབ་གཉེར་དོན་དུ་འཇུག་པ་དང་།།

དགེ་བཤེས་རྣམས་ལས་མཚན་ཉིད་བསླབས།།

དམ་ཆོས་སླབབསླབཔར་བཙོནབརྩོནཔར་བྱས།།

ལྔ་སྟོང་ལྔ་བརྒྱའི་དགེ་འདུན་གྱི།།

ནང་དུ་ཟབ་ཆོས་བསླབས་པ་ལས།།

རང་སེམས་རྟག་ཏུ་དགའ་བ་དང་།།

སྐལ་བཟང་དེ་ལ་ཐུགས་རྗེ་ཆེ།།

སེ་རའི་འདུན་ཁང་རིན་པོ་ཆེས།།

བྱང་ཆུབ་སེམས་བསྐྱེད་གནང་བ་དང་།།

དགའ་ལྡན་ཁྲི་ཡི་རིན་པོ་ཆེས།།

དགེ་ལུགས་སྙིང་གཏམ་གནང་བར་གྱུར།།

དགེ་འདུན་ངོ་ཤེས་ནད་པ་ལ།།

བདག་གིས་སྨན་རྣམས་སྦྱིན་པ་དང་།།

མྱུར་དུ་ན་ཚ་གསོས་པ་ལས།།

བདག་ལ་སྨན་པ་ཆེན་པོར་གྲགས།།

ལྷ་ས་གྲོང་ཆེན་ཤོད་རྣམས་ལས།།

ནད་པ་མང་པོ་འོངས་པ་དང་།།

སེ་རའི་ཨམ་ཆེ་ཞེས་བྱ་བར།།

མིང་ནི་ཆེན་པོར་གྱུར་བ་ལས།།

ཏཱ་ལའི་བླ་མ་རྒྱལ་བ་ཡི།།

བླ་སྨན་པ་དེ་ད་ལྟ་ཡི།།

སྤྱི་ཁྱབ་མཁན་པོར་འགྱུར་བ་དེས།།

ཉིན་ཅིག་བདག་ལ་ཟེར་བ་ལ།།

ཁྱེད་ནི་ཚེ་གཅིག་བོད་ཡུལ་དུ།།

སྨན་སྤྱོད་རྒྱ་ཆེར་བྱེདབྱསནས་ནི།།

སེམས་ཅན་མང་པོའི་ན་ཚ་དང་།།

ཟུག་རྔུ་སྡུག་བསྔལ་གྲོལ་བར་དགོས།།

དེ་ལ་བདག་གིས་ལན་འདབསབཏབཔ།།

ལུས་ནད་གྲོལ་བར་བྱེད་པ་ལས།།

སེམས་ནད་གྲོལ་བ་གཙོ་བོ་ཆེ།།

སངས་རྒྱས་ཆོས་སློབ་བདག་ཅག་ནི།།

ཆོས་ཀྱི་སྨན་གྱིས་ཕན་པར་བྱ།།

དེས་ན་བདག་ཉིད་རྒྱ་གར་འགྲོ།།

ཐེག་ཆེན་བྱུང་ཁུངས་ལེགས་སྦྱར་གྱི།།

སྐད་རྣམས་སླབ་ཏེ་སངས་རྒྱས་ཀྱི།།

དོན་དམ་ཆོས་ནི་བཤད་པར་བྱ།།

དེ་ནས་ཏཱ་ལའི་བླ་མ་ལ།།

ཐུགས་རྗེ་ཆེན་པོའི་དབང་ནི་ཞུ།།

ངོ་མཚར་གསང་སྔགས་གཏམ་ནི་ཐོས།།

བྱིན་རླབས་ཆེན་པོས་སེམས་གང་སྟེ།།

ཟླ་བ་བཅོ་ལྔ་ཙམ་འདས་པར།།

ད་དུང་བདག་གིས་ལྷ་ས་རུ།།

གནས་པར་འགྱུར་ན་བྱིན་བདག་དང་།།

གྲོགས་ལ་བར་ཆེད་ཆདའབྱུང་བར་འགྱུར།།

དེ་ནི་རྒྱུ་མཚན་གཞན་མེད་དེ།།

བདག་ལ་ཕྱི་གླིང་པ་ཡིན་པར།།

ཐེ་ཚོམ་ཟ་བའི་མི་བྱུང་བས།།

བོད་ཁྲིམས་དང་ནི་འགརའགལབ་དང་།།

དེས་ན་ཆུ་སྟག༡༩༠༢ལོཟླ་ལྔ་པར།།

ལྷ་ས་ནས་གཏོང་རྒྱལ་རྩེར་མཇལ།།

ཕག་རི་གྲོ་མོ་འདས་གྱུར་ནས།།

རྡོ་རྗེ་གླིང་དུ་སླར་ཡང་སླེབས།།

ས་རཏ་ཙན་དྲ་སྟོན་ཟླ་ཡི།།

ཁང་པར་གནས་ཤིང་འདས་པ་ལས།།

བདག་གི་རྐྱེན་གྱིས་སྡེ་གཞུང་ནས།།

སེ་རར་སྒོ་ཐེ་རྒྱབ་པ་དང་།།

བྱིན་བདག་བྱམས་པ་ཆོས་བཟང་དང་།།

བདག་གི་ངོ་ཤེས་མང་པོ་ནི།།

བཙོན་རར་ཇུགབཅུགནས་ཞིབ་ཚོད་བྱས།།

ཁྲིམས་གཏང་འགྱུར་བར་ཐོས་པ་ལས།།

བདག་ལ་སྡུག་བསྔལ་དཔག་མེད་བྱུང་།།

དེ་རྣམས་ཐར་བའི་ཐབས་བྱེད་དུ།།

རྒྱལ་བར་ཕྲན་ཡིག་ཕུལ་འདོད་པས།།

ཡམ་བུའི་ཡུལ་དུ་འགྲོ་བ་དང་།།

ཡུལ་དེའི་དབང་པོ་ཙན་དྲ་པས།།

བོད་ལ་ཡིག་དེ་གཏོང་བར་གནང་།།

བདག་ནི་ཕྱི་གླིང་པ་མིན་ཏེ།།

རྒྱ་གར་བ་མིན་ཇའ་པན་ནས།།

དམ་ཆོས་སྤྱད་པའི་དོན་ཁོ་ནར།།

བོད་ལ་སླེབས་པས་ངའི་རྐྱེན་གྱིས།།

ཁྱེད་ཀྱི་མི་རྣམས་སུ་ལ་ཡང་།།

ཁྲིམས་བཏང་དགོས་པའི་དོན་ནི་མེད།།

ཅེས་ཡེ་གེར་འཁོད་དེ་ཞུབ་དང་།།

མི་རྣམས་ཕལ་ཆེར་བཙོན་ར་ནས།།

ཐར་བར་ཐོས་ནས་ཇའ་པན་དུ།།

ཆུ་ཡོས་ཟླ་བ་ལྔ་པར་ལྡོག།

བྱང་ཆུབ་གནས་བཟང་བོད་ལ་མཇལ།།

འཆི་ཁར་ཐུག་པའི་དཀའ་མང་ཡང་།།

སངས་རྒྱས་ཐུགས་རྗེ་ཆེན་པོ་ཡིས།།

རྣམ་པར་ཐར་བས་ཐུགས་རྗེ་ཆེ།།
ལེའུ་གཉིས་པ།
༄༅༅།། ལོ་གཅིག་ཟླ་བ་བཞི་ཙམ་ནི།།

ཕ་ཡུལ་ཇའ་པན་དུ་གནས་ཏེ།།

བྱང་ཆུབ་གནས་བཟང་བོད་ཡུལ་དུ།།

མཇལ་བའི་རྣམ་ཐར་མི་ལ་བཤད།།

བདག་ཅག་ཡུལ་དུ་བོད་པར་གྱི།།

བཀའ་བསྒྱུར་བསྟན་བསྒྱུར་མེད་པ་དང་།།

ལེགས་སྦྱར་སྐད་ཀྱི་བཀའ་བསྟན་ཡང་།།

མེད་པས་དེ་རྣམས་གྲུབ་པ་དང་།།

ལེགས་སྦྱར་སྐད་དང་བོད་སྐད་རྣམས།།

ཡང་དག་བསླབ་པའི་དོན་གྱི་ཕྱིར།།

རྒྱ་གར་བལ་ཡུལ་བོད་ཡུལ་དུ།།

སླར་ཡང་འགྲོ་བར་སྨོས་གྱུར་ཏེ།།

ཤིང་འབྲུག༡༩༠༥ལོཟླ་བཅུར་ཇའ་པན་ནས།།

རྒྱ་ཡིག་བཀའ་བསྟན་དཔེ་ཆ་ཀུན།།

འཁུར་ཏེ་སྔར་ཁས་ལེན་པ་བཞིན།།

བལ་པོའི་ཡུལ་གྱི་དབང་པོར་ཕུལ།།

དབང་པོ་དེས་ཀྱང་ལེགས་སྦྱར་གྱི།།

བྲིས་མའི་དཔེ་རྣམས་གནང་བར་གྱུར།

ད་དུང་ཡུལ་དེར་ལེགས་སྦྱར་གྱི།།

བྲིས་དཔེ་གསགསབསགསནས་ཟླ་བརྒྱད་གནས།།

ཀལ་ཀཏྟའི་གྲོང་དང་བལ་ཡུལ་དང་།།

ཝ་ར་ན་ཤིའི་མཁས་རྣམས་ལ།།

ལོ་དགུ་ལྷག་ཙམ་ལེགས་སྦྱར་སྐད།།

བསྟན་པའི་དོན་དུ་བསླབས་པར་གྱུར།།

བསླབ་བྱ་དེ་ཡི་བར་མཚམས་སུ།།

སངས་རྒྱས་འཁྲུངས་ཡུལ་རྒྱ་གར་གྱི།།

བྱང་ཆུབ་གནས་བཟང་མང་པོར་མཇལ།།

སེར་སྐྱའི་གྲོང་དང་ལུམ་བཱིའི་ཚལ།།

རྒྱལ་པོའི་ཁབ་དང་སྨྱུག་མའི་ཚལ།།

ནཱ་ལན་ཌའི་དགོན་ཤུལ་དང་།།

ཨོ་ཏནྟ་པུ་རིའི་གནས་རྗེས་དང་།།

གནས་མཆོག་བྱ་རྒོད་ཕུང་པོའི་རི།།

དཀའ་ཐུབ་ལོ་དྲུག་མཛད་པའི་གནས།།

སྔར་གྱུར་མཚང་རྒྱ་བ་ཡི་ཕུག།

ན་ལན་ཛ་ནའི་ཆུ་ངོགས་ཀྱི།།

བྱང་ཆུབ་ཤིང་འོག་རྡོ་རྗེ་གདན།།

ཆོས་འཁོར་དང་པོར་འཁོར་བའི་ས།།

དྲང་སྲོང་ལྟུང་གནས་རི་དྭགས་ཚལ།།

ཆོས་ཀྱི་རྒྱལ་བུ་རྒྱལ་བྱེད་ཚལ།།

མགོན་མེད་ཟས་སྦྱིན་ཀུན་དགའ་ར།།

མྱ་ངན་འདས་གནས་རྩ་མཆོག་གྲོང་།།

གནས་རྣམས་མཇལ་ཏེ་སངས་རྒྱས་ཀྱི།།

བྱམས་པ་སྙིང་རྗེ་ཆེན་པོ་ཡིས།།

མཛད་པ་བཅུ་གཉིས་གནས་ལ་སྦྱར།།

དངོས་སུ་ཞབས་རྗེས་རེ་བཞིན་དུ།།

མཇལ་དུས་འགྲོ་ཀུན་བུ་བཞིན་དུ།།

གཅེས་པའི་ཐུགས་དང་མཚན་བཟང་སྒོམས།།

རང་དབང་མེད་པར་མིག་ཆུ་བབས།།

གཞན་ཡང་འོད་སྲུང་བྱ་རྐང་རི།།

ཆོས་སྡུད་གནས་དང་ཡངས་པ་ཅན།།

བཟང་བཟང་ཕུག་དང་ཁྲིམས་བཟང་གི།

གནས་རྣམས་མཇལ་ཏེ་ཡོད་པ་ལས།།

པཎ་ཆེན་བླ་མས་བཀའ་བསྟན་བསྒྱུར།།

གནང་བར་འགྱུར་བའི་གཏམ་ཐོས་ཏེ།།

ཇའ་པན་ཡུལ་ནས་རྒྱ་ཡིག་གི།

བཀའ་བསྟན་ལེན་ཏེ་དེ་རྣམས་ནི།།

བོད་ལ་ཟུར་དུ་བཏང་བ་དང་།།

བདག་གིས་བོད་དུ་འགྲོ་དགོས་ལ།།

རྒྱ་གར་ཡུལ་ནས་བོད་ཀྱི་ལམ།།

ཕྱི་གླིང་གཞུང་གིས་ཐམས་ཅད་བཀག།

སྔར་བཞི་བགྲོད་པར་མི་ནུས་པས།།

ཐབས་མེད་བཞིན་དུ་ཐབས་བྱས་ཏེ།།

ཁྲིམས་ལ་འགལ་བར་ཤེས་བཞིན་དུ།།

སངས་རྒྱས་བསྟན་པའི་དོན་གྱིས་པས།།

ཕྱི་གླིང་གཞུང་འོག་འབྲས་ལྗོངས་སུ།།

ཆུ་གླང་ཟླ་བ་བཅུ་གཉིས་པར།།

རྒྱ་གར་གཏོང་སྟེ་འགྲོ་བ་ལས།།

ཉིན་མོར་མཉལཉལནས་མཚན་མོར་འགྲོ།།

ཤིང་ནགས་རྨུནམུནནག་གཅན་ཟནགཟནགྱི།།

འཇིགས་ཁྲགསསྐྲགརྣམས་ཀྱང་ཐར་བ་དང་།།

རི་རྩེར་ཛགའཛེགསདང་ལུང་ལ་བབས།།

ཡང་ཡང་དེ་ལྟར་བྱས་པ་ལས།།

གངས་ཀྱིས་ཁེབས་པའི་རི་ཟུར་དང་།།

ནམ་མཁར་རེག་བཞིན་རི་རྩེ་ཡི།།

མེ་ཏོག་སྒེར་རར་སླེབས་པའི་ཚེ།།

ཁ་བ་ལ་ནི་མང་དུ་བབས།།

རླུང་ཆེན་གྱིས་ནི་རྡུང་བས་ན།།

ཡང་དང་ཡང་དུ་ཤི་ཁར་ཐུག།

བཅོམ་ལྡན་སྙིང་རྗེ་དྲོས་ཆེ་བས།།

ཁྱགའཁྱགནས་མ་ཤི་ཁམས་པ་ནས།།

གཞི་ག་རྩེགཞིས་ཀ་རྩེརུ་སླེབས་པ་དང་།།

པཎ་ཆེན་བླ་མར་བཀའ་བསྟན་ཕུལ།།

དེ་ནས་ཁོན་གྱིས་བཀའ་བསྒྱུར་དང་།།

བསྟན་བསྒྱུར་གསུང་འབུམ་གནང་བར་འགྱུར།།

ཟླ་བ་དྲུག་ཙམ་དེར་གནས་ཏེ།།

དཔེ་རྙིང་བྲིས་མ་མང་པོ་རྙེད།།

དེ་ནས་ལྷ་སར་འགྲོ་བ་དང་།།

ཏཱལའི་བླ་མ་རྒྱལ་བར་མཇལ།།

རྒྱལ་བས་ཇའ་པན་རྒྱལ་ཁམས་ཀྱི།།

སློབ་གྲྭ་ཆེན་པོར་བྲིས་མ་ཡི།།

བཀའ་བསྒྱུར་ཚང་པོ་གནང་བར་གྱུར།།

བདག་ལ་བྱིན་ཆེན་སྐུ་ཡང་གནང་།།

སྡོད་ན་གནས་ཚང་བཟང་པོ་དང་།།

འགྲོ་ན་རྟ་ཕོ་གནང་གྱུར་ཏེ།།

ཤིན་ཏུ་བདེ་བར་འདས་པ་ལས།།

ལེགས་སྦྱར་སྐད་ཀྱི་དཔེ་ཆ་རྣམས།།

ཚོལ་ཆེད་རྭ་སྒྲེང་དུ་སླེབས་ཀྱང་།།

དཔེ་དེ་གཅིག་ཀྱང་མ་མཐོང་བར།།

ཤིན་ཏུ་སྐྱོ་ནས་ལྡོག་ལམ་དུ།།

དགའ་ལྡན་དགེ་ལུགས་རྩ་བའི་གནས།།

རྗེ་ཙོང་ཁ་པའི་གསེར་གདུང་དུ།།

མཇལ་ནས་དགའ་བ་དཔག་མེད་ཐོབ།།

ཤིང་ཡོས༡༩༡༥ལོཟླ་བ་དང་པོ་ལ།།

ལྷ་ས་ནས་གཏོང་གཙན་དུ་སླེབས།།

ཁ་བ་ཆེན་པོ་རིར་འབབས་པས།།

འགྲོ་བར་མ་ནུས་ཟླ་གསུམ་འདས།།

ཡམ་བུའི་དབང་པོར་ལམ་ཡིག་ཞུ།།

འོན་ཀྱང་དེ་ནི་མ་གནང་བས།།

སླར་ཡང་འབྲས་ལྗོངས་ལམ་ལེན་ན།།

བཙོན་རར་འཇུག་འགྱུར་ངེས་ན་ཡང་།།

ཐབས་གཞན་མེད་པར་ལམ་དེར་འགྲོ།།

ཕྱི་གླིང་གཞུང་ནས་ལམ་དེ་ལ།།

ཤིན་ཏུ་དམ་པོར་བཀག་རྒྱུར་ཡང་།།

དཀའ་བ་ཆེན་པོས་ཐར་བར་གྱུར།།

ལོ་དེའི་ཟླ་བ་ལྔ་པ་ལ།།

རྡོ་རྗེ་གླིང་དུ་སླེབ་པར་གྱུར།།

དེར་གནས་ཕྱི་གླིང་གཞུང་པ་ཡིས།།

བདག་ནི་བཙོན་རར་འཇུག་བསམ་ཡང་།།

རྒྱ་གར་སྤྱི་ཁྱབ་དཔོན་ཆེན་གྱིས།།

གྲོགས་སེམས་ལས་ནི་གྲོལ་བར་གྱུར།།

བདག་གིས་དམ་ཆོས་སྤྱོད་པ་དང་།།

བཀའ་བསྟན་ཐུབ་པའི་དོན་ཕྱིར་དང་།།

ལེགས་སྦྱར་བོད་སྐད་བསླབ་ཕྱིར་དང་།།

བྱང་ཆུབ་གནས་བཟང་མཇལ་བ་ལ།།

བཀའདཀའབ་ཐམས་ཅད་རྣམ་ཐར་བས།།

བཅོམ་ལྡན་འདས་དང་རྒྱལ་བ་དང་།།

པཎ་ཆེན་བླ་མ་རྒྱ་གར་གྱི།།

སྤྱི་ཁྱབ་དཔོན་ལ་ཐུགས་རྗེ་ཆེ།།

ཇའ་པན་ཡུལ་གྱི་སྦྱིན་བདག་དང་།།

བཤེས་གཉེན་གྲོགས་ལོ་བཅོ་བརྒྱད།།

གནས་མཇལ་འགྲོ་སོང་ཀུན་སྦྱིན་ནས།།

ཆོས་སྤྱད་སྐྱོབས་ལ་ཐུགས་རྗེ་ཆེ།།

གཞན་ཡང་བོད་ལ་པར་ཡོད་པའི།།

གསུམ་འབུམ་ལོ་བརྒྱུད་རྒྱུསརིག་གནས་ཀྱི།།

དཔེ་ཆ་རྣམས་ཀྱང་ཉོ་ཚོགཚོངགནས།།

བོད་ནས་བཏང་བའི་ལམ་དུ་ཡོད།།

དམ་ཆོས་ཉི་མ་ཤར་བའི་ཡུལ།།

དེ་རྣམས་ཇའ་པན་དུ་འཁུར་ཏེ།།

འགྱུར་ཏེ་ཆོས་ཀྱི་མེ་ཏོག་ཤར།།

ཡང་དག་བྲསའབྲསབུ་སྨིངསྨིནཔར་ཤོག། །།

 

དེ་ཡང་བདག་སྟེ་ཇའ་པན་གྱི་དགེ་སློང་ཨེ་ཀའི་ཀ་ཝ་གུ་ཅི་སྟེ་ཤེས་རབ་རྒྱ་མཚོས་སླར་ཡང་བོད་ལ་འགྲོ་བ་དང་། ཤིང་ཡོས༡༩༡༥ལོལོའི་ཟླ་ལྔ་པར་བོད་ལས་གཏོང་སྟེ་འདིར་རྒྱ་གར་རྡོ་རྗེ་གླིང་དུ་སླེབས་ཏེ་སྡོད་པ་དང་། དེར་བདག་གིས་དང་པོར་བོད་སྐད་སླབ་པའི་འཁྲིད་དང་ཟླ་བོ་གནང་བའི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཤ་རཏ་ཙན་དྲ་རའི་བྷ་དོར་སྟེ་མཁས་ཆེན་སྟོན་ཁའི་ཟླ་བ་ནས་ཡང་དང་ཡང་དུ་ནན་ཏན་གྱིས་བྱང་ཆུབ་གནས་མཇལ་ཏེ་བོད་ལ་བགྲོད་པའི་རྣམ་ཐར་ཞེས་བྱ་བ་ཞིག་བྲིས་དགོས་པར་བསྐུལ་བས་རང་ལོ་ལྔ་བཅུ་པ་སྟེ་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་ལོ་ཕྱི་ཟླ་དྲུག་པ་ཚེས་བཅུ་གཉིས་སུ་རྡོ་རྗེ་གླིང་གི་ལྷ་ས་བྟིལ་རུ་ཨེ་ཀའི་ཀ་ཝ་གུ་ཅིས་བྲིས་པའོ།། ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག །   ཅེས་ལྷ་ལུང་བ་ངག་རྒྱམ་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་གློག་ཀླད་དུ་གཏགས་པའོ།།  སརྦ་མངྒལཾ།།

                                    

 

                      རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས།
 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།