རྭ་བསོད་ནམས་དབང་རྒྱལ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-03-11 07:23:38     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

ཁྲི་བསོད་ནམས་དབང་རྒྱལ་ནི་བཙན་པོ་སྣ་ཞེས་པ་ཆོས་འཁོར་དང་ཉེ་སར་མང་ངེ་ཞེས་པའི་རུས་སུ་རབ་བྱུང་བཅུ་གཉིས་པའི་མེ་རྟ་ལ་འཁྲུངས།

དབྱིག་གྱ་རབ་འབྱམས་པ་ངག་དབང་འཇམ་དབྱངས་ལས་རབ་ཏུ་བྱུང་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། སྡེ་ཁྲི་རིན་པོ་ཆེ་སོགས་ལས་བསྡུས་གྲྭ་བློ་རྟགས་ཕར་ཕྱིན་བཅས་ལ་སྦྱངས་པས་རྩོད་པ་ཐོགས་པ་མེད་པའི་སྙན་གྲགས་ཐོབ།

དེའི་རྗེས་ཡུལ་དབུས་སྒོ་མང་གི་ཚོས་གྲྭར་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་རྡོ་རུས་ཐུག་པ་མཛད་དེ་ལྷ་ལྡན་སྨོན་ལམ་དུ་བཀའ་པོད་ལྔའི་གྲྭ་སྐོར་མཛད་ཁྲི་ཆེན་ནམ་མཁའ་བཟང་བོའི་དྲུང་དུ་བསྙེན་པར་རྫོགས། ཀུན་མཁྱེན་འཇིགས་མེད་དབང་བོས་གདན་ཞུ་བཞིན་མདོ་སྨད་བཀྲ་ཤིས་འཁྱིལ་བར་ཕེབས།

དགུང་ལོ་ཞེ་བརྒྱད་པ་ཆུ་སྦྲུལ་ནས་མེ་བྱའི་བར་ཚོགས་ཆེན་གྱི་ཁྲིར་བཞུགས་ནས་བཤད་སྒྲུབ་ཀྱི་བྱ་བ་མེ་ལྟར་འབར་བར་གྱུར་པ་སོགས་ཆོས་སྲིད་ཀྱི་མཛད་པ་ཕྱོགས་ཀུན་ཏུ་རྒྱས་པར་མཛད།

རེ་བརྒྱད་པ་ཆུ་གླང་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། གསུང་རྩོམ་ལ་བསྡུས་གྲྭའི་རྣམ་བཞག་དང་། ལེགས་བཤད་སྙིང་བོའི་དཀའ་གནད་ཀྱི་ཟིན་བྲིས། འདུལ་བའི་སྤྱི་བསྟན་ལྗགས་ཞུས་ཀྱི་འཕྲོ་ཅན་སོགས་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།