༧སྟག་ཕུ་འཇམ་དཔལ་བསྟན་པའི་དངོས་གྲུབ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-22 07:54:28     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

མཚན་གཞན་པད་མ་བཛྲ་ནི་རབ་བྱུང་བཅོ་ལྔ་པའི་མེ་བྱི༡༨༧༦ལོར་སྐུ་འཁྲུངས།

དགུང་ལོ་བཅུ་གསུམ་ལ་འབྲས་སྤུངས་སུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་གནང་།

དགུང་ལོ་བཅུ་དགུ་ལ་ནགས་ཤོད་གདན་སར་ཕྱིར་ཕེབས། དགུང་ལོ་སུམ་ཅུ་ལ་དབུས་ཁུལ་དུ་གནས་མཇལ་ལ་བྱོན། དགུང་ལོ་སོ་དགུ་ལོར་སླར་ཡང་དབུས་རི་བོར་བསྐོར་བ་ལ་ཕེབས་ནས་མྱང་ཕུག་གུ་རུའི་གྲུབ་ཕུག་ལ་བཅད་རྒྱར་བཞུགས་སྐབས་ཚེས་ཉེར་ལྔ་ཉིན་མཁའ་འགྲོའི་བརྡ་ཡིག་གི་ཆར་ལན་གསུམ་བབས་ཏེ། གུ་རུ་ཡབ་ཡུམ་དང་རྗེ་འབངས་ཉེར་ལྔའི་ཞལ་གཟིགས་བྱུང་ཞེས་འཁོད་པ་དང་། དེ་རྗེས་ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་མཆོག་ལ་གསང་ཆོས་རྒྱ་ཅན་བཅུ་གསུམ་གྱི་དབང་ལུང་སོགས་གནང་།

དགུང་ལོ་ཞེ་གསུམ་སྐབས་གསང་རྫོང་ཨེ་ཝམ་ལྕོག་ཏུ་ཕེབས་སྐབས་བཤད་སྒྲ་སྲིད་བློན་དང་མཇལ། དགུང་ལོ་ཞེ་དྲུག་ལོར་གསང་སྔགས་དཔལ་གྱི་སྒྲུབ་སྡེ་གསར་བཞེངས་མཛད།

བཀའ་རྩོམ་ཡང་གར་གྱི་དབང་ཕྱུག་པའི་འཁྲུལ་འབྱམས་གསང་བའི་ལོ་རྒྱུས་རྒྱ་ཅན་སྐོརཞེས་པ་དང་།དཔལ་སྟག་ཕུའི་གསང་ཆོས་རྒྱ་ཅན་བཅུ་གསུམ་གྱི་སྨིན་བྱེད་དབང་ཆོག་ཆུ་འབབས་སུ་བཀོད་པ་དོན་གཉིས་འབྲས་བུས་བརྗིད་པའི་ཡོངས་འདུའི་དབང་པོཞེས་བྱ་བ། མཆོག་དམན་མགྲོན་ལ་བསང་དང་གསེར་སྐྱེམས་འབུལ་ཚུལ་དང་། འཕྲིན་བཅོལ། སྙན་དར་སྨོན་ཚིགསོགས་ཕྱོགས་གཅིག་ཏུ་བསྡེབས་པ་པོད་ཆུང་གཉིས་ཙམ་མཛད། དགུང་ལོ་ཞེ་བདུན་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི༡༩༢༢ལོར་སྐུ་གཤེགས།

དུང་དཀར་ཚིག་མཛོད་ལས་བཤུས

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།