ཕུར་ལྕོག་བྱམས་པ་རྒྱ་མཚོ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:47:56     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

རྗེ་འདི་ནི་ཁམས་རྫ་ཆུ་ཁར་ཏོག་གི་འབྲོག་པ་ཡབ་བྱམས་ཆོས་དང་ཡུམ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་བྱ་(༡༨༢༥)ལོར་སྐུ་འཁྲུངས།དགུང་ལོ་ལྔ་ལ་དབུས་སུ་གདན་དྲངས་ཏེ་ཕུར་ལྕོག་རི་ཁྲོད་དུ་བཞུགས། གནས་བླ་།མས་ཕྱག་བྲིས་དང་འདོན་བྱ་སོགས་ཀྱི་སྐུ་ཡོན་བསྒྲོན།དགུང་ལོ་བཅུ་ལ་སེ་ར་ཐེག་ཆེན་གླིང་བྱེས་པ་གྲྭ་ཚང་དུ་ཆོས་ཞུགས་མཛད།ལོ་དེར་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་དྲུང་དུ་གཙུག་པུད་ཕུལ།མཚན་བྱམས་པ་ཚུལ་ཁྲིམས་རྒྱ་མཚོ་ཞེས་བསྩལ།དེ་ནས་པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་དགེ་ཚུལ་བསྒྲུབས། ཡོངས་འཛིན་དགེ་བཤེས་གྲགས་པ་བརྩོན་འགྲུས་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོང་མཛད།དགུང་ལོ་བཅུ་བཞི་ལ་ཕར་ཕྱིན་ཚོགས་ལངས་གནང་།.དེའི་རྗེས་ཚོགས་ཆེན་དུ་སྔ་ཕྱི་ཐེངས་གསུམ་ཙམ་ཚོགས་ལངས་མཛད། དགུང་ལོ་ཉི་ཤུ་ལ་པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་བསྙེན་རྫོགས་བསྒྲུབས།

དགུང་ལོ་ཉེར་གཅིག་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་བཞེས། མདོ་སྔགས་ཀྱི་རིགས་པའམ་གཞུང་ལུགས་སྤྱི་ལ་མཁས་པའི་གོ་འཕང་རྙེད།

གསུང་ཆོསདགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་རྣམ་བཤདརིགས་ལམ་ཆེ་འབྲིང་གི་རྣམ་བཤདསྐྱབས་མགོན་རྒྱལ་བའི་དབང་པོ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཁྱེན་རབ་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐརསོགས་པོད་འབྲིང་གཉིས་ལྷག་བཀའ་རྩོམ་མཛད། དགུང་ལོ་སོ་བདུན་ལ་ཕེབས་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་གྱི་ཐུགས་འགན་བཞེས། དགུང་ལོ་ང་ལྔ་ལ་ཕེབས་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་ཡོངས་འཛིན་གནང་།

བསྙེན་རྫོགས་མཁན་སློབ་སྦྲགས་མ་དང་མདོ་སྔགསུཀྱི་དབང་ལུང་ཁྲིད་སོགས་ཆ་ཚང་འབུལ་བཞེས་མཛད། དགུང་ལོ་བདུན་བཅུ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ(༡༨༩༤)ལོར་སྐུ་གཤེགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།