བླ་བྲང་ཨེ་ཝཾ་ཆོས་འཁོར་གླིང་གི་གདན་རབས་བདུན་པ་རྗེ་ངག་དབང་ཕུན་ཚོགས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-05 17:25:57     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

       གདན་རབས་བདུན་པ་རབ་འབྱམས་སྨྲ་བ་ངག་དབང་ཕུན་ཚོགས་ནི། དགོན་པ་གསར་ཚུགས་ཀྱི་སྐབས་རྔ་བའི་ལས་མི་ཁ་ཤས་ཀྱིས་དགོན་པའི་ཉེ་འདབས་སུ་གྲོང་གཞི་བཟུང་བའི་མི་ཚང་ཞིག་ཏུ་རབ་བྱུང་བཅུ་གཉིས་པའི་མེ་སྟག་ལ་འཁྲུངས། ཆུང་ངུའི་དུས་ནས་དགོན་པར་མཚན་ཉིད་ཀྱི་སློབ་གཉེར་བར་མ་ཆད་པ་བྱས་པས་སྐྱབས་མགོན་རྡོ་རྗེ་འཆང་གིས། ས་ནག་ནང་ནས་ཙན་དན་སྐྱེས་གསུངས་ནས་རྡོ་རམས་པ་གནང་། ཕྱིན་ཆད་རྡོ་རམས་པ་སྔགས་གྲྭ་རེས་མོས་སུ་འགྲོ་དགོས་གསུངས་པ་ལྟར་ཨེ་ཝཾ་ཆོས་འཁོར་གླིང་དུ་ཕེབས། གྲྭ་ཚང་ཐོས་བསམ་གླིང་གི་དགེ་བསྐོས་ཀྱང་མཛད་པས་དཔོན་སློབ་ཡོངས་ཀྱི་ཐུགས་ཟིན་ངེས་བྱུང་། དུས་འཁོར་རྡོ་རྗེ་འཛིན་པ་ལོ་ཁ་ཤས་མཛད་དེ་ཁྲིར་ཕེབས། དེ་སྐབས་ཨ་རུ་ཧོར་ཆེན་རྟག་བརྟན་བཱེ་ལིས་མཆོད་གནས་ཀྱི་བླ་མ་ཞིག་དགོས་ཚུལ་ཞུས་པར་བརྟེན། སྐྱབས་མགོན་མཆོག་གི་བཀའ་ལྟར་དེ་ཕྱོགས་སུ་ཕེབས་ཏེ་ལོ་ཁ་ཤས་བཞུགས་ནས་མཛད་འཕྲིན་ཤིན་ཏུ་རྒྱས་པ་བྱུང་། སླར་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ་སྐྱབས་མགོན་མཆོག་གི་འདྲ་སྐུ་མི་ཚད་མ་ལོངས་ཙམ་ཞིག་འདུ་ཁང་དུ་འཇོག་པ་གནང་ཞིང་། གྲྭ་ཚང་སྤྱི་སྒེར་ཐམས་ཅད་རྙེད་པ་དང་བཀུར་སྟིས་ཡང་དག་པར་མཆོད་དེ་ཐུགས་དམ་གོང་འཕེལ་དུ་བཞུགས་པ་ལས་སླར་ཡང་རྟག་བརྟན་པཱེ་ལིས་ནན་གྱིས་སྤྱན་དྲངས་ཏེ་ད་ལྟ་དེ་ཕྱོགས་སུ་གཞན་ཕན་ཡར་ལྡན་དུ་བཞུགས་སོ།  

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།..

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025

 

 


བརྒྱུད་འགོད།