བླ་བྲང་ཨེ་ཝཾ་ཆོས་འཁོར་གླིང་གི་གདན་རབས་ལྔ་བ་རྗེ་བློ་བཟང་བཀྲ་ཤིས།

    སྤེལ་དུས།  2020-07-05 17:00:21         ཀློག་ཐེངས།  

 

 གདན་རབས་ལྔ་བ་ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོའི་སྤྲུལ་སྐུ་བློ་བཟང་བཀྲ་ཤིས་ནི་རྒྱུད་པ་དཔོན་སློབ་འཇམ་དབྱངས་དཔལ་ལྡན་པའི་སྐུ་ཚར་རབ་བྱུང་བཅུ་གཉིས་པའི་ཆུ་ཁྱིར་འཁྲུངས། ཁྱ་དགེ་དཔོན་སློབ་ཀྱི་སྤྲུལ་སྐུ་ཡིན་ཚུལ་སོགས་ཀྱི་གསུང་བྱོན་ཀྱང་དཔོན་སློབ་དེ་ཉིད་ནས་སྤྲུལ་སྐུ་གདན་དྲང་མི་ཆོག་གསུང་ཡོད་སྟབས་གདན་མ་དྲངས། བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་མཛད་ཅིང་འཛིན་ཤིན་ཏུ་བཟང་བས་གུང་ཚིགས་མང་ཇ་མ་འཚོགས་གོང་དུ་ཤོག་གུ་མདའ་ཚད་བཅོ་བརྒྱད་རེ་སྟར་ཆགས་སུ་འཛིན་པར་གྲྭ་ཐོག་གཅིག་པ་རྣམས་མགྲིན་གཅིག་ཏུ་གླེང་། སྐྱབས་མགོན་མཆོག་གི་དྲུང་དུ་ཡིག་ཆའི་ཕར་ཕྱིན་སྐབས་དང་པོ་ནས་བརྒྱད་པའི་བར་ཡོངས་རྫོགས། དབུ་མ་ལུང་རིགས་གཏེར་མཛོད་ཡོངས་རྫོགས། ཡིག་ཆའི་མཛོད་གནས་དང་པོ་ནས་བརྒྱད་པའི་བར་ཡོངས་རྫོགས་བཅས་ཀྱི་རྒྱུགས་ཕུལ། ཉིད་ཀྱི་ཁུ་བོ་བཀྲ་ཤིས་འཁྱིལ་གྱི་དགེ་བཞེས་ལུང་རིགས་དང་སྐད་བཟང་འཛོམས་པ་བསྟན་འཛིན་མགོ་ལེབ་ཏུ་གྲགས་པ་རྒྱ་མཁར་དགོན་གྱི་ཁྲི་བ་བཀའ་དྲིན་ཅན་ཡིན་སྟབས་གཙོས་རྒྱ་མཁར་སྒར་གྱི་ཁྲི་དང་། དེ་ནས་ཨུངྒེ་གྲྭ་ཚང་གི་ཁྲིར་ཡང་བཞུགས་ཞིང་། དུས་འཁོར་གྲྭ་ཚང་འདི་གར་རྡོ་རྗེ་འཛིན་པ་དང་འཆད་ཉན་པ་རྒྱུན་རིང་མཛད། འོག་ཏུ་འཆད་འགྱུར་ལྟར་རྡོ་རྗེའཛིན་པ་དོན་ཡོད་ཚུལ་ཁྲིམས་པ་དང་ཁོང་རྣམ་གཉིས་ཟུང་འབྲེལ་གྱི་མཛད་པས་གྲྭ་ཚང་ལ་ཕན་པའི་སྒོ་བཏོད། ཁྲི་ཟུར་བཞུགས་མཛད་ནས་ཆེར་མ་འགྱངས་པར་ཞེ་གསུམ་པ་ཤིང་འབྲུག་ལ་ཞི་ཡར་གཤེགས་སོ།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025པཎྜི་ཏ་དཀོན་མཆོག་རྒྱལ་མཚན།

དགེ་ལུགས་པའི་དྲ་བ

 

བརྒྱུད་འགོད།