བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་བཅོ་བརྒྱད་པ་རྗེ་ནམ་མཁའ་རྒྱལ་མཚན།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-05 12:55:04     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

           གདན་རབས་བཅོ་བརྒྱད་པ་དགེ་བཤེས་ནམ་མཁའ་རྒྱལ་མཚན་པ་ནི། རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་ལ་ཙ་ཡུའི་དཔོན་རྒྱུད་ཅིག་ཏུ་འཁྲུངས། བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་མཛད་པས་པོ་ཏི་ལྔ་ལ་གོ་བ་གཏིང་ཚུགས་པའི་དགེ་བཤེས་ཆེན་པོར་གྱུར། རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་གནང་ནས་རྒྱུད་ལ་ཕེབས་ཤིང་། བླ་མ་དབུ་མཛད་དང་ཁྲི་བ་གཉིས་ལོ་བཅུ་དྲུག་གི་རིང་མཛད། བླ་མ་དབུ་མཛད་པ་དགེ་བཤེས་ཆེན་པོ་ངག་དབང་ཚུལ་ཁྲིམས་པ་དང་ཁོང་རྣམ་གཉིས་ནས་ཁུར་ལེན་མཛད་དེ་སྐྱབས་མགོན་མཆོག་ལ་བདེ་མཆོག་གི་དབང་དང་། འགྲེལ་བ་བཞི་སྦྲགས་ཀྱི་གཟབ་བཤད་ཞུས་པ་དང་། གྲྭ་ཚང་ལ་བཅའ་ཡིག་ཞུ་བའང་མཛད། སྦས་དོན་ཀུན་གསལ་གྱི་བཤད་ལུང་སྙན་གསན་ཞུས་ཀྱང་བསྟན་པའི་གེགས་ཆག་བདོ་བས་གནང་རྒྱུ་མ་བྱུང་། ཁྲི་ཟུར་བཞུགས་མཛད་ནས་ཆེར་མ་འགྱངས་པར་དྲུག་ཅུ་བ་ལྕགས་ཁྱི་ལ་ཞི་བར་གཤེགས་སོ།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་ད   གེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                          དྲ་བའི་སྦྲེལ་ཐགhttp://www.tb1025


བརྒྱུད་འགོད།