བླ་བྲང རྒྱུད་སྨད་གྲྭ་ཚང་གི་གདན་རབས་བཅུ་བདུན་པ་རྗེ་དོན་གྲུབ་རྒྱ་མཚོ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-04 16:20:44     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

                   གདན་རབས་བཅུ་བདུན་པ་ཚོ་འདུ་སྤྲུལ་སྐུ་དོན་གྲུབ་རྒྱ་མཚོ་ནི། ཧོ་ཤོ་ཆིང་ཝང་གི་མདའ་ཚན་བཅུ་གཅིག་གི་ནང་ཚན་ཤ་བི་ནར་དུ་ཚོ་འདུའི་རིགས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་གླང་ལ་འཁྲུངས། རྒྱུད་པ་དཔོན་སློབ་ཚོ་འདུ་དགེ་འདུན་རྒྱལ་མཚན་གྱི་སྐུའི་སྐྱེ་བར་སྐྱབས་མགོན་མཆོག་ནས་ལུང་བསྟན། བཀྲ་ཤིས་འཁྱིལ་དུ་སློབ་གཉེར་དང་། བདེ་མོ་དགའ་ལྡན་ཆོས་འཁོར་གླིང་དུ་མཚན་ཉིད་ཀྱི་འཆད་ཉན་ལོ་མང་པོའི་བར་དུ་མཛད་པས་འཕྲིན་ལས་རྒྱས་པ་བྱུང་། དགོན་པར་རྒྱུད་ཀྱི་འཆད་ཉན་ལོ་ཁ་ཤས་མཛད་པའི་སྐབས་ནས་སྐུ་བསྙུང་སྟེ་དགོངས་པ་ཞུས་ནས་ཟུར་བཞུགས་མཛད། ཡང་བསྐྱར་དགའ་ལྡན་ཆོས་འཁོར་གླིང་དུ་ཕེབས་ཏེ་འཆད་ཉན་གྱི་མུར་ཞེ་གསུམ་པ་མེ་ལུག་ལ་དགོན་གནས་དེ་ཉིད་དུ་ཞི་བར་གཤེགས་སོ།

                            རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

           དྲ་བའི་སྦྲེལ་ཐགhttp://www.tb1025

 

བརྒྱུད་འགོད།