བྱ་ཁྱུང་མཁན་རབས་བརྒྱ་བཅུ་བ་ཆུ་བཟང་ནོ་མོན་ཧན་བློ་བཟང་བསྟན་པའི་དབང་ཕྱུག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 12:30:53     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་རྭ་ལོ་ཐང་།ལྕང་སྐྱ་བློ་བཟང་དཔལ་ལྡན་བསྟན་པའི་སྒྲོན་མེ་ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ་ཚར་འཁྲུངས། ཆོས་རྒྱུན་གྱི་གསན་རྒྱ་ཆེ།འདི་བ་མཁན་ཁྲིར་བཞུགས་སྒང་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མདཔལ་བཟང་པོ་རབ་རྒྱལ་མེ་བྱིའི་ཤོལ་ཟླ་གསུམ་པའི་གནམ་གང་ཉིན་བྱ་ཁྱུང་དུ་ཆིབས་ཁ་བསྒྱུར།ཉིན་བཞི་བཞུགས་པའི་རིང་ཚོགས་མང་ལ་ལམ་གཙོའི་ཁྲིད་གནང་།ཚོགས་ལངས་དང་དམ་བཅའ་ཚུགས་པ་ལ་གཟིགས་པ་བསྐྱངས།ཨ་ར་པ་ཙའི་སྒྲུབ་ཁང་ནས་འཇིགས་བྱེད་བདག་འཇུག་བཞེས་པ་དང་།གསེར་སྲང་བཅུ་གཉིས་དང་ཞོ་ལྔ་ལོངས་པའི་མཆོད་རྐོང་ཆེད་བསྒྲུབས་གནང་། འཆམ་གྱི་གཟིགས་མོ་ཕུལ།འདི་སྐབས་མདོ་བ་བེ་སི་རིན་པོ་ཆེ་བློ་བཟང་བསྟན་པ་རྒྱ་མཚོས་རང་གི་གཟིམ་ཁང་གཙོས་ཡོད་དགུ་ཕུལ་བར་དགྱེས་པའི་སྤྱན་རས་བཙས་ཚུལ་ཞིབ་པར་ཁོང་བའི་རྣམ་ཐར་དུ་བདག་གིས་བྲི ས་པ་ལྟར་ཡིན།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།