བྱ་ཁྱུང་མཁན་རབས་བརྒྱ་གསུམ་པ་རྩ་རིང་མོ་བློ་བཟང་བསམ་གཏན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 12:23:08     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

མཁན་རབས་བརྒྱ་གསུམ་པ་རྩ་རིང་མོ་བློ་བཟང་བསམ་གཏན།

མཁན་རབས་བརྒྱ་བཞི་བ་དོར་ཤུལ་ཆོས་རྗེ་རྒྱ་ནག་པ་སྙན་གྲགས་རྒྱ་མཚོ།

འཁྲུངས་ཡུལ་དོར་ཤུལ་ཁྱུང་གཤོག།ཨ་ལགས་གཅན་ཚ་བློ་བཟང་སྙན་གྲགས་རྒྱ་མཚོ་བླ་མར་བསྟེན།སྐུ་ཡོན་བཟང་།སོག་ཡུལ་དུ་ལན་གཉིས་ཕེབས།གསེར་གདུང་ཆེན་མོར་བཟང་གོས་ཀྱི་ན་བཟའ་དང་།གཞུང་ལ་འཆམ་ལྭ་དང་ཀ་འཕན་སོགས་སྤྱི་འཇོག་དང་།དགེ་འདུན་མང་ལ་བསྙེན་བཀུར་བཟབས།ཁྲི་ལ་བཞུགས་བཞིན་པར་སྐུ་བཤེགས།འདི་བ་ཁྲིར་བཞུགས་པའི་སྐབས་སུ་བདེ་ཡངས་དབོན་པོ་ཁོང་ངག་དབང་གིས་ཆེད་གཉེར་གྱིས་གདན་ཞུས་བགྱིས་པ་ལྟར་སྐུ་འབུམ་ཆེ་ཤོས་རིན་པོ་ཆེ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་དཔལ་བཟང་པོ་བྱ་ཁྱུང་དུ་ཕེབས་ནས།བདེ་ཡངས་སྤྲུལ་བའི་སྐུ་དབུར་བཞུགས་ཀྱི་ཚོགས་པ་ལ་སྒྲུབ་ཐབས་རིན་འབྱུང་བརྒྱ་རྩའི་རྗེས་གནང་གི་ཆོས་རྒྱུན་རྒྱ་ཆེར་སྩལ།ཡང་ཁོ་ཚེ་དགེ་འདུན་བསྟན་པ་ཕུན་ཚོགས་དཔལ་བཟང་པོ་ལ་གཞུང་གིས་ཞུས་ངོར་བདེ་ལམ་གྱི་ཁྲིད་རྒྱས་པ་དང་།བླ་ཕྱག་སྦྲགས་མའི་ཁྲིད།ཚེ་གཅིག་ཉམས་ལེན་གྱི་བཤད་ལུང་། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་།བྱམས་ཆོས་དང་རིགས་ཚོགས།རྗེ་བཙུན་དབུ་མའི་སྤྱི་དོན་དང་ཟུར་བཀོལ་ལུང་སོགས་སྔ་ཕྱིར་གནང་།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།