བྱ་ཁྱུང་མཁན་རབས་དོན་དགུ་བ་གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 11:34:34     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་ཙོང་ཆུའི་ཉེ་འགྲམ་ཨར་ཆ་ཞེས་པར་བར་ཡིད་ཤིང་སྦྲུལ་ལ་འཁྲུངས།རྗེ་གསེར་ཁང་བ་མཚོ་ཁྲི་ཤོར་རྒྱལ་མོའི་ནུབ་འགྲམ་མཚེར་བ་རིར་ཕེབས་སྐབས་དེར་མཇལ་དུ་ཕྱིན་ནས་དགེ་བསྙེན་བསྒྲུབས། གསེར་ཏོག་དགོན་དུ་གདན་སར་བཀོད། དགུང་ལོ་བདུན་པར་ཆུ་བཟང་དུ་ཕེབས་ནས་ཆུ་བཟང་རིན་པོ་ཆེ་བློ་བཟང་ཐུབ་བསྟན་རབ་རྒྱས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས།དེ་འཕྲལ་སྐུ་འབུམ་དུ་ཕེབས།ཉ་རྒྱ་ལྷ་རམས་པ་ཡོངས་འཛིན་ཏུ་བསྟེན།གཞུང་ལུགས་ལ་སྦྱངས།དགུང་ལོ་ཉི་ཤུ་བར་ཤིང་བཟའ་རིན་པོ་ཆེ་བློ་བཟང་བསྟན་པའི་དབང་ཕྱུག་ལས་བསྙེན་རྫོགས་བཞེས།རྗེ་ཞྭ་དམར་རིན་པོ་ཆེ་རྣམས་ལས་ཆོས་བཀའ་རྒྱ་ཆེར་གསན།སྐུ་འབུམ་གྱི་རྒྱུད་པ་དང་ཚོགས་ཆེན་གྱི་ཁྲི་བསྐྱངས།ཆོས་བཀའི་རྒྱུན་རྒྱ་ཆེར་སྤེལ།དགུང་ལོ་སོ་བདུན་པ་ལྕགས་སྦྲུལ་ས་གའི་བཅུ་གཅིག་ལ་བྱ་ཁྱུང་གི་ཁྲིར་བཞུགས།ལོ་གཅིག་ལྷག་གི་རིང་གཏོང་སྒོ་གང་ལེགས་དང་།གཞི་བྱེས་མང་བོར་ཀུན་རིག་གི་དབང་།བདེ་ལན་གྱི་ཁྲིད།སེམས་བསྐྱེད་མཆོད་པ་བཅས་གནང་།དགུང་ལོ་ང་དགུ་བ་ཆུ་ཡོས་ལོར་སྐུ་འབུམ་གདན་རབས་བརྩམས།ལོ་འདིར་ལྡེ་ཚའི་དགོན་དུ་མཚན་ཉིད་ཚུགས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།