བྱ་ཁྱུང་མཁན་རབས་དོན་བརྒྱད་པ་དར་ཚང་བློ་བཟང་རབ་རྒྱས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 11:32:23     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

ཚེར་ཕུག་ཏུ་རབ་ཡིད་ཆུ་རྟ་ལ་སྐུ་འཁྲུངས།ཡབ་རྗེ་གསེར་ཁང་བ་ལས་རབ་ཏུ་བྱུང་།བྱ་ཁྱུང་གི་ཆོས་གྲྭར་ཞུགས་ནས་ར་ཚ་བློ་བཟང་དཔལ་ལྡན་རྒྱ་མཚོ་དང་།ཨུ་ཤི་བྲག་དགེ་བཤེས་ཞབས་དྲུང་རྣམ་གཉིས་བསྟེན།གཞུང་གསར་རྫོགས་ནས་དབུས་སུ་ཕེབས།རྒྱལ་བ་མཁས་གྲུབ་རྒྱ་མཚོ་དང་ཚ་རྡོར་ཚང་རྣམ་གཉིས་ལ་མཇལ།སེར་བསམ་འོད་ཟེར་རྣམ་གསུམ་གྱི་ཡ་གྱལ་བྱང་ཆུབ་འོད་ཟེར་ཡོངས་འཛིན་ཏུ་བསྟེན།མདོ་སྨད་ནས་ཡབ་རྗེ་གསེར་ཁང་བ་རིན་པོ་ཆེ་དང་།རྗེ་ཐར་ཤུལ་རིན་པོ་ཆེ་བོད་དུ་ཕེབས་པའི་ཞལ་མཇལ།རྗེ་ཐར་ཤུལ་རིན་པོ་ཆེ་དང་ལྷན་དུ་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་བསྟན་པའི་ཉི་མར་མཇལ།དེ་ནས་རྗེ་ཐར་ཤུལ་རིན་པོ་ཆེ་དང་མཉམ་དུ་ཨ་མདོར་ཕེབས།བྱ་ཁྱུང་ནས་དབུ་ཕར་གྱི་དམ་བཅའ་བཞག།རྒྱུད་པའི་ཁྲི་སྐྱོང་སྐབས་རྗེ་ཐར་ཤུལ་རིན་པོ་ཆེ་ལས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་གསན་ནས་རྒྱུད་པའི་ཚོགས་མང་ལ་སྤེལ།ས་ཡོས་ལ་སེང་ཁྲིར་ཕེབས་ནས་ལོ་གསུམ་བསྐྱངས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།